[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>དུས་རབས་གསར་པ་དང་།རྣམ་པ་གསར་པ།བྱ་སྤྱོད་གསར་པ།
  • ལྷ་སས་ས་གཙང་བདེ་ཐང་ཐོན་ལས་ཚད་གཞི་ཅན་དུ་འགྱུར་མགྱོགས་སུ་བཏང་བ།

    ཐོན་ལས་ཆེན་པོ་དྲུག་གི་ཚད་གཞི་ཅན་གྱི་མ་ལག་འཛུགས་རྒྱུ་ལེགས་གྲུབ་བྱུང་བ་དང་བོད་སྤོས་རྒྱལ་ཁབ་ཀྱི་ཚད་གཞི་ལོན་ནས་རྣམ་གྲངས་དངོས་སུ་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-11

    ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་ས་གཙང་བདེ་ཐང་ཐོན་ལས་ཆེན་པོ་དྲུག་གི་ཚད་གཞི་ཅན་གྱི་མ་ལག་འཛུགས་པའི་ལས་དོན་ལེགས་གྲུབ་བྱུང་བ་དང་ལྷག་དོན་དུ་བོད་སྤོས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་དེ་རྒྱལ་ཁབ་ཚད་གཞི་ཅན་དོ་དམ་ཨུ་ལྷན་གྱི་ཐོག་མའི་ཞིབ་བཤེར་བྱས་ནས་ཚད་ལོན་ཏེ་རྣམ་གྲངས་དངོས་སུ་བཙུགས་པ་རེད། དེ་ནི་བོད་ཀྱིས་ཐོག་མར་བཏོན་པ་དང་བོད་ཀྱིས་གཙོ་བོ་བྱས་ནས་བཟོས་པའི་རྒྱལ་ཁབ་ཀྱི་ཚད་གཞི་ཞིག་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་ཐོན་ལས་འཕེལ་རྒྱས་དང་ཚད་གཞི་སྔོན་དུ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལྷ་སའི་ས་གཙང་བདེ་ཐང་ཐོན་ལས་ཀྱི་ཚད་གཞིའི་མ་ལག་འཛུགས་པའི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། ལྷ་སའི་ཁྱད་ལྡན་ཐོན་ལས་ཚད་ལྡན་འཕེལ་རྒྱས་ཡོང་བ་དང་། གཞི་ཁྱོན་ཐོན་སྐྱེད། རིམ་པ་སྤོར་བ་བཅས་ལ་སྐུལ་འདེད་བཏང་ནས“ཐོན་རྫས”ནས“སྤུས་རྟགས”བར་བསྒྱུར་རྒྱུ་མངོན་འགྱུར་བྱུང་བ་དེས་ཐོན་ལས་སྣེ་འདྲེན་ཁེ་ལས་ཀྱིས་ལྗོངས་ཕྱི་ནང་གི་ཁྲོམ་ར་རྒྱ་སྐྱེད་གཏོང་རྒྱུར་སྐུལ་མ་ཐེབས་པ་དང་བོད་ཀྱི་ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པ་དང་། རྒྱལ་ཁབ་ཀྱི་ཚད་གཞི་བཟོ་བའི་ནང་ཞུགས་པ། ལས་རིགས་ཀྱི་ཚད་གཞི་བཟོ་བ་བཅས་ལ་ཁྲིད་སྟོན་ཐུབ་ཡོད།

    ཉེ་བའི་ལོ་གཉིས་རིང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཁྲོད་ལྷག་པའི་གནད་དོན་ལ་དམིགས་ནས་ཚད་གཞི་དང་། སྤུས་ཚད། སྤུས་རྟགས་བཅས་གཏོད་པའི་ཐད་འབད་བརྩོན་ལྷོད་མེད་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། འབད་བརྩོན་བྱས་པ་བརྒྱུད་བོད་བྱ་དང་། བོད་སྤོས། རང་བྱུང་འཐུང་ཆུ། འོ་མ། བོད་རུམ། འབྲས་སྐྱ་བཅས་ས་གཙང་བདེ་ཐང་ཐོན་ལས་ཆེན་པོ་དྲུག་གི་ཚད་གཞི་ཅན་གྱི་མ་ལག་བདེ་བླག་ངང་བསྐྲུན་པ་དང་གསོ་ཚགས་དང་རྒྱུ་ཆ་འདེམས་པ་དང་། ཐོན་སྐྱེད་ལས་སྣོན། ཐུམ་རྒྱག་སྐྱེལ་འདྲེན། ཞིབ་བཤེར་ཚད་ལེན་སོགས་ཐད་ཀྱི་ཐོན་ལས་འཁོར་འབྲེལ་གྱི་ཚད་གཞིའི་མ་ལག་བཙུགས་པ་དང་འཐུས་ཚང་དུ་བཏང་ནས་ལྷ་སའི་ས་གཙང་བདེ་ཐང་ཐོན་ལས་ལ་ཚད་གཞི་ཅན་གྱི་མ་ལག་ཅིག་ཡོད་པ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།