[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>འཕྲིན་གསར།
  • ཤེས་དཔལ་དང་ལྷན་སྐྱོད། བདེ་སྐྱིད་དང་མཉམ་འགྲོགས།

    ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་རྒྱུར་སྐུལ་འདེད་བཏང་བའི་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-17

    2015ལོའི་ཟླ་2ཚེས་28ཉིན། ལྷ་ས་གྲོང་ཁྱེར་གྱིས“རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར”གྱི་གཟི་བརྗིད་མཚན་སྙན་གྲུབ་འབྲས་ཐོབ་པའི་སྒོ་ནས་མུ་མཐུད་བླངས་པ་དེ་ནི་གྲོང་ཁྱེར་ཞིག་གི་གཟུགས་བརྙན་དང་རྣམ་པར་བསྔགས་བརྗོད་ཆེ་ཤོས་བྱས་པ་ཞིག་རེད་ལ། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་ནང་གནས་སྤུས་ཀ་ལེགས་སུ་གཏོང་འགོ་འཛུགས་ས་གསར་པ་ཞིག་ཀྱང་རེད། ཉེ་ཆར་ཀྲུང་དབྱང་ཤེས་དཔལ་གཞུང་དོན་ཁང་གིས་སྐབས་ལྔ་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གྱི་མིང་ཐོ་ཡོངས་བསྒྲགས་བྱས་པའི་ནང་ཁྱོན་གྲོང་ཁྱེར་89འཁོད་ཡོད་པ་རེད། བསྐྱར་བཤེར་གཏན་འཁེལ་བྱས་ནས་གཟི་བརྗིད་མཚན་སྙན་མུ་མཐུད་སོར་ཉར་བྱས་པའི་སྐབས་གོང་མའི་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་83ཡོད་པ་དང་། ལྷ་ས་གྲོང་ཁྱེར་འདི་ཉིད་མིང་གྲལ་དུ་ཚུད་པ་དེ་ཐོག་ནས་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཟི་བརྗིད་མཚན་སྙན་ཐེངས་གསུམ་མུ་མཐུད་བླངས་པ་མཚོན་ཡོད་པ་རེད།

    “ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་པའི”ལམ་བུའི་ཐོག“ནུས་ཤུགས་མཉམ་འདོན་གྱིས་བསྐྱོད་པ”

    ཤེས་དཔལ་ནི་སྐྱེ་ཐོབ་ནས་ཡོད་པ་ཞིག་གཏན་ནས་མིན། “ཤེས་དཔལ་ལྡན་པའི་མི”ནས“ཤེས་དཔལ་ལྡན་པའི་གྲོང་ཁྱེར”བར་ཚང་མར་གོང་དཔེ་འོག་ལྟའི་བརྒྱུད་རིམ་ཧ་ཅང་རིང་པོ་ཞིག་ཡོད། རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གྱི་གཟི་བརྗིད་དེར་དམིགས་ནས།ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་པའི་ལས་དོན་ལ་དམིགས་ཏེ“ནུས་ཤུགས་མཉམ་འདོན་གྱིས་སྐྱོད”པ་རེད།

