[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་༦༥འཁོར་བ།>འཕེལ་རྒྱས་ཀྱི་གྲུབ་འབྲས།
  • བོད་ནས་ཧྲན་ཏུང་བར་གྱི་མཁའ་འགྲུལ་ལམ་ཐིག་ཐོག་མ་དེ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2015-04-03

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་30ཉིན་ཆེད་གཏོང་གློག་འཕྲིན་འབྱོར་གསལ། ཉེ་ཆར་བོད་ནས་ཧྲན་ཏུང་བར་གྱི་མཁའ་འགྲུལ་ལམ་ཐིག་དངོས་སུ་ཤར་གཏོང་ཐུབ་ནས་དབྱར་སྟོན་རིང་གི་དུས་གཏན་གནམ་གྲུ་འཕུར་བའི་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པ་རེད།

    ཤེས་རྟོཌ་བྱུང་བར་གཞིགས་ན། གསར་དུ་ཤར་གཏོང་ཐུབ་པའི་བོད་ཀྱི་ཉིང་ཁྲི་ནས་ཁྲུང་ཆིང་བརྒྱུད་ཧྲན་ཏུང་ཆིང་ཏའོ་བར་གྱི་མཁའ་ལམ་ཉིན་རེར་ལན་གྲངས་གཅིག་ལས་མེད་པ་དང་ཕར་འགྲོ་སྐབས་ཉིང་ཁྲི་ནས་དུས་ཚོད་ཆུ་ཚོད་9དང་སྐར་མ་35ཡི་ཐོག་འཕུར་གྱི་ཡོད་པ་དང་ཆུ་ཚོད་15དང་སྐར་མ་15ཡི་ཐོག་ཆིང་ཏའོ་རུ་འབྱོར་གྱི་ཡོད། ཚུར་ཡོང་སྐབས་ཆུ་ཚོད་16དང་སྐར་མ་20ཡི་ཐོག་ཆིང་ཏའོ་ནས་འཕུར་བ་དང་། ཆུ་ཚོད་18དང་སྐར་མ་45ཐོག་ཁྲུང་ཆིང་དུ་འབྱོར་བ། དེ་ནས་ཉིན་གཉིས་པའི་ཆུ་ཚོད་6དང་སྐར་མ་35ཡི་ཐོག་ཁྲུང་ཆིང་ནས་འཕུར་བ་དང་ཆུ་ཚོད་8དང་སྐར་མ་55ཐོག་ཉིང་ཁྲིར་འབྱོར་གྱི་ཡོད།

    བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སིའི་ཁྲོམ་རའི་ཚོང་གཉེར་པུའི་འགན་འཁུར་བས་བོད་ལྗོངས་མཁའ་འགྲུལ་གྱིས་གསར་དུ་ཤར་གཏོང་བྱས་པའི་མཁའ་ལམ་དེ་ཁྲོམ་རའི་ཐོག་གི་མཁའ་ལམ་རྐྱང་པ་དེ་ཡིན། ཆིང་ཏའོ་ནི་རང་རྒྱལ་གྱི་ཤར་རྒྱུད་ཀྱི་གྲགས་ཅན་མཚོ་འགྲམ་གྲོང་ཁྱེར་དང་ཡུལ་སྐོར་གནས་མཆོག་ཡིན་པས་མཁའ་ལམ་དེ་ཤར་གཏོང་བྱས་པ་དེས་ས་གནས་གཉིས་པོའི་དམངས་ཚོགས་ལ་ཡིད་དབང་འཕྲོག་ཤུགས་ཧ་ཅང་ཆེན་པོ་ཆགས་ནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་གསབ་རེས་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།