[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>སློབ་སྦྱོང་དང་ལག་བསྟར།
  • བོད་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་པ།

    རྣམ་པ་གསར་པ་དང་བྱ་སྤྱོད་གསར་པར་བརྟེན་ནས་དུས་རབས་གསར་པ་བསུ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-11

     ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་པ་མ་ཟད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རང་ལྗོངས་སུ་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་ཡང་བྱས་ཡོད་པ་རེད།

    འཐབ་ཕྱོགས་དང་པོའི་དགེ་རྒན་ཞིག་གི་ངོས་ནས“དེ་སྔའི་སློབ་ཁང་དང་ཉལ་ཁང་ཐོག་གཅིག་མ་སྟར་པ་རེ་རེ་ནས་ད་ཆའི་ཐོག་བརྩེགས་ཅན་གྱི་སློབ་ཁང་དང་ཉལ་ཁང་རེ་རེ་བར་དང་། དེ་སྔའི་ས་སྨྱུག་དང་ཨར་འདམ་ནག་པང་རེ་ནས་ད་ཆའི་བརྒྱུད་ལམ་སྣེ་མང་གཞི་གཅིག་ཅན་གྱི་སློབ་ཁྲིད་སྒྲིག་ཆས་བར། དེ་སྔའི་ལག་རྡུང་དྲིལ་བརྡ་ནས་ད་ཆའི་ནུས་མང་རླུང་འཕྲིན་བརྙན་འཕྲིན་མ་ལག་སྒྲིག་ཆས་བར་སོགས་ལ་མྱོང་ཚོར་ཟབ་མོ་བྱུང་། ‘དམངས་འཚོར་ཁེ་ཕན་མང་ཙམ་བསྐྲུན་རྒྱུ་དང་དམངས་འཚོའི་སེམས་ཁྲལ་མང་ཙམ་སེལ་རྒྱུ’ནི་ང་ཚོ་སློབ་གསོའི་འཐབ་ཕྱོགས་ལས་དོན་པའི་འགན་འཁྲི་ཞིག་ཡིན”ཞེས་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་དང་སློབ་གསོ་ཐིང་གི“མི་བརྒྱའི་སྒྲོག་འགྲེལ་ཚོགས་པའི”ཁོངས་མི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་པ་སྒྲོན་གྱིས་ལྷ་ས་སློབ་འབྲིང་དུ་སྒྲོག་འགྲེལ་བྱེད་སྐབས་དེ་ལྟར་བཤད། ཉེ་ཆར། རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་དང་སློབ་གསོ་ཐིང་གིས་བཙུགས་པའི“མི་བརྒྱའི་སྒྲོག་འགྲེལ་ཚོགས་པས”སློབ་གྲྭར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་གྲྭར་ཁྱབ་པ་དང་། སློབ་དེབ་ནང་འཁོད་པ། དགེ་སློབ་ཀྱི་སེམས་སུ་ཟུག་པ་བཅས་ལ་སྔར་བས་སྐུལ་འདེད་བཏང་ཡོད་པ་རེད།

    ཚན་རྩལ་ལས་དོན་པའི་བསམ་བློ་དང་བྱ་སྤྱོད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་ཚན་རྩལ་མཐུན་ཚོགས་ཀྱིས“ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་རིག་གཞུང་ལྷན་ཚོགས་ཀྱི་དྲུང་ཆེའི་མཉམ་འབྲེལ་གྲོས་ཚོགས”འཚོགས་ཏེ་ཚོགས་འདུའི་ཐོག་ཚན་རྩལ་ལ་བརྟེན་ནས་བོད་ལྗོངས་དར་རྒྱས་གཏོང་བ་དང་ཤེས་ལྡན་པར་བརྟེན་ནས་རང་ལྗོངས་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལ་དམ་པོར་དམིགས་ཏེ་ཚན་རྩལ་མཐུན་ཚོགས་ལས་དོན་པའི་བློ་གྲོས་ཀྱི་ལེགས་ཆ་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ནུས་འདོན་སྤེལ་བྱས་ཏེ་ལས་ཀ་དོན་གཉེར་གྱིས་བྱས་རྗེས་ཧུར་ཐག་འཇོག་དགོས་པའི་བླང་བྱ་བཏོན་པ་རེད།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མི་སེམས་སུ་ཟུག་པར་སྐུལ་འདེད་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་པའི་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་སྒྲོག་འགྲེལ་པའི་ཁོངས་མིར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ལས་དོན་གྱི་ཡིད་དབང་འགུག་ཤུགས་དང་མི་སེམས་འཕྲོག་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་གཅིག་སྡུད་ཐོག་སྒྲོག་འགྲེལ་བྱེད་སྐབས་ཕྱོགས་ཡོངས་དང་། གནད་འཁེལ། གཙོད་གནད་འབུར་ཐོན་བཅས་བྱས་ནས་ཆ་ཤས་ཙམ་བརྗོད་པ་དང་སྟབས་བདེའི་ངང་བརྗོད་པའི་སྣང་ཚུལ་མི་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་རིག་གནས(རིག་དངོས)ཅུས་སུ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་འཕྱུར་ནས་ཏང་ཡོན་ལས་བྱེད་པར་གཅིག་སྡུད་ཐོག་སློབ་སྦྱོང་བྱེད་པ་དང་དུས་མཚུངས་རང་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་དོན་ནན་ཏན་ངང་བཤུས་ནས་དེའི་ཁྲོད་ཀྱི་དོན་སྙིང་དང་དགོངས་དོན་གྱི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་དགོས་པའི་བླང་བྱ་བཏོན་ཡོད།

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཚན་རིག་དང་མཐུན་པའི་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་གཅིག་སྡུད་ཐོག་སྒྲོག་འགྲེལ་བྱེད་པ་དང་། “ཞིང་འབྲོག་པའི་མཚན་མོའི་སློབ་གྲྭ”གཉེར་བ། དུད་ཚང་དུ་སྐྱོད་པ། གྲོང་མིའི་ཚོགས་ཆེན་འཚོགས་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་གྱི་ཞིང་འབྲོག་ཁུལ་གྱི་ཁྱིམ་དུད་ཚང་མས་ཤེས་པ་དང་། མི་ཚང་མས་རྟོགས་པ། ཚང་མའི་སེམས་སུ་ཟུག་པ་བཅས་ཀྱི་འགན་ལེན་བྱས་ཡོད་པ་རེད།

    གྲོང་སྡོད་ལས་དོན་རུ་ཁག་གིས་འཚོགས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཉན་རྗེས་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་བན་པ་ཤང་བན་ཞབས་གྲོང་ཚོའི་གྲོང་མི་བསོད་ནམས་སྟོབས་ཆེན་གྱིས“ལོ་དེ་དག་ནང་ང་ཚོའི་ཁྱིམ་དུ་འཚོ་བ་སྐྱིད་པོ་དེ་འདྲ་སྐྱེལ་རྒྱུ་བྱུང་བ་ནི་ཏང་གི་སྲིད་ཇུས་བཟང་པོ་དང་གུང་ཁྲན་ཏང་གི་བཀའ་དྲིན་ལས་བྱུང་བ་རེད”ཅེས་སེམས་འགུལ་ཟབ་མོའི་ངང་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།