[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>དུས་རབས་གསར་པ་དང་།རྣམ་པ་གསར་པ།བྱ་སྤྱོད་གསར་པ།
  • དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་བླང་བྱ་གསར་པ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ།

    རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་པའི་སྐོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-23

    ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དུ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ། ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་གྲོས་བསྡུར་འཁྲུག་པོ་བྱས་ཤིང་། ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ནས། བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། དུས་རབས་གསར་པའི་ཏང་གི་ལོ་རྒྱུས་འགན་འཁྲི་ལེགས་སྒྲུབ་བྱེད་པའི་ཐད་རང་རྟོགས་ངང་འབད་འཐབ་ལྷོད་མེད་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་ཏེ། ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད། དེ་ནི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དོ་དམ་དང་། ཏང་བཅོས་སྐྱོང་། རང་ཉིད་གསར་བསྒྱུར་བྱེད་པའི་བྱ་སྤྱོད་རླབས་པོ་ཆེ་སྣུར་སྲིང་དང་གཏིང་ཟབ་ཏུ་བཏང་བ་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཏེ་རང་རེའི་ཏང་གི་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་མངོན་འགྱུར་བྱེད་པའི་དམིགས་ཚད་གསར་པ་དང་བླང་བྱ་གསར་པ་རེད། སྙན་སྒྲོན་ནང་བསྟན་དོན། རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་གཙང་སྒྲིག་ནན་བྱེད་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་སོགས་ཀྱི་འཐབ་ཇུས་བཀོད་སྒྲིག་གིས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་བླང་བྱ་སྔར་བས་ནན་ལ་མཐོ་བ་བཏོན་ཡོད”“ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་དང་ཡང་ན་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ཞིག་གི་ངོས་ནས། ངས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས‘འདུ་ཤེས་བཞི’བརྟན་པོ་འཛུགས་པ་དང་། ‘གདེང་ཚོད་བཞི’བརྟན་དུ་གཏོང་བ། འཇོན་ཐང་བརྒྱད་ཆེ་རུ་གཏོང་བ། སྲིད་སྐྱོང་ཆུ་ཚད་ཆེ་རུ་གཏོང་བ་བཅས་བྱས་ནས‘ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པའི’བླང་བྱ་དང་ཚད་གཞི་ལྟར། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་སྐུལ་འདེད་ལྷོད་མེད་བཏང་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་ཉིང་ཁྲི་གྲོང་ཨུད་ཀྱི་རྒྱུན་ཨུ་གྲོང་ཁྱེར་སྒྲིག་ཨུད་ཀྱི་ཧྲུའུ་ཅི་སྟོབས་ཆེན་གྱིས་བརྗོད།

    སྙན་སྒྲོན་ནང་། ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་ལམ་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་པའི་རྨང་གཞི་ཡིན་པས། སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་…… ཞེས་ཁ་གསལ་བཏོན་པར་དམིགས་ནས། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་དོན་ཨུ་ཡོན་ལུའེ་ཡེ་ཧུའེ་ཡིས“ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར། ངེས་པར་དུ་ཏང་གི་ལས་དོན་མཐའ་དག་ཀྲི་པུའུ་བརྒྱུད་དགོས་པའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་བྱས་ཐོག་སློབ་སྦྱོང་གི་ རྣམ་པ་དང་། ཞབས་ཞུའི་རྣམ་པ། གསར་གཏོད་ཀྱི་རྣམ་པ། སྣེ་ཁྲིད་ཀྱི་རྣམ་པ། འཐབ་རྩོད་ཀྱི་རྣམ་པ་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་རྒྱུ་དམིགས་ཚད་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཚད་ལྡན་ཅན་འཛུགས་སྐྱོང་གཞི་རྟེན་དུ་བཟུང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་འཇོན་ཐང་དང་། བསམ་བློ་སྣེ་ཁྲིད་ཀྱི་འཇོན་ཐང་། མང་ཚོགས་སྒྲིག་འཛུགས་ཀྱི་འཇོན་ཐང་། སྤྱི་ཚོགས་འབོད་སྐུལ་གྱི་འཇོན་ཐང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས”ཞེས་བརྗོད།

