[ English ] [ 中文 ]
0891-6325020
  • ཁོང་རྣམ་པས་བོད་ཀྱི“བྱང་སྒོ་ཆེ་མོ”ལེགས་པར་སྲུང་བཞིན་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-04

    1.jpg

    རང་ལྗོངས་ཀྱི“བྱང་སྒོ་ཆེ་མོར”གྲགས་པའི་ཨ་མདོ་རྫོང་གི་ཁོངས་སུ་མཚོ་བོད་གཞུང་ལམ་ཡོད་ལ། མཚོ་བོད་ལྕགས་ལམ་གྱི་ཨ་མདོའི་ས་ཚིགས་ཀྱང་ཡོད། མིག་སྔར་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཨ་མདོ་རྫོང་སྤྱི་བདེ་ཅུས་ཀྱིས་ཐབས་མང་མཉམ་སྤྱོད་ཀྱིས་སྨན་དོན་མི་སྣར་གཞོགས་འདེགས་བྱས་ཏེ། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཧུར་ཐག་བྱས་ནས “བྱང་སྒོ་ཆེ་མོ”བསྲུངས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་འགན་ལེན་བྱེད་བཞིན་ཡོད།

    2.jpg

    ཨ་མདོ་རྫོང་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཨ་མདོ་རྫོང་ནི་བོད་ཀྱི“བྱང་སྒོ་ཆེ་མོ”ཡིན་པས། བྲག་སྨུག་གི་སྤྱི་བདེ་ཞིབ་བཤེར་ས་ཚིགས་རིམ་པ་དང་པོ་དང་། 3433གྱི་ཞིབ་བཤེར་ས་ཚིགས། ཨ་མདོ་མེ་འཁོར་འབབ་ཚུགས་བཅས་སུ་ཞིབ་བཤེར་ས་ཚིགས་བཙུགས་པ་དང་ཆབས་ཅིག མགྱོགས་མྱུར་ཚ་བ་འཇལ་ཆས་དང་འགོག་སྲུང་གྱོན་གོས་སོགས་སྒྲིག་ཆས་སྤྲད་པ་མ་ཟད། སྨན་དོན་མི་སྣ་6བཀོད་སྒྲིག་བྱས་པ་རེད། ཆུ་ཚོད་24ཡི་རིང་མི་དམངས་ཉེན་རྟོག་པས་སྨན་དོན་མི་སྣར་གཞོགས་འདེགས་ཧུར་ཐག་བྱས་ཏེ་བོད་ནས་འགྲོ་འོང་བྱེད་མཁན་ལ་འགྲོ་འོང་བྱེད་པའི་རྒྱུ་རྐྱེན་དང་། ཡོང་ས་གང་དང་སྐྱོད་ས་ཅི་ཡིན་འདྲི་རྩད་ཞིབ་ཚགས་སྒོས་དུས་ཐོག་ཏུ་ཐོ་རྒྱག་པ་མ་ཟད།  དུས་བཀག་ལྟར་ལས་རེས་སོ་ལྟ་ཁང་ལ་དུག་སེལ་དང་། ལམ་རྒྱུད་ཁ་ལོ་བར་རིམས་ནད་འགོག་སྲུང་བྱེད་ཐབས་སྒྲོག་འགྲེལ་ཡང་བྱེད་ཀྱི་ཡོད།

    3.jpg

    རྫོང་གྲོང་གི་མངགས་གཏོང་ཁང་དང་ཉེན་དོན་ས་ཚིགས་ཁག་གིས་ཁོངས་གཏོགས་ཁུལ་གྱི་ཕྱོགས་མིའི་ཆ་འཕྲིན་དུས་ཐོག་ཏུ་གྲལ་བཤེར་དང་ཆབས་ཅིག ཁོངས་གཏོགས་ཁུལ་གྱི་མགྲོན་ཁང་ངམ་ཨར་ཁང་དང་མཉམ་སྒུལ་མཉམ་འགོག་གི་ལས་ཀའི་ལམ་སྲོལ་ལག་ལེན་བསྟར་ཏེ་ཡུལ་གཞན་གྱི་མི་ཞག་སྡོད་བྱེད་པའི་ཆ་འཕྲིན་འཕྲལ་དུ་མི་དམངས་ཉེན་རྟོག་པར་སྙན་སེང་ཞུ་རུ་བཅུག་པ་དང་། ཐེམ་ཁུངས་རིམས་ནད་ཐོན་མང་བའི་ཁུལ་ནས་ཡིན་པའི་མང་ཚོགས་ལ་མི་དམངས་ཉེན་རྟོག་པས་འཕྲལ་དུ་སྨན་དོན་མི་སྣ་དང་མཉམ་དུ་ཞིབ་བཤེར་དང་དུས་བཀག་ལྟར་བསྐྱར་འདྲི་བྱེད་པ་མ་ཟད། ཆེད་དམིགས་མི་སྣར་ཚན་རིག་དང་མཐུན་ཞིང་གོ་ཆོད་པའི་ལོགས་སུ་འཇོག་ཐབས་ཀྱང་སྤྱད་ཡོད།

    4.jpg

    ཉེན་དོན་ས་ཚིགས་ཁག་དང་། མངགས་གཏོང་ཁང་ཁག ཞིབ་བཤེར་ས་ཚིགས་ཁག་བཅས་སུ་རིམས་ནད་སྔོན་འགོག་དང་ཞིབ་བཤེར་གྱི་ལས་དོན་སྤེལ་བ་དང་ཆབས་ཅིག གྲོང་ཚོ་དང་དུད་ཚང་དུ་སྐྱོད་ཅིང་། སྐད་འཕྲིན་ཚོགས་པ་དང་ལས་ཡུལ་དངོས་སུ་དྲིལ་བསྒྲགས་དཔྱད་ཡིག་སྐུར་བའམ་སྤྲོད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས། མང་ཚོགས་ལ་ད་ཐེངས་ཀྱི་རིམས་ནད་ཀྱི་ཁྱད་ཆོས་དང་། ཉེན་ཁ་ཆེ་ཆུང་། འགོག་སྲུང་བྱེད་ཐབས། དོ་སྣང་བྱེད་སྟངས་བཅས་གསལ་འགྲེལ་ཞིབ་ཚགས་བྱས་ཡོད། མང་ཚོགས་ལ་འཐབ་ས་དང་པོའི་རིམས་ནད་ཀྱི་གནས་ཚུལ་ལ་དོ་ཁུར་བྱས་ནས་འགོག་སྲུང་གི་ལས་དོན་ཡག་པོ་སྒྲུབ་པ་ལས། དཀྲོག་གཏམ་མི་བཟོ་བ་དང་དཀྲོག་གཏམ་མི་སྤེལ་བར་མི་དམངས་ཉེན་རྟོག་པ་དང་སྨན་དོན་མི་སྣར་གཞོགས་འདེགས་ཧུར་ཐག་བྱས་ཏེ་རིམས་ནད་སྔོན་འགོག་གི་ལས་དོན་སྤེལ་དགོས་པའི་སྐུལ་ལྕག་བྱས་ཡོད།

    5.jpg


    6.jpg


    7.jpg


    8.jpg


    9.jpg


    10.jpg


    11.jpg

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།