[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>འཕྲིན་གསར།
  • བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-17

    2017ལོར་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ《〈དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》གཞིར་བཟུང་། དབུལ་པོའི་གནས་ཚུལ་ལ་གཞི་ཚུགས་པ་དང་ལོ་འཁོར་གྱི་དབུལ་སྒྲོལ་དང་དབུལ་པོ་ཉུང་གཏོང་གི་དམིགས་ཚད་ལ་དམིགས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་མ་དངུལ་མཁོ་སྤྲོད་ལམ་སྲོལ་རྒྱུན་ཆད་མེད་པར་ལེགས་སུ་དང་མ་དངུལ་གཏོང་ཤུགས་མང་དུ་བཏང་སྟེ་ལོ་ཧྲིལ་པོར་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་ཁྲི་569758(ཀྲུང་དབྱང་གི་མ་དངུལ་སྒོར་ཁྲི་432958དང་རང་སྐྱོང་ལྗོངས་ཀྱི་མ་དངུལ་སྒོར་ཁྲི་136800)གཤམ་གཏོང་བྱས་ནས་ལྗོངས་ཡོངས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གཏིང་ཟབ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ་དེ་2016ལོ་ནས་སྒོར་ཁྲི་215315འཕར་ནས་འཕར་ཚད་60.74%ཟིན་པ་དང་། དེའི་ནང་ལྷ་ས་གྲོང་ཁྱེར་གྱི་སྒོར་ཁྲི་52043.67དང་། གཞིས་རྩེ་གྲོང་ཁྱེར་གྱི་སྒོར་ཁྲི་145458.47 ལྷོ་ཁ་གྲོང་ཁྱེར་གྱི་སྒོར་ཁྲི་59971.82 ཉིང་ཁྲི་གྲོང་ཁྱེར་གྱི་སྒོར་ཁྲི་36987.02 ཆབ་མདོ་གྲོང་ཁྱེར་གྱི་སྒོར་ཁྲི་154258.36 ནག་ཆུ་ས་ཁུལ་གྱི་སྒོར་ཁྲི་84485.02 མངའ་རིས་ས་ཁུལ་གྱི་སྒོར་ཁྲི་35603.49བཅས་དང་། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་དངུལ་བུན་སྐྱེད་གསབ་མ་དངུལ་སྒོར་ཁྲི་859.98ཟིན་ཡོད་པ་རེད། མ་དངུལ་བཀོད་སྒྲིག་དང་གཤམ་གཏོང་བྱས་ནས་གྲོང་ཁྱེར་དང་ས་ཁུལ་ཁག་ལ་ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལེགས་སྒྲུབ་བྱ་ཆེད་སྲ་ཞིང་བརྟན་པའི་ནོར་ཤུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།