[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>འཐུས་མི་ཚོཌ་ཆེན་ཐེངས་9པ།>དབུལ་སྒྲོལ་འགག་སྒྲོལ།
  • བོད་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི་གཡང་ལྷ་མོས།

    མང་ཚོགས་རྣམས་སྔ་ཙམ་དབུལ་སྒྲོལ་ཐུབ་པ་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བརྗོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-11-17

    དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ནི་དམངས་འཚོའི་འདུ་འགོད་ཨང་དང་པོ་ཡིན་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་འཐུས་མི་ཚོས་གྲོས་བསྡུར་ཚ་ཚ་འུར་འུར་བྱེད་པའི་གླེང་གཞི་ཞིག་ཏུའང་གྱུར་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི་གམ་པ་རྫོང་གམ་པ་གྲོང་རྡལ་སྨོན་སྡེ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གཡང་ལྷ་མོས་ཏང་དང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་འགོ་ཚུགས་ཚུན།གྲོང་ཚོའི་མང་ཚོགས་དབུལ་པོའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་སོང་ཞེས་བརྗོད་ཀྱི་འདུག

    གཡང་ལྷ་མོས་ཉེ་བའི་ལོ་ཤས་རིང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན། གྲོང་གསེབ་གསར་པ་འཛུགས་སྐྲུན་བཅས་བྱས་པ་བརྒྱུད། སྨོན་སྡེ་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་ནས་གྲོང་ཚོའི་གྲོང་མི་95%ཡན་གྱིས་སྡོད་ཁང་གསར་པ་བསྐྲུན་ཏེ་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་ཕྱིན་ཡོད། འདི་ལོ་ནས་བཟུང་། སྤེལ་འགོ་ཚུགས་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཐད། སྲིད་གཞུང་གིས་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་གཞན་སྒྱུར་སོགས་ཀྱི་བྱ་ཐབས་སྤྱད་ནས་མང་ཚོགས་ཚོའི་ཡོང་འབབ་མང་དུ་བཏང་སྟེ། མང་ཚོགས་རྣམས་དབུལ་སྒྲོལ་ཐུབ་པ་མ་ཟད། ད་དུང་ཕྱུག་པོའི་ལམ་ལ་སྐྱོད་ཐུབ་པ་བྱེད་རྒྱུའི་ཐད་བསམ་གཞིག་དེ་བས་མང་བ་བྱེད་ཀྱི་འདུག ད་ཆ་གྲོང་ཚོའི་མང་ཚོགས་ཁག་གཅིག་གིས་རྩལ་ནུས་གསར་པ་སྦྱངས་ནས་ཕྱིར་གླ་པར་བསྐྱོད་དེ་ཡོང་འབབ་མང་དུ་འགྲོ་ཐབས་བྱེད་པ་དང་། མང་ཚོགས་ལ་ལ་གྲོང་ཚོས་གཉེར་བའི་གམ་པའི་ལུག་གསོ་ཚགས་མཉམ་ལས་ཁང་དང་མི་རིགས་ལག་ཤེས་བཟོ་ལས་མཉམ་ལས་ཁང་ནང་ཞུགས་ནས་ཁྱིམ་གྱི་སྒོ་རྩར་འབབ་འཕར་ཕྱུག་འགྱུར་ཡོང་གི་ཡོད་ཅེས་གསར་འགོད་པར་བརྗོད་ཀྱི་འདུག 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།