[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>འཕྲིན་གསར།
  • གྲོང་གསེབ་ཏུ་ཚ་ཚ་འུར་འུར་ངང་སྒྲོག་འགྲེལ་བྱེད་པ།

    སྨན་གླིང་རྫོང་བམ་གྲོང་གྲོང་ཚོར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-17

    གསར་འགོད་པ་རླངས་འཁོར་བསྡད་དེ་ཡར་ཀླུང་གཙང་པོའི་ངོགས་ཀྱི་གྲོང་ཚོ་ཆུང་ངུ་སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་བམ་གྲོང་གྲོང་ཚོར་འབྱོར་སྐབས་ཞིང་དལ་སྐབས་ཀྱི་ཞིང་པ་ཚོ་གཉིས་རེ་གསུམ་རེ་བྱས་ཏེ་རླུང་འཕྲིན་ནང་ནས་བཏང་བའི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཉན་པ་དང་སྐབས་རེ་གྲོས་བསྡུར་ཡང་བྱེད་བཞིན་འདུག

    “ངས་བལྟས་ན་རླུང་འཕྲིན་ནང་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཏོང་བའི་བྱེད་ཐབས་དེ་ཧ་ཅང་ཡག་པོ་འདུག་ལ་གོ་བདེ་ཤེས་སླ་བ་ཞིག་ཀྱང་འདུག བྱེད་ཐབས་འདི་ནི་ངར་འཚམ་ཤོས་རེད་འདུག ད་ཆ་ངས་ཉིན་ལྟར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཉན་གྱི་ཡོད་པས་སེམས་ནང་ངེས་པོ་འདུག སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བརྩེ་བ་ཟབ་མོ་གནང་གི་འདུག

    ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རླུང་འཕྲིན་བརྒྱུད་བོད་སྐད་ནས་བརྒྱུད་བསྒྲགས་བྱས་པས་ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ག་དུས་ཡིན་རུང་ཤེས་རྟོགས་ཐུབ་ཀྱི་འདུག”ཅེས་བམ་གྲོང་གྲོང་ཚོའི་གྲོང་མི་ཚོས་གྲོས་བསྡུར་བྱེད་བཞིན་ཡོད།

    ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་བམ་གྲོང་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་ཨོ་རྒྱན་ཚེ་རིང་གིས་འཕྲལ་མར་གྲོང་ཚོའི་ནང་གི་བོད་ཡིག་གི་རྨང་གཞི་ཡག་པའི་གྲོང་མི་རུབ་རུབ་བཟོས་ཏེ་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དུས་ཐོག་ཏུ་མི་སེར་ལ་བརྒྱུད་བསྒྲགས་བྱས་རུང་གྲོང་མི་ཚོའི་རིག་གནས་ཆུ་ཚད་གཞན་པས་སྲིད་ཇུས་རང་བཞིན་གྱི་ནང་དོན་དེ་དག་ལ་གོ་བ་ལེན་ཁག་པོ་ཡོད་སྟབས་ནང་དོན་ཁག་གཅིག་ཆ་ལག་ཚང་བའི་ངང་སློབ་སྦྱོང་བྱེད་མ་ཐུབ་པ་སོགས་ཡོང་གི་ཡོད། ཨོ་རྒྱན་ཚེ་རིང་གིས་སྨན་གླིང་རྫོང་རྒྱལ་ཁབ་ས་ཆ་ཅུས་དང་སྨན་གླིང་གྲོང་རྡལ་སྲིད་གཞུང་དང་བམ་གྲོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་སྐད་ཆ་བྱས་ཏེ་ཁོང་ཚོར་གྲོང་མི་ཚོར་གཅིག་སྡུད་ཐོག་སྒྲོག་འགྲེལ་བྱ་རྒྱུའི་རེ་བ་བཏོན་པ་དང་ད་རེས་སླར་ཡང་ཡིག་སྒྱུར་བྱས་ཟིན་པའི་ནང་དོན་དག་ཡིག་སྐད་ཤུགས་ཆེ་དྲགས་པའི་དབང་གིས་ཕན་འབྲས་དེ་ཙམ་ཐོན་ཐུབ་མེད།

    བྱེད་ཐབས་གང་འདྲ་ཞིག་སྤྱད་ཚེ་གཞི་ནས་གྲོང་མི་ཚོས་གོ་ཐུབ་པ་དང་ཉན་སྤྲོ་བ་ཞིག་ཡོང་རྒྱུའི་ཐད་ཨོ་རྒྱན་ཚེ་རིང་གིས་བསམ་བློ་མང་པོ་བཏང་ཡོད། ཁོང་ལ་ཐབས་ཤེས་མ་རྙེད་པའི་སྐབས་སུ་བོད་སྐད་ཀྱི་རླུང་འཕྲིན་ཞིག་རྣ་བར་ཐོས་པས་ཁོང་གི་བསམ་པར་ངས་ཉིན་ལྟར་རླུང་འཕྲིན་ཉན་པ་མ་ཟད་དེའི་ནང་གི་དོན་དག་ཚང་མ་གོ་ཐུབ་ཀྱི་འདུག་པས་ངས་བྱེད་ཐབས་དེ་སྤྱད་ཚེ་ལམ་ལྷོངས་ཡོང་སྲིད་སྙམ།

