[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>འཕྲིན་གསར།
  • ནུས་ཤུགས་ཡོད་རྒུས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་628བསྐྲུན་རྒྱུ་ཡིན་པ།

    ​ བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ཐད་མཐའ་མཚམས་མ་བརྗེད་པ་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-17

    ཐེམ་ཐོ་ཡོད་པ་དུད་ཚང་9དང་མི་གྲངས་32ཁོ་ན་ལས་མེད་པའི་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ལ་འདི་ལོའི་ལོ་མཇུག་གོང་གློག་དང་། ཨར་འདམ་ལམ། སྦྲག་སྲིད། དྲ་ཆེན་བཅས་ཤར་གཏོང་ཐུབ་རྒྱུ་རེད། ཤང་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས“འཛུགས་སྐྲུན་འཆར་འགོད་གསར་པར་དཔྱད་ཞིབ་ཟིན་པས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་མགྱོགས་མྱུར་སྐྲུན་ཐུབ་རྒྱུ་རེད”ཅེས་དགའ་ཚོར་ཆེན་པོའི་སྒོ་ནས་བཤད། འཆར་འགོད་གསར་ཤོས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་རྫོང་21གི་མཐའ་མཚམས་གྲོང་ཚོ་628ལོ་3གྱི་ནང་ཡུལ་སྨད་ལྟར་ཚང་མ་དབུལ་སྒྲོལ་ཐུབ་རྒྱུ་མ་ཟད། མཐའ་མཚམས་མི་སེར་གྱི་ཡོང་འབབ་མང་དུ་འགྲོ་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་སོགས་བོད་ཀྱི་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་རྒྱུ་མ་ཟད་ཐ་ན་དེ་ལས་བརྒལ་ཐུབ་རྒྱུ་རེད།

    བོད་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གྱི་འཐབ་ས་མདུན་མར་གནས་པ་ནི་རང་རྒྱལ་གྱི་སྐམ་སའི་རྒྱལ་མཚམས་དབྱེ་མེད་པའི་ས་ཁོངས་འབའ་ཞིག་ཡིན་པ་རེད། རང་བྱུང་དང་ལོ་རྒྱུས་སོགས་ཀྱི་རྒྱུ་རྐྱེན་ལས་བོད་ལྗོངས་ཀྱི་མཐའ་མཚམས་རང་རྒྱལ་གྱི་དབུལ་པོ་ཐོན་ཚད་མཐོ་ཤོས་དང་། དབུལ་པོའི་གནས་ཚུལ་ཚབས་ཆེ་ཤོས། དབུལ་སྐྱོར་མ་གནས་མཐོ་ཤོས་བཅས་ཀྱི་ས་ཁུལ་ལ་གྱུར་ནས་མཐའ་མཚམས་རྫོང་21གི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བོད་ཀྱི་ཆ་སྙོམས་རིན་ཐང་བསྡོམས་འབོར་གྱི་བཅུ་ཆ་བདུན་ཡང་ཟིན་གྱི་མེད་པ་དང་མཐའ་མཚམས་གྲོང་ཚོ་628ཁྲོད་337ད་ལྟའང་ཤིན་ཏུ་དབུལ་བའི་ཁོངས་སུ་གཏོགས་ཀྱི་ཡོད་པའི་ནང་སྲིད་འཛིན་གྲོང་ཚོ་67ལ་གློག་ཤར་གཏོང་མི་ཐུབ་པ་དང་25ལ་གཞུང་ལམ་ཤར་གཏོང་ཐུབ་ཀྱི་མེད་པ་རེད།

    མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་གཞི་རྩའི་ཐོག་ནས་ལེགས་བཅོས་བྱས་ཏེ་ཁོང་ཚོ་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞིས་ཚུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཏུ་འགྱུར་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོན་ཁུངས་མཐའ་དག་མཐའ་མཚམས་སུ་ཕྱོགས་དགོས་པའི་བླང་བྱ་བཏོན་ཡོད། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུའི་མ་དངུལ་སྒོར་དུང་ཕྱུར་301དེ་སྔ་འཆར་འགོད་བྱས་པའི་རྨང་གཞིའི་ཐོག་ཉེ་ཆར་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་སླར་ཡང་གྲབས་གསོག་བྱས་ཏེ་དེའི་ཁྲོད་གཏོང་རྒྱུ་ཡིན་པ་དང་གཙོ་བོ་ལམ་དྲ་དང་། གློག་དྲ། དྲ་སྦྲེལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་དམ་འཛིན་བྱས་ནས་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་འཕར་ཚད་དང་། མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། གྲོང་ཚོ་རིམ་པའི་ལས་བྱེད་པའི་ཐོབ་ཐང་། ལས་ཀའི་འགྲོ་གྲོན་སོགས་བོད་ཀྱི་ཆ་སྙོམས་ཆུ་ཚད་ལས་མངོན་གསལ་དོད་པོས་མཐོ་བ་ཡོད་པ་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་རང་སྐྱོང་ལྗོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པ་བྱ་རྒྱུ་རེད།

    བོད་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུ་དེ་དུད་ཚང་ཁྲི་6.216གི་མི་ཁྲི་24ཙམ་ལ་ཁྱབ་ནས་གཙོ་བོ“གློག་དང་། ཆུ། ལམ། འཕྲིན་གཏོང་། དྲ་བ(རླུང་འཕྲིན་གློག་བརྙན་བརྙན་འཕྲིན་དྲ་བ་དང་། སྦྲག་སྲིད་དྲ་བ། དངུལ་རྩའི་ཞབས་ཞུའི་དྲ་བ)སློབ་གསོ། ཚན་རིག རིག་གནས། འཕྲོད་བསྟེན། འགན་ལེན(སྤྱི་ཚོགས་འགན་ལེན་དང་སྡོད་ཁང་འགན་ལེན)”བཅས་ཕྱོགས་བཅུའི་ཐད་ཀྱི་མཐའ་མཚམས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་བཏང་ནས་རྒྱལ་ཡོངས་དང་མཉམ་དུ་དུས་ཐོག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། གསར་འགོད་པར་ཟླ་12ཚེས་8ཉིན་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། མཐའ་མཚམས་མི་སེར་དབུལ་སྒྲོལ་ཕྱུག་འགྱུར་དང་མཐའ་སྲུང་མཐའ་བརྟན་ཟུང་འབྲེལ་དམ་ཟབ་བྱས་ཏེ་2020ལོར་སླེབས་སྐབས་བོད་ཀྱི་མཐའ་མཚམས་ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོ་ཚང་མར་ཨར་འདམ་ལམ་ཤར་གཏོང་ཐུབ་ཚད་95%དང་55%ཟིན་པ་དང་། རང་བྱུང་གྲོང་ཚོར་འགྲོ་ལམ་ཤར་གཏོང་ཐུབ་ཚད་100%ཟིན་པ་བྱ་རྒྱུ་རེད། ཐོན་ལས་ཀྱི་ཁྲིད་སྟོན་དང་སྲིད་ཇུས་ཀྱི་རོགས་སྐྱོར་བརྒྱུད་2020ལོར་སླེབས་སྐབས་མཐའ་མཚམས་མི་སེར་གྱི་མི་རེའི་ཆ་སྙོམས་ད་ཡོད་ཚད་གཞི་ལས་ལྡབ་འཕར་ཡོང་རྒྱུ་མ་ཟད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཚད་གཞི་ལས་མཐོ་བ་ཡོང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།