    ལྷོ་ཁ་གྲོང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ཏེང་ཁྲེང་གིས“ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང‘ཏང་ལ་དོ་དམ་ཡག་པོ་དང་བཅོས་སྐྱོང་ཡག་པོ་ཇི་ལྟར་དགོས་སམ’ཞེས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་འདིར་ལན་གཏིང་ཟབ་བཏབ་ཡོད། རྩ་འཛུགས་སྡེ་ཚན་ནི་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བའི་འགན་ནུས་སྡེ་ཚན་གལ་ཆེན་ཞིག་གི་ཆ་ནས། ང་ཚོས་ངེས་པར་དུ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་གཞི་རྩའི་མཛད་ཇུས་ལག་བསྟར་པ་དང་། སྣེ་ཁྲིད་པ། སྐུལ་འདེད་པ་བཅས་རང་རྟོགས་ངང་བྱེད་དགོས། ‘སློབ་སྦྱོང་གཉིས་དང་ཚད་ལོན་གཅིག’གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གཏིང་ཟབ་གཏོང་བ་དང་། ལས་བྱེད་པར་དོ་དམ་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ། ཏང་འཛུགས་སྐྱོང་གི་གཞི་རིམ་རྨང་གཞི་བརྟན་དུ་གཏོང་བ། ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ནང་འདྲེན་བཅས་བྱས་པ་བརྒྱུད་ཏང་གི་བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་དང་གཞི་རིམ་གྱི་འཐབ་འཛིང་མཁར་རྫོང་བརྟན་དུ་བཏང་ནས། ཏང་དང་མི་དམངས་ལ་བློ་དཀར་བའི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་བཏོད་དེ། ཏང་གི་སྲིད་སྐྱོང་འཇོན་ཐང་དང་འགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས། གྲོང་ཁྱེར་ཡོངས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་གཏོད་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས”ཞེས་བརྗོད།

    “མི་དམངས་མང་ཚོགས་རུལ་སུངས་ཀྱི་སྣང་ཚུལ་ལ་ཞེ་འཁོན་ཆེན་པོ་ཡོད་པས། རུལ་སུངས་ནི་རང་རེའི་ཏང་ལ་འཕྲད་པའི་ཉེན་ཁ་ཆེ་ཤོས་དེ་རེད”ཅེས་པའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་གསུང་ཚིག་འདི་ལས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་མོས་པ་ཞེ་ཆེན་ཤང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ལིའུ་ཅཱ་ཤང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་སྟེ། ཁོང་གིས“ཉེ་བའི་ལོ་ཤས་རིང་། ‘སྦྲང་ཟ’དང‘རུལ་ཕྲན’གྱི་གྱོད་གཞི་ཐོན་ཚད་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས། ཤང་དང་གྲོང་རྡལ་གྱི་འགན་འཁུར་བ་གཙོ་བོའི་ངོས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ངེས་པར་དུ་གཞི་རིམ་དུ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་ནས། ང་ཚོས་གཟའ་ལྷག་པའི་མཚན་སྦྱོང་དང་གཟའ་ཕུར་བུའི་གཅིག་སྡུད་སློབ་སྦྱོང་སོགས་སློབ་སྦྱོང་གི་གཞི་རྟེན་གང་ལེགས་སྤྱད་དེ་རང་རྟོགས་ངང་སྲིད་གཙང་ཤེས་བྱ་སྦྱོང་བར་ཤུགས་སྣོན་རྒྱག་པ་དང་། རང་འགུལ་ངང་རང་ཉིད་ལེགས་གཏོང་དང་། རང་ཉིད་འཐུས་ཚང་དུ་གཏོང་བ། རང་ཉིད་གསར་བསྒྱུར། རང་ཉིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ་དང་། ཉེན་ཟོན་སློབ་གསོའི་གློག་བརྙན་ལྟ་བ་དང་ཉེན་ཟོན་སློབ་གསོའི་རྟེན་གཞི་སོགས་ལ་ལྟ་སྐོར་བྱེད་པའི་ཐབས་ལམ་བརྒྱུད་ང་ཚོའི་ལས་བྱེད་པ་གློག་ཆེན་ལས་རྒྱང་ཐག་རིང་དུ་གཏོང་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ནམ་ཡང་བྱེད་མུས་ཡིན་པའི་ཉེན་བརྡ་གཏོང་དགོས་པ། ཀྲུང་དབྱང་གི‘གཏན་འབེབས་དོན་ཚན་བརྒྱད’དང‘བསྲུང་བྱ་རྣམ་བཅུ’དང་། རང་སྐྱོང་ལྗོངས་ཀྱི‘བླང་བྱ་དོན་ཚན་དགུ’ གྲོང་ཁྱེར་དང་རྫོང་གི་འབྲེལ་ཡོད་བླང་བྱ་བཅས་ལག་ལེན་ནན་པོ་བསྟར་ནས། ན་གཞོན་ལས་བྱེད་པའི་ཐོན་ལ་ཉེ་བ་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་ལ་དྲན་སྐུལ་སྔ་ཙམ་གཏོང་བ་དང་ཡོ་བསྲང་སྔ་ཙམ་བྱེད་པ་དང་སྦྲགས། རང་རྟོགས་ངང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་དང་ཆབ་སྲིད་སྒྲིག་ཁྲིམས་ལས་འགལ་བའི་བྱ་སྤྱོད‘ཐར་པ་གཏན་ནས་གཏོང་རྒྱུ་མེད་པའི’ངོས་འཛིན་བྱེད་ཀྱི་ཡོད”ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།