    འཆར་གཞི་འགོད་པ་ལས་བྱ་སྤྱོད་སྤེལ་ན་ལེགས། འཆར་གཞི་དེ་ཡོད་པ་ལས་ཁོང་གིས་འཕྲལ་མར་རང་ཉིད་ཀྱིས་ཕབ་བཟོ་ཐེངས་མང་བྱས་རྗེས་གྲོང་མི་ཚོ་ཉན་དུ་འཇུག་སྐབས་གྲོང་མི་མང་པོས་ནང་དོན་ཁག་གཅིག་གོ་བ་ལེན་ཐུབ་ཀྱི་མི་འདུག་ཅེས་བརྗོད་པ་དཔེར་ན་གང་ཞིག་ནི་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་སྒོ་ཚང་དུ་གཏོང་བ་ཟེར་རམ་ཞེས་པ་ལྟ་བུའོ། རང་ཉིད་ཀྱིས་ཕབ་བཟོ་བྱས་ནའང་མི་འགྲིག་པས་གྲོང་སྡོད་ལས་དོན་རུ་ཁག་བཙལ་ནས་རོགས་པ་བྱེད་རྒྱུའི་རེ་བ་འདོན་རྒྱུའི་ཐག་བཅད།

    གྲོང་སྡོད་ལས་དོན་རུ་ཁག་ལའང་ཕབ་བཟོ་བྱ་རྒྱུར་དེ་མཚུངས་ཀྱི་དཀའ་ངལ་འཕྲད། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་བསོད་ནམས་སྒྲོལ་དཀར་གྱིས“ཕབ་བཟོ་བྱས་པའི་ཕན་འབྲས་དེ་ཙམ་ཡག་པོ་མི་འདུག གྲོང་མི་ཚོས་གོ་ཐུབ་ཀྱི་མི་འདུག་པས་ང་ཚོས་ཨོ་རྒྱན་ཚེ་རིང་དང་མཉམ་དུ་སྐད་ཆ་བྱས་ཏེ་ང་ཚོའི་རྫོང་ཨུད་དྲིལ་བསྒྲགས་པུའུ་ལ་གནས་ཚུལ་དེ་བརྗོད་ན་ཡག་པོ་ཡོད་པའི་ངོས་འཛིན་བྱས། དྲིལ་བསྒྲགས་པུས་རིམ་པ་བཞིན་གདམ་གསེས་བྱས་པ་བརྒྱུད་དེ་དང་འཚམ་ཤོས་ཀྱི་ཡིག་སྒྱུར་བ་དང་སྙན་སྒྲོན་པ་བདམས་ནས་ཉིན་20ལྷག་ཙམ་དཀའ་ལས་མང་པོ་བརྒྱབ་རྗེས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་དུས་ཐེངས་དང་པོ(བསྡོམས་དུས་ཐེངས་བཞི)དེ་ཕབ་བཟོ་ཟིན་པ་དང་སྦྲགས་འོད་སྡེར་བཟོས་ནས་ང་ཚོར་སྤྲད་བྱུང”ཞེས་བཤད།

    ཨོ་རྒྱན་ཚེ་རིང་དང་གྲོང་སྡོད་ལས་དོན་རུ་ཁག་ལ་འོད་སྡེར་རག་རྗེས་གྲོང་ཚོ་ཨུ་ལྷན་གྱི་རླུང་འཕྲིན་ནས་ཡང་ཡང་བཏང་བས་གྲོང་མི་ཚོ་རང་འགུལ་ངང་ཉན་པར་ཡོང་བའི་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ཡོད། “རླུང་འཕྲིན་བཏང་རྗེས་གྲོང་མི་ཚོ་དུས་ཚོད་བྱུང་རིམ་བཞིན་གྲོང་ཚོ་ཨུ་ལྷན་དུ་ཉན་པར་ཡོང་གི་ཡོད་མ་ཟད་ཁག་གཅིག་གྲོང་ཚོ་ཨུ་ལྷན་བརྒྱུད་ནས་འགྲོ་སྐབས་འགྲོ་མཚམས་བཞག་སྟེ་དུམ་བུ་གཅིག་ཉན་རྗེས་གཞི་ནས་སྐྱོད་ཀྱི་ཡོད། མདོར་ན་ཚང་མས་བྱེད་ཐབས་དེ་ཧ་ཅང་ཡག་པོ་འདུག་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད”ཅེས་ཨོ་རྒྱན་ཚེ་རིང་གི་ངོ་གདོང་ལས་འཛུམ་མདངས་འཕྱུར་བཞིན་བཤད།

