[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>སློབ་སྦྱོང་དང་ལག་བསྟར།
  • རང་ལྗོངས་ཀྱི་ཞིང་འབྲོག་ཚན་རྩལ་འཕེལ་རྒྱས་ཆེ་མོར་སྐུལ་འདེད་ཧུར་ཐག་བཏང་བ།

    —— རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་ཏང་ཨུད་ཧྲུའུ་ཅི་མཱ་ཅིང་ལིན་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་ཏང་ཨུད་ཧྲུའུ་ཅི་མཱ་ཅིང་ལིན་ལ་རང་ལྗོངས་ཀྱིས་ཞིང་ལས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཇི་ལྟར་གཏོང་བའི་ཐད་ཆེད་མངཌ་བཅར་འདྲི་ཞུས་པ་རེད།

    ཞིང་ལས་ཚན་ཞིབ་ཀྱི་གཙོ་གནད་ནི་ཞིང་འབྲོག་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོག་ཤིང་གི་འགག་རྩའི་ལག་རྩལ་གྱི་དཀའ་གནད་བསལ་རྒྱུ་དེ་རེད། མཱ་ཅིང་ལིན་གྱིས་ལྗོངས་ཞིང་ལས་ཚན་རིག་ཁང་གིས“ནས་དང་། འབྲི་གཡག གཟན་རྩྭ། དཀར་ཆུའི་ལས་རིགས། ཡུལ་ལུག ཡུལ་བྱ”བཅས་ཐོན་ལས་ཆེ་མོ་དྲུག་འཕེལ་རྒྱས་གཏོང་བའི་ལག་རྩལ་གྱི་དགོས་མཁོ་དང་། ལྷག་པར་དུ“ནས་ཀྱི་ཐོན་འཕར”དང“འབྲི་གཡག་སྡོམ་གསོའི”བླང་བྱར་དམིགས་ནས། གསར་གཏོད་ཀྱི་གཙོ་གནད་མངོན་གསལ་དོད་པ་དང་། ཚན་རྩལ་གྱི་ཐོན་ཁུངས་བསྡུ་སྒྲིལ། ལེགས་ལྡན་དཔུང་ཁག་སྒྲིག་འཛུགས་བཅས་བྱས་ཏེ། འགག་སྒྲོལ་གྱི་མཉམ་ཤུགས་ཞིག་ཆགས་པར་བྱས་པ་དང་། མ་ལག་ཅན་དང་། འདུས་གྲུབ་ཅན། ཚོགས་པ་ཅན་བཅས་ཀྱི་སྒོ་ནས་ལས་དོན་སྤེལ་བ་བརྒྱུད། ཐོན་འབབ་མཐོ་བ་དང་ལས་ཕྱོད་ཆེ་བའི་འདེབས་འཛུགས་དང་གསོ་ཚགས་ལག་རྩལ་ཞིབ་འཇུག་དང་། འདུས་གྲུབ། དཔེ་སྟོན་བཅས་ལ་གཙོ་གནད་ཤུགས་སྣོན་བརྒྱབ་ནས། “བོད་ནས་ཨང2000”གཞི་ཁྱོན་ཆེན་པོས་ཐོན་འཕར་འདེབས་གསོའི་ལག་རྩལ་དང“དགུན་ནས་ཨང18”བསྐྱར་འདེབས་གཟན་རྩྭའི་ལག་རྩལ་ཁྱབ་གདལ་ཧུར་ཐག་བཏང་བ་དང་། འབྲི་གཡག་གི་རྒྱུད་བཟང་རྒྱུད་སྤེལ་དང་། ལས་ཕྱོད་མཐོ་བའི་སྡོམ་གསོ། བདེ་ཐང་གསོ་ཚགས་བཅས་དང་བཞོན་མ་དང་། ཁུལ་ལྡན་ར། ངག་དབང་ལུག བཤའ་ལུག ལྷ་སའི་བྱ་དེ་དཀར་མོ་སོགས་ལས་ཕྱོད་མཐོ་བའི་གསོ་ཚགས་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་ལས་ཐོན་སྐྱེད་ཀྱི་ཕན་འབྲས་ནུས་ཤུཌ་ཡོད་རྒུས་ཆེ་རུ་བཏང་ཡོད་ཅེས་བཤད།

