[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>སློབ་སྦྱོང་དང་ལག་བསྟར།
  • བརྟན་ཐོག་ཡར་བརྩོན་གྱིས་གཙོ་གནད་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས།

    —— ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་གསུམ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    འདི་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་དང་། རང་རྒྱལ་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་ལ་རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་གོང་མཐུད་འོག་འདྲེན་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། འདི་ལོའི་དཔལ་འབྱོར་ལས་དོན་ཇི་ལྟར་སྒྲུབ་དགོས་སམ་ཞེ་ན། འགག་རྩ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སྤྱི་འདོམས་སུ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། དམིགས་ཚད་དང་གནད་དོན་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ་དང་། གཙོ་གནད་མངོན་གསལ་དོད་པ། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བརྟན་པོ་གཏོང་བ་དང་། མྱུར་ཚད་ལ་གཞིགས་ནས་དཔལ་འབྱོར་དུས་བབ་ལ་བརྡར་ཤ་གཅོད་པའི་གོམས་གཤིས་སུ་གྱུར་བའི་བསམ་གཞི་ཡོ་བསྲང་བྱེད་པ་དང་། སྤུས་ཚད་འགྱུར་ལྡོག་དང་། ལས་ཕྱོད་འགྱུར་ལྡོག སྒུལ་ཤུགས་འགྱུར་ལྡོག་བཅས་ལ་སྐུལ་འདེད་བཏང་ནས་སྲིད་ཇུས་ཀྱི་གཙོ་གནད་དང་ལས་ཀའི་ཤུགས་རྒྱག་གཞི་སྤུས་ཚད་དེ་བས་མཐོ་བ་དང་། ཕན་འབྲས་དེ་བས་ལྡན་པ། རྒྱུན་མཐུད་འཕེལ་རྒྱས་དེ་བས་ཐུབ་པ་བཅས་སུ་བསྒྱུར་དགོས།

    དུས་བབ་གསར་པ་དང་འཚམ་པ་དང་། དམིགས་ཚད་གསར་པར་དམིགས་པ། བཀོད་སྒྲིག་གསར་པ་དོན་འཁྱོལ་བཅས་བྱེད་དགོས། ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུས་རང་ལྗོངས་ཀྱི་འཕེལ་ཕྱོགས་ཆེན་པོར་ཚན་རིག་དང་མཐུན་པའི་ངང་བརྡར་ཤ་བཅད་པ་དང་ཁྱད་ཆོས་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ་བྱས་ཏེ་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕྱོགས་བདུན་ཐད་ཀྱི་གཙོ་གནད་ལས་དོན་བཏོན་ཡོད་པ་སྟེ། མ་འཇོག་ནུས་ལྡན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ཁྱད་ལྡན་དང་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་ནུས་ལྡན་གཏོང་བ། གྲོང་གསེབ་དར་རྒྱས་འཐབ་ཇུས་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུཌ་ཆེན་བསྟར་བ། དམངས་འཚོ་འགན་ལེན་དང་ལེཌ་གཏོང་གི་ཆུ་ཚད་མཐོ་རུ་གཏོང་བ། 

    མཛེས་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་མགྱོགས་མྱུར་གཏོང་བ། འཕེལ་རྒྱས་ཀྱི་གསོན་ཤུགས་སྔར་བས་འཕེལ་བ་བྱེད་པ་བཅས་ཡིན།

    ཕྱོགས་བདུན་ཐད་ཀྱི་གཙོ་གནད་ལས་དོན་ནང་གསར་གཏོད་སྒུལ་ཤུགས་ཨང་དང་པོར་འགྱུར་བ་དང་། མཐུན་སྦྱོར་ནང་གནས་ཁྱད་ཆོས་སུ་འགྱུར་བ། ལྗང་མདོག་ཡོངས་ཁྱབ་ཀྱི་རྒྱུན་རྣམ་དུ་འགྱུར་བ། སྒོ་དབྱེ་ལྡོག་མེད་ཀྱི་འགྲོ་ལམ་དུ་འགྱུར་བ། མཉམ་སྤྱོད་རྩ་བའི་དམིགས་ཡུལ་དུ་འགྱུར་བ་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གཏིང་ཟབ་མངོན་ཡོད་པས་དེ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། ཕྱོགས་བདུན་ཐད་ཀྱི་གཙོ་གནད་ལས་དོན་ལེགས་པར་བསྒྲུབས་ཚེ་མཆོང་སྐྱོད་ཀྱི་འགག་སྒོར་འགག་རྩའི་གོམ་སྟབས་ཤིག་སྤོས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་གྲུབ་འབྲས་གསར་པ་ཐོབ་པ་དང་། འདི་ལོའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་གྱི“འགག་རྩའི་གནད”ལ་དམ་འཛིན་ཐུབ་པ། འགག་སྒྲོལ་དཀའ་སེལ་དང་དཀའ་ངལ་ཁྱད་བསད་ཀྱིས་མདུན་དུ་སྐྱོད་པའི་ཤུགས་ཆེའི་མཉམ་ཤུགས་ཆགས་ཐུབ།

