[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>འཕྲིན་གསར།
  • ཞབས་ཞུ་གསར་པ་དང་འགྱུར་ལྡོག་གསར་པ།

    བོད་ཀྱི་གྲོང་གསེབ་གློག་གཏོང་ཁེ་ལས་ཀྱིས་དོ་དམ་ཚད་ལྡན་ཅན་དུ་འགྱུར་བའི་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-17

    “གྲོང་གསེབ་ཀྱི་གློག་དྲ་ཚབ་གཉེར་བྱས་ཚུན། ང་ཚོས་བདེ་འཇགས་སྒྲིག་སྲོལ་སློབ་སྦྱོང་བྱ་རྒྱུ་དེ་ལས་ཀའི་གལ་ཆེན་ནང་གི་འགངས་ཆེར་བརྩིས་ནས་དུས་གཏན་འཁེལ་ཐོག་ཟླ་བ་རེ་དང་དུས་ཚིགས་རེར་བདེ་འཇགས་སྒྲིག་སྲོལ་སྐོར་ཡིག་རྒྱུགས་བཏང་བ་མ་ཟད། རྒྱལ་ཁབ་གློག་དྲ་ཀུང་སིས་རྒྱལ་ཁབ་གློག་དྲའི་ཆོན་ཀྲོའུ་གློག་གཏོང་ཀུང་སིའི་བོད་སྐྱོར་ལས་བྱེད་པ་4མངགས་ནས་བདེ་འཇགས་ཐོན་སྐྱེད་དང་། ཉམས་གསོ་དོ་དམ། བྲིན་ཚོང་ཞབས་ཞུ་སོགས་ཐད་དོ་དམ་གྱི་རྨང་གཞི་བརྟན་དུ་བཏང་བས། ང་ཚོ‘དམག་སྡེ་བརྒྱད་པ’ནས་ད་ཆའི‘དངོས་གཞིའི་དམག་མི’ཞིག་ཏུ་གྱུར་ཏེ་ཀུང་སིའི་ཚོང་གཉེར་དོ་དམ་དང་། ལས་མིའི་ལག་རྩལ་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གློག་གཏོང་ཀུང་སིའི་སྤྱི་གཉེར་བ་ཚེ་པས་དེ་ལྟར་བཤད།

    ཀོང་པོ་རྒྱ་མདའ་རྫོང་གློག་གཏོང་ཀུང་སིའི་གཞུང་དོན་ཐོག་ཁང་དུ་འཛུལ་སྐབས། དྲིལ་བསྒྲགས་སྒྲོམ་ནང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་དང་། རུལ་རྒོལ་གཙང་སྤེལ། ཏང་ཀྲི་པུའི་ངོ་སྤྲོད་མདོར་བསྡུས། “དུས་ཚོད་གསུམ”གྱི་བྱེད་སྒོའི་དྲིལ་བསྒྲགས་འགྲེམས་པང་བཅས་རེ་རེ་བཞིན་མིག་ལམ་དུ་གསལ་ལེར་མངོན། དེ་ནི་ཀོང་པོ་རྒྱ་མདའ་རྫོང་གློག་གཏོང་ཀུང་སིས་ཏང་ཡོན་ལས་བྱེད་པ་མི་རེ་ངོ་རེར“དུས་ཚོད་གསུམ”(ལས་མིའི་སྐྱེས་ལོའི་དུས་ཚོད་དང་། ལས་ཀར་ཞུགས་པའི་དུས་ཚོད། ཏང་ནང་ཞུགས་པའི་དུས་ཚོད)བཟོས་ནས་ཏང་ཡོན་རེ་རེའི་མི་ཚེའི་དམིགས་འབེན་དང་། ཕུགས་བསམ་དད་སེམས་དྲིལ་བསྒྲགས་སྒྲོམ་ནང་གསལ་ལེར་བཀོད་པ་ལས།ཚང་མར་རྟག་ཏུ་ལས་བཀུར་ལས་གཅེས་དང་སྤྱོད་གཙང་སྲིད་གཙང་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་གློག་དྲ་ཀུང་སིའི་ཆེད་ལས་དོ་དམ་དང་ཁ་གཏད་རོགས་སྐྱོར་འོག“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གྲོང་གསེབ་ཀྱི་གློག་དྲ་ཚབ་གཉེར་རྫོང་གི་གློག་གཏོང་ཀུང་སི་50ཡི་གཉེར་སྐྱོང་དམིགས་ཚད་ཁག་མངོན་གསལ་དོད་པོས་མཐོ་རུ་སོང་ཞིང་། 2016ལོར་རྫོང་གློག་གཏོང་ཀུང་སིས་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་7.6ཕྱིར་ཚོང་བྱས་པ་དེ་དུས་མཚུངས་ལས་46%འཕར་བ་དང་། ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་5ཟིན་པ་དེ་དུས་མཚུངས་ལས་64%མང་དུ་སོང་བ། གློག་རིན་གྱི་བསྡུ་ཚད་97%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.23འཕར་བ། གློག་སྐུད་སྐྱོན་ཤོར་ཚད་17%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་8ཆག་པ་བཅས་རེད།

