[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>འཕྲིན་གསར།
  • རྩྭ་རའི་རྩྭ་ཁ་བཟང་། ཕྱུགས་རིགས་ཤ་ཤེད་རྒྱས། འབྲོག་པ་བདེ་ལ་འཁོད།

    —— ལྷ་ས་གྲོང་ཁྱེར་གྱིས་འབྲི་གཡག་སྡོམ་གསོས་འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-30

    “བོད་ཀྱི་ལོ་གསར་ཟིན་པར་ད་དུང་ཟླ་བ་གཅིག་ལྷག་ཙམ་ལས་མི་འདུག ཤ་གོང་དམའ་པོ་བྱས་ནས་རག་བྱུང་བས། དགའ་ཚོར་ཆེན་པོ་བྱུང” ཚེས་20ཉིན་གྱི་ཞོགས་པ་སྔ་པོ་ནས་གྲོང་མི་བསོད་ནམས་སྒྲོལ་མས་ལྷ་སའི་གྲོང་མིའི་ཞབས་ཞུ་ལྟེ་གནས་སུ་ཡོང་ནས་རྒྱ་མ་200ཟིན་པའི་འདམ་གཞུང་རྫོང་གི་ཚགས་ཤ་ཉོ་ཞོར་དུ་གསར་འགོད་པར་བཤད། 

    ཞིང་འབྲོག་པའི་ཚགས་ཤ་ཉོ་ཚོང་དཀའ་བ་དང་། ཤ་གོང་མཐོ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་གྲོང་མིར་ཕན་ཐོགས་ཡོང་བ་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་ཆེད། ཟླ་12ཚེས་20ཉིན་ནས་ཚེས་22ཉིན་བར་ལྷ་ས་གྲོང་ཁྱེར་གྱིས་འདམ་གཞུང་དང་། ལྷུན་གྲུབ། མལ་གྲོ་གུང་དཀར། སྟག་རྩེ། ཆུ་ཤུར། སྙེ་མོ་སོགས་རྫོང་ལྔ་ནས་དྲངས་པའི་ཚགས་ཤ་རྒྱ་མ་ཁྲི་5.1ལ་རིན་གོང་དམའ་པོ(སྟོད་ལ་རྒྱ་མ་རེར་སྒོར་25དང་སྨད་ལ་རྒྱ་མ་རེར་སྒོར་30བྱས་པ)དང་སྲིད་གཞུང་གི་ཁ་གསབ(རྒྱ་མ་རེར་སྒོར་5བྱས་ནས་ཤ་འཚོང་མཁན་ལ་ཁ་གསབ་སྤྲོད་པ)བརྒྱབ་པས་གྲོང་མིར་ཕན་པ་སྦྱིན་ཡོད་པ་རེད། 

    འདམ་གཞུང་རྫོང་གི་ཚགས་ཤ་འདམ་གཞུང་རྫོང་ལུང་རིང་ཤང་ཀོ་ཁྱིམ་གྲོང་ཚོའི་འབྲི་གཡག་སྡོམ་གསོས་མཉམ་ལས་ཁང་དང་། ལུང་རིང་ཤང་མཆོད་རྟེན་ར་མགོ་གྲོང་ཚོའི་འབྲི་གཡག་སྡོམ་གསོས་མཉམ་ལས་ཁང་། རྒྱས་དར་ཤང་ཡངས་ཡིད་གྲོང་ཚོའི་འབྲི་གཡག་སྡོམ་གསོས་མཉམ་ལས་ཁང་སོགས་ནས་འཁྱེར་ཡོང་བ་དང་། ལོ་དེ་དག་རིང་མཉམ་ལས་ཁང་ལ་འབྲི་གཡག་སྡོམ་གསོས་ནས་ཁེ་བཟང་མང་པོ་རག་ཡོད། 

    ཀོ་ཁྱིམ་གྲོང་ཚོའི་འབྲི་གཡག་སྡོམ་གསོས་མཉམ་ལས་ཁང་བཙུགས་རྗེས། ཁོངས་མིར་འབྲོག་ཟོག་བྲིན་ཚོང་དང་། ལས་སྣོན། དབོར་འདྲེན། ཉར་ཚགས། དེ་བཞིན་འབྲོག་ལས་འཚོ་གནས་གཉེར་སྐྱོང་གི་འབྲེལ་ཡོད་ལག་རྩལ་དང་ཆ་འཕྲིན་སོགས་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད།  སྡོམ་གསོས་རིང་གི་ཉེན་ཁ་ལས་གཡོལ་ཐུབ་པ་བྱ་ཆེད་མཉམ་ལས་ཁང་གིས་གཅིག་གྱུར་ཐོག་ལག་རྩལ་ཁྲིད་སྟོན་དང་ཁྲོམ་རར་བཙོངས་པ་དང་། ཁོངས་མི་སྒྲིག་འཛུགས་བྱས་ཏེ་དུས་ཚིགས་ལྡོག་པའི་སྐབས་སུ་སྡོམ་གསོས་དང་བཤས་གཏོང་བ་དང་འབྲེལ། རིགས་གཅིག་མཁས་ཅན་གདན་དྲངས་ནས་མཉམ་ལས་ཁང་དུ་ཞུགས་མཁན་འབྲོག་པར་ཚན་རིག་དང་མཐུན་པའི་ངང་ཕྱུགས་རིགས་གསོ་ཚགས་དང་གཡོག་བྱེད་བྱེད་སྟངས་དང་རྩལ་ནུས་གསོ་སྦྱོང་བྱས་པ་རེད། 

    ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་བཀྲ་ཤིས་དཔལ་སྒྲོན་གྱིས“2017ལོར་ལྷ་ས་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་འབྲི་གཡག་ཐོན་ལས་གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་འཕེལ་རྒྱས་མགྱོགས་སུ་བཏང་ནས་འབྲོག་ལས་ཕན་འཕར་དང་ཞིང་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་དགོངས་དོན་གཞིར་བཟུང་། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོར་བཙུགས་པ་དང་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་འབྲོག་ལས་ཀྱི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་བཏང་བ་དང་། འབྲི་གཡག་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ཤུགས་བརྒྱབ་པ། འབྲི་གཡག་སྡོམ་གསོས་འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་བཏང་བ། འབྲི་གཡག་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་གཏོང་ལ་སྐུལ་འདེད་ཏན་ཏིག་བཏང་བ་བཅས་བྱས་པས་འབྲོག་པ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཐེབས་ཡོད”ཅེས་བཤད། 

    “མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་གནམ་གཤིས་དྲོ་བའི་དུས་སུ་གཅིག་སྡུད་ཐོག་འཚོས་ནས་སྡོམ་གསོ་དང་གྲང་བའི་སྐབས་སུ་གཟན་སྟེར་ཤེད་མ་ལེན་པའི་བྱེད་ཐབས་གཉིས་སྤྱད་ཡོད། དེའི་ནང་དྲོ་བའི་དུས་སུ་གཅིག་སྡུད་ཐོག་འཚོས་ནས་སྡོམ་གསོ་བྱས་རྗེས་ཆ་སྙོམས་ཤ་ཤེད་23%རྒྱས་ནས་སྤྱི་རྒྱ་42འཕར་ཡོད། མགོ་གྲངས་རེར་ཆ་སྙོམས་སྒོར་162བཏང་བ་དང་མགོ་གྲངས་རེ་ནས་འབབ་འཕར་སྒོར་2442ཡོང་གི་ཡོད། གྲང་བའི་སྐབས་སུ་གཟན་རྩྭ་སྟེར་ནས་སྡོམ་གསོས་བྱས་རྗེས། མགོ་གྲངས་རེར་ཆ་སྙོམས་སྤྱི་རྒྱ་48འཕར་བ་དང་མགོ་གྲངས་རེར་སྒོར་2160བཏང་བས་འབབ་འཕར་སྒོར་816ཡོང་གི་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་ཚུའེ་ཡུང་ཀང་གིས་དེ་ལྟར་རྩིས་བརྒྱབ།

    2017ལོར་ལྷ་ས་གྲོང་ཁྱེར་གྱི་རྫོང་ཆུས་ཁག་གིས་འབྲི་གཡག་སྡོམ་གསོས་འདུ་འགོད་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཐབས་ཤེས་གང་ཡོད་བཏོན་ནས་འབྲི་གཡག་སྡོམ་གསོས་འཕེལ་རིམ་མགྱོགས་སུ་བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་འབྲི་གཡག་སྡོམ་གསོས་ལ་མ་དངུལ་སྒོར་ཁྲི་9062.9བཏང་བ་དེ་དག་འབྲི་གཡག་སྡོམ་གསོས་མཉམ་ལས་ཁང(ཁེ་ལས)7དང་འདམ་གཞུང་རྫོང་གི་ཁྱིམ་ཚང་དཔེ་སྟོན་འབྲོག་ར་17གྱི་གསོ་ཚགས་རྟེན་གཞི་འཕེལ་རྒྱས་གཏོང་རྒྱུར་སྤྲད་པ་རེད། དེའི་ནང་འདམ་གཞུང་རྫོང་གིས་མ་དངུལ་རང་གྲབས་བྱས་ཏེ་སྔོན་ལ་ཚོད་ལྟ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་འབྲི་གཡག་ཁྱིམ་ཚང་འབྲོག་རའི་ཚོད་ལྟའི་དཔེ་སྟོན་ལག་བསྟར་བྱས་ཏེ་ལག་ཡོད་མགོ་གྲངས་150ཡན་དང་བཤས་གཏོང་ཚད་20%ཟིན་པའི་དུད་ཚང་གསུམ་བདམས་པ་དང་ཁོང་ཚོས་འབྲི་གཡག་སྡོམ་གསོས་ཀྱི་ཉམས་མྱོང་གསོག་འཇོག་བྱས་ནས་རྫོང་དེ་ཡོངས་ཀྱི་འབྲི་གཡག་སྡོམ་གསོས་འདུ་འགོད་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། “གོམ་སྟབས་རྗེས་མར་གྲོང་ཁྱེར་ཡོངས་སུ་ཁྱིམ་ཚང་འབྲོག་རའི་སྡོམ་གསོས་བྱེད་སྟངས་ཁྱབ་གདལ་གཏོང་བ་དང་འབྲི་གཡག་སྡོམ་གསོས་བྱེད་སྟངས་གསར་གཏོད་བྱས་ཏེ་འབྲོག་པའི་ཕན་འཕར་དང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་ཚུའེ་ཡུང་ཀང་གིས་གསར་འགོད་པར་ངོ་སྤྲོད་བྱས། 

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་འབྲི་གཡག་སྡོམ་གསོ་མཉམ་ལས་ཁང(ཁེ་ལས)ཁག་གིས་འབྲོག་དུད་763སྐུལ་ཁྲིད་བྱས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་273ཡོད། མིག་སྔའི་བར་མགོ་གྲངས་4871སྡོམ་གསོས་བརྒྱབ་ནས་བཤས་བཏང་བའི་ནང་འདམ་གཞུང་རྫོང་གིས་མགོ་གྲངས་2196བཤས་བཏང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།