[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>དཔྱད་གཏམ།
  • སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་དགོས་པའི་གཞི་རྩའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-22

    གྲོལ་མ་ཐག་པའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་ཏང་ཀྲུང་དབྱང་གིས་འཚོགས་གནང་བའི་རྒྱལ་ཡོངས་རང་བཞིན་གྱི་ཚོགས་འདུ་ཐེངས་དང་པོ་དེ་ཡིན་པ་དང་། ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཕྱོགས་སྡོམ་ནན་ཏན་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནང་དོན་གཙོ་བོར་བྱས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་ཁ་གསལ་བཏོན་པ་དང་། ཕྱི་ལོའི་དཔལ་འབྱོར་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དེས་ང་ཚོར་བསམ་བློ་གཅིག་གྱུར་བྱེད་པ་དང་། ངོས་འཛིན་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

    ཕྱི་ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་དང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་སྔ་འཛིན་རྗེས་མཐུད་ཀྱི་འགག་རྩའི་ལོ་བཅས་ཡིན་པས། དཔལ་འབྱོར་ལས་དོན་དུས་རབས་གསར་པ་དང་འཚམ་པ་དང་། དམིགས་ཚད་གསར་པར་དམིགས་པ། བཀོད་སྒྲིག་གསར་པ་དོན་འཁྱོལ་བཅས་བྱས་ནས། 2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་དངོས་པོའི་རྨང་གཞི་བརྟན་པོ་འདིང་དགོས་པ་དང་། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་ཤུགས་ཆེ་རུ་གཏོང་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ།

    རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་དམ་པོར་དམིགས་པ་བཅས་བྱེད་དགོས་པ་དང་། སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་གཞིར་བཟུང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས།

    ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱང་དུས་རབས་གསར་པར་སླེབས་པ། རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་མཚམས་ནས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་དུས་མཚམས་སུ་སླེབས་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཧ་ཅང་ཡག་པོ་སྐོང་ཐུབ་པའི་འཕེལ་རྒྱས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཚོན་པའི་འཕེལ་རྒྱས། གསར་གཏོད་ཉིད་སྒུལ་ཤུགས་དང་པོ་དང་། མཐུན་སྦྱོར་ཉིད་ངོ་བོ་ཉིད་ཀྱི་ཁྱད་ཆོས། ལྗང་མདོག་ཉིད་ཡོངས་ཁྱབ་ཀྱི་རྣམ་པ། སྒོ་འབྱེད་ཉིད་བརྒྱུད་དགོས་ངེས་ཀྱི་ལམ་བུ། མཉམ་སྤྱོད་ཉིད་རྩ་བའི་དམིགས་ཡུལ་བཅས་ལ་འགྱུར་བའི་འཕེལ་རྒྱས་བཅས་རེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་བྱེད་དགོས། དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་རེད། འཐབ་ཇུས་དམིགས་ཚད་དེ་མངོན་འགྱུར་ཡོང་བར་ངེས་པར་དུ་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་དགོས་པའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས། སྤུས་ཚད་ཨང་དང་པོ་དང་ཕན་འབྲས་ལ་མཐོང་ཆེན་མཐའ་འཁྱོངས་དང་། ལས་ཀའི་གཙོ་རྐང་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བ། གཞི་རྩའི་ཐབས་ལམ་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་སྤུས་ཚད་གསར་སྒྱུར་དང་། ལས་ཕྱོད་གསར་སྒྱུར། སྒུལ་ཤུགས་གསར་སྒྱུར་བཅས་ལ་སྐུལ་འདེད་གཏོང་བ། ཤུགས་རྒྱག་ས་སྟངས་འཛིན་བརྟན་པོ་བྱས་ཏེ་དངོས་ཚན་དཔལ་འབྱོར་དང་། ཚན་རྩལ་གསར་གཏོད། དེང་རབས་དངུལ་རྩ། མི་ཤུགས་ཐོན་ཁུངས་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐོན་ལས་མ་ལག་མགྱོགས་པོ་འཛུགས་པ། ལམ་ལུགས་ཀྱི་འགན་ལེན་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ་ཁྲོམ་རའི་ལམ་སྲོལ་གོ་འཕེར་བ་དང་། བྱེ་བྲག་བྱེད་པོ་གསོན་ཤུགས་རྒྱས་པ། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་ཚད་རན་པ་བཅས་ཀྱི་དཔལ་འབྱོར་སྒྲིག་སྲོལ་འཛུགས་དགོས།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ་བརྟན་པོ་དགོས་པར་བརྟན་པོ་ཡོང་བར་བྱེད་པ་དང་ཡར་རྒྱས་གཏོང་དགོས་པར་བརྩོན་པ་ལྷུར་ལེན་བྱས་ནས་ལས་ཀའི་མྱུར་ཚད་དང་སྤུས་ཚད་སྟངས་འཛིན་ནན་པོ་བྱེད་དགོས།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་གཙོ་གནད་དམ་འཛིན་ཡག་པོ་བྱེད་དགོས། ཉེན་ཁ་ཚབས་ཆེན་ལ་དོགས་ཟོན་དང་དེ་སེལ་བའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་གཙོ་བོ་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱས་ཏེ། སྤྱི་ཁོག་འདེགས་སྐྱོར་བྱེད་ཚད་ཚོད་འཛིན་ནུས་ལྡན་ཐུབ་པ་བྱེད་དགོས་པ་དང་། དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ་དང་བརྒྱུད་རིམ་ལྡན་པའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་ཐུབ་པར་བྱེད་དགོས། གནད་སྨིན་དབུལ་སྒྲོལ་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་དམིགས་གཏན་འཁེལ་བའི་མང་ཚོགས་དབུལ་པོར་གནད་སྨིན་དབུལ་སྐྱོར་བྱེད་པ་དང་། ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་ཏེ་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་ཤུགས་རྒྱག་པ་དང་། མི་འབོར་དབུལ་པོའི་ངོ་བོ་ཉིད་ཀྱི་དབུལ་སྒྲོལ་སྒུལ་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ནས་དབུལ་སྐྱོར་གྲུབ་འབྲས་བརྟན་དུ་དང་། དབུལ་སྒྲོལ་སྤུས་ཚད་མཐོ་རུ་གཏོང་དགོས།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕྱི་ལོའི་ལས་དོན་གཙོ་བོར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། མཁོ་སྒྲུབ་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་རིགས་ཁག་གི་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་ཐབས་ཇུས་ལག་ལེན་བསྟར་བ་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐབས་ཇུས་ལག་ལེན་བསྟར་ཏེ་ཕྱོགས་ཡོངས་ནས་སྒོ་འབྱེད་རྣམ་པ་གསར་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་གཏོང་ཆུ་ཚད་མཐོ་རུ་གཏོང་བ། བྱེད་པོ་མང་པོ་མཁོ་སྤྲོད་དང་། ཐབས་ལམ་མང་པོའི་འགན་ལེན། བོགས་གཏོང་དང་ཉོ་སྒྲུབ་མཉམ་སྤྱོད་བཅས་ཀྱི་སྡོད་ཁང་ལམ་ལུགས་མགྱོགས་མྱུར་བཙུགས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་མྱུར་པོ་གཏོང་དགོས།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དཔལ་འབྱོར་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས། “འདུ་ཤེས་བཞི”ཟབ་ཏུ་བཏང་ནས་དཔལ་འབྱོར་ལས་དོན་ཁྲོད་ཀྱི་ཁ་ཐོར་རིང་ལུགས་དང་། རང་མོས་རིང་ལུགས། དཔོན་གནས་རིང་ལུགས། རི་མགོ་རིང་ལུགས། ས་གནས་སྲུང་སྐྱོང་རིང་ལུགས་བཅས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་དོན་དངོས་དང་མི་མཐུན་པའི་དམིགས་ཚད་མི་བཟོ་བ་དང་གདམ་གའི་རང་བཞིན་གྱི་ལག་ལེན་དེ་བས་བསྟར་མི་རུང་།

    བཀོད་སྒྲིག་བཅུ་ཆ་གཅིག་དང་དོན་འཁྱོལ་བཅུ་ཆ་དགུ་བྱེད་དགོས། ཕྱི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ལས་འགན་ལྗིད་རྫོབ་ཆེ་བ་དང་འགན་འཁྲི་ལྕི་པོ་ཡོད་པས་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱས་ནས་ཐེངས་འདིའི་ཚོགས་འདུའི་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་དང་། བློ་རྩ་བརྟན་པོས་ཡར་བརྩོན་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་བསྒྲུབས་ནས་ལས་དོན་ཁག་ཏན་ཏིག་བསྒྲུབ་ཏེ་ཕྱི་ལོའི་དཔལ་འབྱོར་ལས་དོན་གྱི་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།