    ཤེས་དཔལ་ལེགས་སུ་གཏོང་བར་མུ་མཐའ་མེད། གསར་གཏོད་ཟབ་གཏོང་ནམ་ཡང་མཚམས་འཇོག་མེད། དུས་ཡུན་རིང་པོའི་ནང་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་དང་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏིང་ཟབ་གཏོད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏིང་ཟབ་གཏོད་པའི་ལས་དོན་དེ་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་གྱི་ནང་དོན་གལ་ཆེན་དང་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩིས་ནས་མི་རྒྱུ་དངུལ་གསུམ་གྱིས་འགན་ལེན་གང་ལེགས་བྱེད་ཀྱི་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་དང་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱབ་སྐྱོར་དང་གཞོགས་འདེགས་ཤུགས་ཆེན་དང་། ལས་འགན་ལ་རིམ་པ་བཞིན་དམིགས་པ། དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ནས་གྲོང་ཁྱེར་དེར་བཅའ་སྡོད་བྱེད་མཁན་ཚན་པ་ཁག་ཚང་མས་བསམ་པའི་དཔལ་ཡོན་སྲོལ་གཏོད་དམ་ཡང་ན་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏིང་ཟབ་གཏོད་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ལས་བགོས་འགོ་ཁྲིད་དང་། འགན་ཁུར་ཁོའོ་ཧྲི། ཞིབ་ཕྲའི་འགན་འཁུར་བ་བཅས་ཁ་གསལ་བཟོས་པ་དང་། དེ་དག་སོ་སོས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་ལས་ཀའི་ཇུས་གཞི་བཟོས་ཏེ་ལས་འགན་ཁག་དོན་འཁྱོལ་བྱས་ནས་ལས་དོན་ཁག་ལ་བཀོད་སྒྲིག་ཡོད་པ་དང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱིས་ད་དུང་བསམ་པའི་དཔལ་ཡོན་སྲོལ་གཏོད་ལས་དོན་དང་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏིང་ཟབ་གཏོད་པའི་ལས་དོན་དེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལོ་འཁོར་གྱི་དམིགས་ཚད་དཔྱད་ཞིབ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་དམིགས་ཚད་དཔྱད་ཞིབ་སོགས་ཀྱི་ནང་དུ་བཅུག་ནས“སྤ་སེ་གཅིག་གིས་ཁྲ་ལོག་པའི་ལམ་ལུགས”ལག་བསྟར་བྱས་པས། གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་གྱི་གཅིག་གྱུར་འགོ་ཁྲིད་དང་། གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་གི་གཅིག་གྱུར་མཐུན་སྦྱོར། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཡོངས་ཀྱི་ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏིང་ཟབ་གཏོད་པར་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་བྱེད་པའི་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་རེད།

    “ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་པའི”བྱེད་སྒོར་གསར་གཏོད་ཀྱི་ནང་དོན་ཕུན་སུམ་ཚོཌ་པ།

    2012ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་ལོ་ལྟར་དཔྱིད་གསར་དུས་ཆེན་དང་། དྭངས་གསལ་དུས་ཚིགས། ལྔ་པའི་ཚེས་ལྔའི་དུས་ཆེན། ཟླ་མཆོད་དུས་ཆེན། དགུ་པའི་ཚེས་དགུའི་དུས་ཆེན་སོགས“ང་ཚོའི་ལེ་ཚན”ཞེས་པའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། དུས་ཐེངས་ཚང་མར“ང་ཚོའི་ལེ་ཚན། ཀྲུང་ཧྭའི་གླུ་དབྱངས་ལེན་པའི་བྱ་སྤྱོད——ལྷ་སའི་ལེའུ”ཡི་བརྙན་ལམ་བཟོས་པ་མ་ཟད། ལྷ་ས་བརྙན་འཕྲིན་ལས་ཁུངས་ཀྱིས་ལེ་ཚན་སྟོན་པའི་དུས་ཚོད་ཡག་ཤོས་དང་ལྷ་སའི་ཤེས་དཔལ་དྲ་བར་ཡུན་རིང་བསྟན་པ་རེད། དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱིས་ད་དུང་བོད་ཀྱི་ལོ་གསར་དང་ཞོ་སྟོན“ང་ཚོའི་ལེ་ཚན”ཞེས་པའི་བརྗོད་བྱ་གཙོ་བོའི་བྱེད་སྒོའི་ཁྱབ་ཁོངས་སུ་བཅུག་པ་དང་། “3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་སོགས་དྲན་གསོའི་ཉིན་མོ་གལ་ཆེན་དང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་སྤྱད་དེ་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད།

    “ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་པའི”གྲུབ་འབྲས་ལས་མི་སེར་ལ་ཕན་པ་ཐོབ་པ།