    དཔལ་འབྱོར་ལས་དོན་ནི་ལས་སྣ་མང་བ་དང་མ་ལག་འདུ་འགོད་ཧ་ཅང་ཆེན་པོ་ཞིག་རེད། གཙོ་གནད་མངོན་གསལ་དོད་པ་དང་གནད་སྨིན་ཇུས་འདོན་གྱི་སྒོ་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་བརྟན་ཐོག་ཡར་བརྩོན་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་དགོས། དེའི་ནང་བརྟན་པོ་ནི་དགོངས་གཞི་གཙོ་བོ་དང་ཁྱོན་ཡོངས་དང་། ཡར་བརྩོན་ནི་ལམ་བུ་དང་ཁ་ཕྱོགས། ལེགས་བརྩོན་ནི་ཚད་གཞི་དང་དམིགས་ཚད། ཞན་ཆ་གསབ་རྒྱུ་ནི་དམ་འཛིན་བྱེད་གཞི་གལ་ཆེན་དང་ཁ་ཚ་དགོས་གཏུགས་ཤིག་བཅས་རེད། ཕྱོགས་ཁ་ཤས་འདི་ནི་རྩོད་སྒྲུབ་ཀྱི་གཅིག་གྱུར་ཞིག་ཡིན་པས་སྤྱི་ཡོངས་ལ་བརྩིས་ནས་ཁོང་དུ་ཆུད་པ་བྱེད་དགོས།

    བརྟན་ཐོག་ཡར་བརྩོན་གྱིས་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པར་སེམས་ཤུགས་གཅིག་སྒྲིལ་གྱིས་གནད་སྨིན་དབུལ་སྒྲོལ་དང་། ཉེན་ཁ་གལ་ཆེན་སྔོན་འགོག་དང་སེལ་བ། སྦགས་བཙོག་འགོག་བཅོས་བཅས་ཀྱི“འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ཡག་པོ་རྒྱག་དགོས། དེ་ནི་ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་ངེས་པར་དུ་སྒྲུབ་དགོས་པའི“དཀའ་ཚེགས་ཆེ་བའི་ལས་དོན”ཞིག་དང་། ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་པའི་ལྡོག་མེད་ཀྱི་ལས་འགན་ཞིག་རེད།

    གནད་སྨིན་དབུལ་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པར་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ལ་གནད་སྨིན་རོགས་སྐྱོར་བྱེད་པར་དམིགས་ནས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་དོ་ཁུར་དང་ལས་དོན་སྤེལ་རྒྱུར་ཤུགས་རྒྱག་དགོས་པ་དང་། ཉེན་ཁ་གལ་ཆེན་སྔོན་འགོག་དང་སེལ་བའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་གཙོ་གནད་ནི་དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་ཡིན་པས་སྤྱི་ཁོག་གི་ཚད་ཤིང་ཚད་གཞི་ཚོད་འཛིན་ནུས་ལྡན་བྱས་ཏེ་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་ནུས་པ་ཆེ་རུ་མངོན་གསལ་དོད་པོ་གཏོང་དགོས་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་སེམས་ཐག་དེ་བས་ཆེ་བ་གཅོད་པ་དང་བྱ་ཐབས་དེ་བས་ནུས་ལྡན་སྤྱད་དེ་སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་དེའི་གཙོ་གནད་ནི་སྔོ་ཞིང་དྭངས་བའི་ནམ་མཁའ་སྲུང་སྐྱོབ་ཀྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།