    ཨོ་རྒྱན་ཚེ་རིང་གིས་ལས་དོན་དེ་དག་སྒྲུབ་པ་ནི་གྲོང་སྡོད་ལས་དོན་རུ་ཁག་གི་རོགས་རམ་དང་ཁ་འབྲལ་ཐབས་མེད། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་ཁྲེན་ཞའོ་ཅོན་གྱིས“ང་ཚོས་ཨོ་རྒྱན་ཚེ་རིང་གི་བསམ་ཚུལ་དེ་ཐོག་མར་ཐོས་སྐབས་ཐབས་ཤེས་ཡག་པོ་ཞིག་རེད་སྙམ་བྱུང་། ཚང་མས་གྲོང་མི་ཚོས་ཤེས་རྟོགས་ཐུབ་པ་བྱུང་ན་དཀའ་ལས་ག་ཚོད་རྒྱག་དགོས་རུང་རྒྱག་རིན་ཡོད་པ་ཞིག་རེད་སྙམ་ནས་ཁོང་དང་མཉམ་དུ་རིམ་པ་བཞིན་གོང་རིམ་ལ་སྙན་སེང་ཞུས་ནས་འོད་སྡེར་མ་རག་བར་དཀའ་བ་མང་པོ་སྤྱད་པ་ཡིན། ད་ཆ་ང་ཚོས་འོད་སྡེར་དེ་སྐད་འཕྲིན་ནང་བླུགས་ཏེ་ང་ཚོ་སོ་སོས་བཙུགས་པའི་ཏང་ཡོན་གྱི་སྐད་འཕྲིན་ཚོགས་པ་དང་གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མིའི་སྐད་འཕྲིན་ཚོགས་པ། ཡུལ་དམག་གི་སྐད་འཕྲིན་ཚོགས་པ་སོགས་ནང་བཏང་བ་མ་ཟད། སྐབས་རེ་མང་ཚོགས་ལ་ཐད་ཀར་སྐད་འཕྲིན་ནང་བཏང་ནས་ཁོང་ཚོས་ག་དུས་ཉན་འདོད་རུང་ཉན་ཆོག་ཆོག་ཡོད”ཅེས་བཤད།

    ཁྲེན་ཞའོ་ཅོན་གྱིས་དེ་ལྟར་བརྗོད་པ་ཐོས་རྗེས་གཞོགས་ཤིག་ཏུ་བསྡད་ཡོད་པའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་པད་མ་ནོར་བུས“དྲིལ་བསྒྲགས་པུའུ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་ང་ཚོར་རོགས་རམ་འདི་ལྟ་བུ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་སྔ་ང་ཚོས་གཅིག་སྡུད་ཐོག་སྒྲོག་འགྲེལ་བྱེད་སྐབས་གྲོང་མི་ཚོས་ཐེངས་གཅིག་ལ་སྐད་ཆ་དུམ་བུ་གཉིས་གསུམ་ལས་ངེས་ཐུབ་ཀྱི་མེད་པ་མ་ཟད་ཉིན་ཁ་ཤས་སོང་རྗེས་དེའང་བརྗེད་འགྲོ་གི་ཡོད། ད་ཆ་རླུང་འཕྲིན་ནས་ཉིན་ལྟར་གཏོང་གི་ཡོད་པས་གྲོང་མི་ཚོ་ཞིང་ནང་དུ་ཡོད་པའམ་ཡང་ན་ཐབ་ཚང་སོགས་གང་དུ་ཡོད་རུང་ཐོས་ཐུབ་ཀྱི་ཡོད་སྟབས་ཉིན་ལྟར་སྐད་ཆ་དུམ་བུ་གཉིས་གསུམ་ཙམ་ངེས་ཐུབ་པས་ཚོགས་ཆེན་བཅུ་དགུ་པའི་ནང་དོན་རྒྱུས་མངའ་ཐུབ་པ་མ་ཟད་སེམས་སུ་ཟུག་ཐུབ་པ་བྱུང་། ངའི་བསམ་པར་སྒྲོག་འགྲེལ་བྱེད་ཐབས་འདི་རིགས་ཀྱིས་གྲོང་མིའི་རྒྱུན་གཏན་གྱི་འཚོ་བ་དང་ལས་ཀར་ཤུགས་རྐྱེན་མི་ཐེབས་པའི་ཁར་ཁོང་ཚོར་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཐུབ་པའི་ཕན་འབྲས་ཐོན་ཐུབ་པས་བྱེད་ཐབས་འདི་རིགས་མི་མང་པོས་སྤྱད་དེ་གཞི་རིམ་གྱི་མི་སེར་དེ་བས་མང་བས་ཚོགས་ཆེན་བཅུ་དགུ་པའི་ནང་དོན་ཤེས་རྟོགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།