    “ཤེས་དཔལ་ལྡན་པའི་གྲོང་ཁྱེར་གཏོད་པའི”ཐོག་མའི་སྐབས་སུ་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དམངས་ཆེད་གསར་གཏོད་དང་གསར་གཏོད་དམངས་ཕན་གྱི་འདུ་ཤེས་ཟབ་ཏུ་བཏང་ཡོད། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གསར་གཏོད་གྲུབ་འབྲས་ཀྱིས་དམངས་འཚོར་ཕན་འདོགས་པ་དང་མི་སེར་གྱིས“ཤེས་དཔལ་ལྡན་པའི་གྲོང་ཁྱེར་བཏོད་པ”ལས་བྱུང་བའི་འགྱུར་ལྡོག་མངོན་གསལ་དོད་པོ་ཚོར་བར་བྱས་པས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཆེ་རུ་ཕྱིན་ཡོད།

    2016ལོའི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་313བསྟན་པ་དང་། མཁའ་རླུང་ལེགས་ཚད་85.5%ཟིན་པ། མཁའ་རླུང་སྤུས་ཚད་ཀྱི་ཕྱོགས་བསྡུས་ཨང་རིམ་རྒྱལ་ཡོངས་ཀྱི་མདུན་གྲལ་གྱི་ཨང་བཅུ་པར་སླེབས་པ་སོགས་ཀྱི་གྲངས་གཞི་ལས་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་པོ་ཡོད་པ་མཚོན་ཐུབ།

    “རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་དཔེ་སྟོན་གྲོང་ཁྱེར”དང་། “རྒྱལ་ཁབ་ཀྱི་སྣོད་བཅུད་སྐྱེད་ཚལ་གྲོང་ཁྱེར”“རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར”“ཀྲུང་གོའི་འཁོར་རྒྱུག་དཔལ་འབྱོར་གྱི་ལྗང་མདོག་འཕེལ་རྒྱས་གྲོང་ཁྱེར་རྩེ་གྲ་བཅུ”“ཀྲུང་གོའི་ལྗང་མདོག་གྲོང་ཁྱེར་རྩེ་གྲ་བཅུ”སོགས་ཀྱི་གཟི་བརྗིད་མཚན་སྙན་དེ་དག་གིས་གྲོང་ཁྱེར་གྱི་ཁོར་ཡུག་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་པ་མཚོན་ཡོད་ལ། མཛེས་སྡུག་ལྡན་པའི་ལྷ་སར་སྡོད་པར་ཧ་ཅང་འཚམ་ལ་ལས་ཞུགས་ལ་ཡང་འཚམ་པོ་ཡོད་པ་གང་ལེགས་མངོན་ཡོད།

    སྨན་བཅོས་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་སྔོན་ལ་བདེ་ཐང་ཐབས་ཇུས་ལག་བསྟར་བྱས་པ་དང་། ལྗོངས་ཡོངས་ཀྱི་སྔོན་ལ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི“སྔོན་ལ་སྨན་བཅོས་དང་རྗེས་ལ་རྩིས་རྒྱག་པའི”འགྲོ་སོང་རྩིས་ཞུ་བྱེད་སྟངས་ཁྱབ་གདལ་བཏང་བ། ལྗོངས་ཡོངས་ཀྱི་སྔོན་ལ“རིམ་དབྱེ་སྨན་བཅོས་ཀྱི་ཚོད་ལྟ”དང“གཞུང་བཙུགས་སྨན་ཁང་སྒྱུར་བཅོས”“སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་བོད་སྐྱོར”“ཁྱིམ་ཚང་སྨན་པ་གཏན་འཁེལ་ཞབས་ཞུ”“རྫོང་ཤང་གཞི་གཅིག་ཅན་འཚོལ་ཞིབ”སོགས་ཀྱི་ལམ་སྲོལ་གསར་པ་ལག་ལེན་བསྟར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།