[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>དགོངས་དོན་གསལ་འགྲེལ།
  • དུས་རབས་གསར་པར་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལེའུ་གསར་པ་རྩོམ་དགོས།

    (ལེ་ཚན་གོང་མར་མཐུད)

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-12

    གནད་སྨིན་གཏན་འཁེལ།

    གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་གྱི“གོམ་སྟབས་གསུམ་ལ་ཕྱེ་ནས་སྐྱོད་པའི”དུས་ཚོད་རེའུ་མིག་ཁ་གསལ་བཟོས་པ།

    ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་དམིཌ་ཚད་དང་ལས་འགན་གསལ་སྟོན་བྱས་པ་སྟེ།

    ——2020ལོར་སླེབས་སྐབས་གྲོང་གསེབ་དར་རྒྱས་ཐད་འཕེལ་རྒྱས་གལ་ཆེན་ཡོང་བ་བྱས་ནས་ལམ་ལུགས་ཀྱི་སྒྲིག་གཞི་དང་སྲིད་ཇུས་ཀྱི་མ་ལག་སྤྱིར་ན་ཆགས་པ་བྱ་རྒྱུ་དང་།

    ——2035ལོར་སླེབས་སྐབས། གྲོང་གསེབ་དར་རྒྱས་ཐད་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་བྱས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་སྤྱིར་ན་མངོན་འགྱུར་ཡོང་བ་བྱ་རྒྱུ།

    ——2050ལོར་སླེབས་སྐབས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བ་བྱས་ནས། ཞིང་ལས་སྟོབས་ཆེན་དང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པོ་བཅས་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་བཅས་ཡིན།

    ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གྲོང་གསེབ་འཕེལ་རྒྱས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལི་གོ་ཤང་གིས་དུས་མཚམས་གསུམ་གྱི་དམིགས་ཚད་ལ་གོ་བ་ལེན་ཚུལ་ནི།

    འཕེལ་རྒྱས་གལ་ཆེན་ནི་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་སྒྲིག་གཞི་དང་ལམ་སྲོལ་བཙུགས་ནས་གྲོང་གསེབ་ཤེས་དཔལ་དང་། སྤྱི་ཚོགས་བཅོས་སྐྱོང་། ཐོན་ལས་འཕེལ་རྒྱས་སོགས་ཀྱི་གྲུབ་འབྲས་རགས་ཙམ་མངོན་པ་དང་།

    ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ནི་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་སྒྲིག་གཞི་དང་ལམ་སྲོལ་སྔར་བས་མཐུན་སྦྱོར་ཡོང་བ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྒྱུ་འཁོར་སྐྱོད་ཀྱི་འགོག་རྐྱེན་ཕྱོགས་ཡོངས་ནས་མེད་པ་བཟོ་རྒྱུ།

    ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་ཧྲིལ་པོ་དར་རྒྱས་ཀྱི་སྒྲིག་གཞི་དང་ལམ་སྲོལ། སྲིད་ཇུས་བཅས་ཚང་མ་འཐུས་ཚང་གང་འཚམ་ཡོང་བ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་དབར་མཉམ་འགུལ་ཡག་པོ་ཡོང་བ་དང་ཕན་ཚུན་སྐུལ་འདེད་བཏང་སྟེ་ཀྲུང་གོའི“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཐུབ་པ་བྱ་རྒྱུ་བཅས་རེད།

    “ལམ་བུ་བདུན”

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་འགྲོ་ལམ་ཐོག་འདི་ལྟར་སྐྱོད་དགོས་པ།

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་རྒྱས་ལམ་བུའི་ཐོག་ཇི་ལྟར་སྐྱོད་དགོས་སམ་ཞེ་ན། ཚོགས་འདུའི་ཐོག་“ལམ་བུ་བདུན”བཏོན་ཡོད་པ་སྟེ།

    —— ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་སླར་ཡང་ཡག་པོ་བཙུགས་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་པ་དང་།

