[ English ] [ 中文 ]
0891-6325020
  • ལྷ་ས་འགག་སྒོས་རྒྱལ་ཁོངས་སུ་འཛུལ་བའི་བོད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཁག་དང་པོར་མགྱོགས་མྱུར་ཞིབ་བཤེར་བྱས་ནས་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-04

    703879_yis_1580708022107_s.jpg

    ཟླ་1ཚེས་29ཉིན། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་སྤྱོད་པའི་རྒྱལ་ཁོངས་སུ་འཛུལ་བའི་བོད་ཀྱི་འཕྲལ་སྡོམ་དངོས་ཟོག་ལྷ་ས་གོང་དཀར་གནམ་ཐང་དུ་འབྱོར་བ་དང་། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་ཆེད། ལྷ་ས་འགག་སྒོའི་ལས་ཡུལ་དངོས་ཀྱི་ལས་རེས་མི་སྣས་དངོས་ཟོག་ལ་ཞིབ་བཤེར་བྱས་རྗེས། “སྔོན་ལ་ཐོ་འགོད་བྱས་ནས་དངོས་ཟོག་གཏོང་བ་དང་རྗེས་སུ་འགག་སྒོ་སྒྲོལ་བའི་འགྲོ་ལུགས་གཉེར་བའི”བྱེད་ཐབས་མགྱོགས་མྱུར་སྤྱད་དེ། དངོས་ཟོག་དེ་རིགས་གང་མགྱོགས་སྤྲོད་ཐུབ་པར་མཐུན་སྦྱོར་བྱས་ནས། སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་འགག་སྒོ་སྒྲོལ་བར“དུས་ཚོད་འགོར་འགྱངས་མེད་པའི”འགན་ལེན་བྱས་ཤིང་། ཐེངས་འདིའི་དངོས་ཟོག་ནང་N95ཁ་རས་2700དང་། ཕྱི་བཅོས་ཚན་ཁག་གི་ཁ་རས་ཁྲི་1.2 མིག་ཤེལ་300བཅས་ཚུད་པ་དེ་དག་བོད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་སྐྱེལ་རྒྱུ་རེད། འདི་ནི་ལྷ་ས་འགག་སྒོའི་ལས་དོན་མི་སྣས་རྒྱལ་ཁོངས་སུ་འཛུལ་བའི་བོད་ཀྱི་འཕྲལ་སྡོམ་དངོས་ཟོག་ལ་ཞིབ་དཔྱད་དང་ཐོ་འགོད་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།