[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>དུས་རབས་གསར་པ་དང་།རྣམ་པ་གསར་པ།བྱ་སྤྱོད་གསར་པ།
  • བོད་ཀྱི་སྡེ་ཚན་མང་པོས་ནུས་ཤུགས་མཉམ་འདོན་གྱིས་བདེ་འཇགས་ཐོན་སྐྱེད་འགན་ལེན་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-24

    མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་པ་དང་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་ཐོན་རྒྱུ་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱ་ཆེད། ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས“མཉམ་སྡེབ་བྱ་ཐབས”བཏོན་ཏེ་ནུས་ཤུགས་མཉམ་འདོན་གྱིས་བདེ་འཇགས་ཐོན་སྐྱེད་དང་དུས་བདེ་ཐོན་སྐྱེད་འགན་ལེན་བྱས་ཡོད་པ་རེད།

    འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་སུ་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་བཅོས་སྒྲིག་དང་གཞུང་ལམ་བདེ་འཇགས་ལྡན་པའི་ངང་ཤར་གཏོང་ཐུབ་རྒྱུར་དམ་འཛིན་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ།

    “མངོན་མེད་རྐྱེན་ངན་ནི་ལས་འཛོལ་ཡིན་པའི”རྩ་དོན་མཐའ་འཁྱོངས་ཀྱིས“ཉེན་ཐག་སྟེ་སྲོག་ཐག”ཅེས་པའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཐོན་སྐྱེད་གཉེར་སྐྱོང་ཁྲོད་ལྷག་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱས་ནས“ཁྱོན་ཡོངས་ལ་ཁྱབ་པ་དང་། ཐར་པར་གཏན་ནས་མི་གཏོང་བ། ཁྲིམས་ནན་པོ་སྐྱོང་བ། དངོས་ཕན་ལ་མཐོང་ཆེན”བཅས་བྱས་པ་དང་། གནམ་གཤིས་སྡེ་ཚན་དང་མཉམ་ལས་བྱས་ཏེ་གནམ་གཤིས་ཀྱི་གནོད་འཚེའི་ཆ་འཕྲིན་རྗེས་སྙེགས་ཁོང་དུ་ཆུད་པ་བྱས་ནས་དུས་ཐོག་ཏུ་འགྲོ་ལམ་དང་ཆུ་ཐོག་འགྲུལ་ལམ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བདེ་འཇགས་སྔོན་བརྡ་བཏང་བ། ཁ་ལོ་བའི་ཐོབ་ཐང་ལ་ཞིབ་དཔྱད་དང་རླངས་འཁོར་གྱི་ལག་རྩལ་གནས་ཚུལ་ལ་ཞིབ་བཤེར་ནན་པོ་བྱས་པ་དང་འགྲུལ་སྐྱེལ་ས་ཚིགས་ལ“ས་ཚིགས་ནང་འཛུལ་མི་ཆོག་པ་གསུམ་དང་ས་ཚིགས་ནས་དོན་མི་ཆོག་པ་དྲུག”གི་རྩ་དོན་དོན་འཁྱོལ་ལ་ལྟ་སྐུལ་བྱས་ནས་གཉེར་སྐྱོང་འགྲུལ་སྐྱེལ་རླངས་འཁོར་གྱི་བདེ་འཇགས་ཞིབ་བཤེར་ལམ་ལུགས་དང་། བདེ་འཇགས་ལན་སྤྲོད་ལམ་ལུགས། མིང་ངོ་མ་བཀོད་ནས་སྤ་སེ་ཉོས་ཏེ་རླངས་འཁོར་ལ་སྡོད་པའི་ལམ་ལུགས་བཅས་ལག་བསྟར་ནན་པོ་བྱས་ཡོད་པ་རེད།

    མེ་སྐྱོན་སྔོན་འགོག་ཚོད་འཛིན་ཁྱབ་ཁོངས་སུ་རང་སྐྱོང་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ལྗོངས་ཡོངས་ཀྱི་སྤྱི་བདེ་མེ་ཟོནད་དཔུང་སྡེར“དགུན་ཟོན་བདེ་སྲུང”ལས་དོན་ལ་གང་མགྱོགས་བསྒྱུར་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7དང་། རྫོང་ཆུས་74ཡི“བྱེད་སྒོ་སྤེལ་ཡུལ་རིགས་བརྒྱད”ལ་ཞིབ་བཤེར་ཆེན་པོ་དང“ཆེད་དོན་བཅོས་སྒྲིག་གཉིས”“119”དྲིལ་བསྒྲགས་ཟླ་བ་སོགས་ཀྱི་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་རྒྱུའི་བླང་བྱ་བཏོན་ཡོད་པ་རེད། མིག་སྔར་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་མེ་ཟོན་སྡེ་ཚན་གྱིས་ཁྱོན་ཚན་པ་4300ལ་ཞིབ་བཤེར་བྱས་པ་དང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གནད་དོན་3877དག་ཐེར་བྱ་རྒྱུར་སྐུལ་འདེད་བཏང་བ། ཚན་པ་11ལ་སྒོ་ཐེལ་བརྒྱབ་པ་དང་། ཚན་པ་15ལ་ལས་གཉེར་མཚམས་འཇོག་རྒྱུའི་བཀའ་བཏང་བ། དངུལ་ཆད་སྒོར་ཁྲི་5.4བཏང་བ་བཅས་དང་། ཐོག་བརྩེགས་ཁང་ཆེན་སྟར་པ་443ལ་གྲལ་བཤེར་བྱས་པ་དང་། ལྗོངས་ཡོངས་ཀྱི་ཐོག་བརྩེགས་སྤྱི་སྤྱོད་ཁང་པ་སྟར་པ་165དང་ཐོག་བརྩེགས་སྡོད་ཁང་སྟར་པ་278ལ་ཆེད་བསྐོས་ལས་འགན་གྱི་མེ་ཟོན་བདེ་འཇགས་ཀྱི“གཉེར་སྐྱོང་པ”དང་ཐོག་དཔོན་ལམ་ལུགས་100%དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས“ཚེག་ནས་ཚེག”གི་མེ་ཟོན་བདེ་འཇགས་ཀྱི“ཐེམ་ཐོ་ཅན”དོ་དམ་མངོན་འགྱུར་ཡོང་བ་བྱས་པ། གློག་ཆས་རྫུས་ཞན་དང་ལྷག་པར་དུ་གློག་གི་དྲོད་ལེན་ཡོ་ཆས་ཀྱི་ཐོན་རྫས་ལ་གཅིག་སྡུད་ཐོག་ཞིབ་བཤེར་ཐག་གཅོད་བྱས་པ། “མེ་ཟོན་དྲིལ་བསྒྲགས་ཀྱི་ཁྲོམ་ལམ་གཅིག”དང་མེ་ཟོན་གྱི་རོལ་རྩེད་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་ནས་མཉམ་འགོག་མཉམ་བཅོས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།