    རྨང་གཞི་བརྟན་པོ་མེད་པས་གཡོ་འགུལ་ཐེབས་སླ་བ། རྨང་གཞིའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་ཞིབ་ཀྱི་གཞི་རྩ་བརྟན་དུ་ཧུར་ཐག་བཏང་ཞིང་། མཱ་ཅིང་ལིན་གྱིས་ལྗོངས་ཞིང་ལས་ཚན་རིག་ཁང་གིས་རང་ལྗོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་ལོ་ཏོག་གི་ས་བོན་ཐོན་ཁུངས་དཔྱད་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། ནས་དང་འབྲི་གཡག་གི་རྒྱུད་གྲུབ་རིག་པ་དང་བྱེད་ནུས་གཞི་རྒྱུ་ར་སྤྲོད་དང་ཞིབ་འཇུག་ལག་རྩལ་སྔོག་འདོན་བྱས་ཏེ། ཁྱད་ལྡན་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་སྤེལ་སྣ་མང་རང་བཞིན་དང་། སྣོད་བཅུད་འོས་འཚམ་རང་བཞིན། དེ་བཞིན་ཐོན་འཕར་དང་ཕན་འབྲས་ཆེ་བའི་རྐྱེན་རྩ་དང་འགག་རྩའི་ལག་རྩལ་ཞིབ་འཇུག་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད།

    ལྗོངས་ཞིང་ལས་ཚན་རིག་ཁང་གིས་བོད་ཀྱི་མཐོ་གྲང་སྤང་ཐང་དང་རྩྭ་ཐང་གི་སྣོད་བཅུད་མ་ལག་སྔོ་ཁེབས་ལ་མཐིལ་རྟོགས་བརྟག་དཔྱད་བྱེད་པའི་རྨང་གཞིའི་ཐོག་རང་བྱུང་སྤང་ལྗོངས་སྔོ་ཁེབས་ཀྱི་ས་བོན་ཐོན་ཁུངས་བསྡུ་རུབ་དང་། ཉར་ཚགས། གདེང་འཇོག འདུལ་གསོ། སྔོ་ཁེབས་སླར་གསོ་བཅས་དང་། དེ་བཞིན་རྒྱུན་མཐུད་བེད་སྤྱོད་ལ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུ་རེད། ཞིང་འབྲོག་ལས་ཀྱི་ས་བོན་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་བྱེད་སྤྱོད་ཀྱི་འཁོར་རྒྱུག་བཟང་པོའི་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྱད་ལྡན་ཞིང་འབྲོག་ལས་ཀྱི་རིགས་རྒྱུད་ཐོན་ཁུངས་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ཏེ་ཐོན་ཁུངས་ལེགས་ཆ་དག་དཔལ་འབྱོར་ལེགས་ཆར་བསྒྱུར་ནས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་གལ་ཆེན་གཏོད་ཆེད་ཚན་རྩལ་གྱི་འདེགས་སྐྱོར་བྱ་རྒྱུ་རེད།

    ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཤེས་ལྡན་མི་སྣར་ཐུག་ཡོད། མཱ་ཅིང་ལིན་གྱིས་ལྗོངས་ཞིང་ལས་ཚན་རིག་ཁང་གིས་གསར་གཏོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། རིག་ཚན་དང་། ཆེད་ལས། རྣམ་གྲངས། མ་དངུལ་སོགས་གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་བསྡུ་སྒྲིལ་བྱས་ཏེ་དུས་ཐུང་རིང་རིག་ཚན་གྱི་ལེགས་ཆ་མངོན་གསལ་དོད་པ་དང་། ཆེད་ལས་ཀྱི་ཁྱབ་རྒྱ་ཆ་ཚང་བ། རིམ་པ་བཞིན་སྤེལ་རེས་ལུགས་མཐུན། ཕྱོགས་བསྡུས་སྟོབས་ཤུགས་ཆེ་བ། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་ཀྱི་ཞིང་འབྲོག་ཚན་རྩལ་གྱི་གསར་གཏོད་དཔུང་ཁག་ཅིག་ཧུར་ཐག་བཏོད་དེ་དུས་རབས་གསར་པའི་རང་ལྗོངས་ཀྱི་ཞིང་འབྲོག་ཚན་རྩལ་གསར་གཏོད་ཀྱི་དགོས་མཁོ་སྔར་བས་བསྐངས་ནས་ཞིང་འབྲོག་ཚན་རྩལ་གྱི་གྲུབ་འབྲས་རང་ལྗོངས་ཀྱི་རྒྱ་ཆེ་བའི་ས་གཞིར་རྩ་བ་ཚུགས་པ་དང་འབྲས་བུ་བཟང་པོ་ཐོབ་པ་བྱ་རྒྱུ་རེད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།