    ལོ་བཞིའི་རིང་། རྒྱལ་ཁབ་གློག་དྲ་ཀུང་སིས་ཀྲུང་དབྱང་ཁེ་ལས་ཀྱི་དོ་དམ་དང་། ལག་རྩལ། ཤེས་ལྡན་པ་བཅས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་ནང་སའི་ཞིང་ཆེན་གྱི་ཀུང་སི་23ནས་སྔ་རྗེས་སུ་ཁག་གཉིས་ཀྱི་མི་331བདམས་གསེས་བྱས་ནས་རྫོང་ཁག་གི་གློག་གཏོང་ཀུང་སིར་རོགས་པ་བྱེད་མཁན་3ནས་4བར་བཏང་བ་དང་། ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་རུ་ཁག་ཁག་གི་བོད་སྐྱོར་ལས་བྱེད་པས་འཚོ་བ་དང་ལས་ཀའི་མཐུན་རྐྱེན་ཞན་པའི་དཀའ་བ་ཁྱད་དུ་བསད་པ་དང་རྫོང་ཀུང་སིའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་མངགས་གཏོང་ཚན་པའི་ཤུགས་ཆེའི་རྒྱབ་སྐྱོར་ལ་བརྟེན་ཏེ་ནང་སའི་ཚན་པའི་སྔོན་ཐོན་གྱི་དོ་དམ་འདུ་ཤེས་དང་། ལས་ཀའི་བསམ་ཕྱོགས། བྱེད་སྟངས་བཟང་པོ་བཅས་ཁྱབ་གདལ་ཧུར་ཐག་བཏང་བ་དང་། རྫོང་མཁར་གློག་དྲའི་འཆར་འགོད་ལས་དོན་ནང་རང་འགུལ་ངང་ཞུགས་པས། ཚབ་གཉེར་རྫོང་གི་ཀུང་སིའི་དོ་དམ་གྱི་ཆུ་ཚད་དང་ལས་མིའི་རྩལ་ནུས་མཐོ་རུ་སོང་ནས་རྫོང་གློག་གཏོང་ཀུང་སིས་བདེ་འཇགས་ངང་ཐོན་སྐྱེད་དང་། ཚོང་གཉེར་དོ་དམ། སྤུས་ཚད་ཞབས་ཞུ་སོགས་ཁེ་ལས་ཀྱི་དོ་དམ་ཡང་དག་པའི་སྲོལ་ལམ་ཐོག་སྐྱོད་ཐུབ་པ་བྱུང་སྟེ་བོད་ཀྱི་གྲོང་གསེབ་ཀྱི་གློག་དྲ་འཛུགས་སྐྲུན་དང་ཞབས་ཞུ་སྒྲུབ་ནུས་ཆེས་ཆེར་ལེགས་སུ་སོང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།