    —— ངེས་པར་དུ་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་བརྟན་དུ་དང་འཐུས་སྒོ་ཚང་དུ་བཏང་ནས་ཐུན་མོང་ཐོག་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་དགོས་པ།

    ——ངེས་པར་དུ་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་དུ་བཏང་ནས་སྤུས་ཚད་འགན་ལེན་གྱིས་ཞིང་ལས་དར་རྒྱས་གཏོང་བའི་ལམ་བུའི་ཐོག་སྐྱོད་དགོས་པ།

    —— ངེས་པར་དུ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་གསེབ་ཀྱི་ལྗང་མདོག་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་དགོས་པ།

    —— ངེས་པར་དུ་སོ་ནམ་གྱི་ཤེས་དཔལ་རྒྱུན་འཛིན་དང་། འཕེལ་རྒྱས། ལེགས་སུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་རིག་གནས་དར་རྒྱས་ཀྱི་ལམ་བུར་སྐྱོད་དགོས།

    —— ངེས་པར་དུ་གྲོང་གསེབ་བཅོས་སྐྱོང་མ་ལག་གསར་གཏོད་བྱས་ཏེ་གྲོང་གསེབ་ལེགས་བཅོས་ཀྱི་ལམ་བུར་སྐྱོད་དགོས།

    —— ངེས་པར་དུ་གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་པོ་སེལ་བའི་ལམ་བུར་སྐྱོད་དགོས།

    དེའི་ཐད་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཁྲེན་མོང་ཧྲན་གྱིས“ལྗང་མདོག་གསུམ”མངོན་འགྱུར་ཐུབ་པ་བྱེད་དགོས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་ཞིང་ལས་ཐོན་ལས་གྲུབ་ཆ་བཙུགས་ཏེ་ལྗང་མདོག་གི་སྤུས་ལེགས་ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་མང་དུ་གཏོང་བ་དང་། ལྗང་མདོག་འཕེལ་རྒྱས་ཀྱི་ཚན་རྩལ་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚན་རྩལ་ལ་བརྟེན་ནས་ཞིང་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་སྲིད་ཇུས་རྒྱབ་སྐྱོར་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ཞིང་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་གསབ་སྲིད་ཇུས་མ་ལག་འཛུགས་པ་བཅས་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

    ཐུང་ཅི་སློབ་ཆེན་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཁྲེང་གོ་ཆང་གིས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་བསྐྱར་འཛུགས་བྱེད་པའི་ཐད་རང་ཉིད་ཀྱི་མྱོང་ཚོར་གླེང་བ་སྟེ། “དེ་ཐོག་ནས་སླད་ཕྱིན་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཏོང་རིང་། གྲོང་ཁྱེར་དང་གྲོང་གསེབ་སྣ་གཉིས་ཅན་གྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་བཀག་རྒྱ་མེད་པར་བཟོས་ཏེ་ཐོན་ཁུངས་ཀྱི་གཞི་རྒྱུ་ཕྱོགས་གཉིས་ཀར་སྤྱོད་ཐུབ་པ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་གཏོང་དགོས་པ་མཚོན་གྱི་ཡོད”ཅེས་བརྗོད།

    དེ་དང་ཆབས་ཅིག ཁོང་གིས་ཚོགས་འདུའི་ཐོག་གྲོང་གསེབ་བཅོས་སྐྱོང་མ་ལག་གསར་གཏོད་བྱས་ཏེ་གྲོང་གསེབ་བཅོས་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དང་འབྲེལ་བའི་མཐོ་ཚད་དུ་སླེབས་པ་བྱེད་དགོས་པའི་ནན་བཤད་བྱས་ནས་གྲོང་གསེབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་པའི་བླང་བྱ་གསར་པའང་བཏོན་ཡོད་ཅེས་བརྗོད་ཀྱི་འདུག

                                                                                                                       (མུ་མཐུད་འགོད་རྒྱུ)

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།