[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>འཕྲིན་གསར།
  • འགོ་ཁྲིད་ལ་ཤུགས་སྣོན་དང་། འགན་འཁྲི་ཁ་གསལ། ལྟ་སྐུལ་ཤུགས་ཆེན་བཅས་བྱེད་དགོས།

    བོད་ཀྱི་ཁག་དྲུག་པའི་གྲོང་སྡོད་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་བདུན་པའི་གྲོང་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་གསུམ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2017-12-16

    དུས་རབས་གསར་པར་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ཐད་དམིགས་ཚད་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་བཏོན་ཡོད། རང་ལྗོངས་ཀྱི་ཁག་བདུན་པའི་ལས་བྱེད་གྲོང་སྡོད་ཀྱི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པར་ངེས་པར་དུ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ཆོད་སེམས་དེ་བས་བརྟན་པོ་དང་། དེ་བས་ཧུར་བརྩོན་ལྡན་པའི་རྣམ་འགྱུར། བྱེད་ཐབས་དེ་བས་ནུས་ལྡན་བཅས་ལ་བརྟེན་ནས་གྲོང་སྡོད་ལས་བྱེད་པ་གནད་སྨིན་མངགས་པ་དང་། རོགས་སྐྱོར་ཏན་ཏིག མང་ཚོགས་བློ་ཡིད་ཚིམ་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས།

    ལས་བྱེད་པ་གྲོང་སྡོད་ལས་དོན་རུ་ཁག་གི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་དགོས། མངགས་གཏོང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་ལས་བྱེད་པ་གྲོང་སྡོད་ལས་ཀའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་སྡོད་ཁག་དྲུག་པའི་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་བདུན་པའི་སྐུལ་སློང་ཚོགས་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་དང་། བློ་གྲོས་དང་སྟོབས་ཤུགས་དེ་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཐོག་གཅིག་སྡུད་བྱས་ནས། ཚན་པ་དེ་གའི་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ལ་རང་འགུལ་ངང་འཆར་གཞི་འདིང་བ་དང་ཞིབ་འཇུག་གཏིང་ཟབ། ལས་ཀའི་གཙོ་གནད་གསལ་བཟོ་དང་། དམིགས་ཚད་ལས་འགན་ཞིབ་ཚགས་སུ་གཏོང་བ། འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། འགོ་ཁྲིད་གཙོ་བོས་དམ་འཛིན་དང་ལས་འགན་ཁག་བགོས་འགོ་ཁྲིད་ཀྱིས་དམ་འཛིན་ཞིབ་ཕྲ་བྱས་ནས་རིམ་པ་བཞིན་ལས་དོན་དོན་འཁྱོལ་དང་རིམ་པ་བཞིན་འགན་འཁྲི་ཏན་ཏིག་ཁུར་ནས་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་པ་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།

    ལས་བྱེད་གྲོང་སྡོད་ཀྱི་ལས་དོན་རུ་ཁག་གི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གྲོང་སྡོད་ལས་བྱེད་པ་ཧྲག་གྲས་བཀོད་སྒྲིག་བྱེད་དགོས། ལས་བྱེད་གྲོང་སྡོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་འགག་རྩ་ནི་མི་དང་གྲོང་སྡོད་ལས་བྱེད་པར་ཐུག་ཡོད། ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་ལས་བྱེད་པ་གྲོང་སྡོད་ཀྱི“ལས་འགན་ཁག་བདུན”ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་སྒྲུབ་བྱེད་པར་འགན་འཁྲི་ཆེ་ལ་ཁུར་པོ་ཡང་ལྕི་པོ་ཡོད། མངགས་གཏོང་ཚན་པ་ཁག་གིས་བསམ་བློའི་ངོས་འཛིན་གོང་མཐོར་བཏང་ནས་ལེགས་པོའི་ཁྲོད་ནས་ཕུལ་བྱུང་དང་ཕུལ་བྱུང་ཁྲོད་ནས་རྩེར་སོན་བདམས་ཏེ་དཔལ་འབྱོར་ལས་དོན་རྟོགས་པ་དང་། གསར་འབྱེད་གསར་གཏོད་ཀྱི་འཇོན་ཐང་ཆེ་བ། བསམ་བློ་དང་། བསམ་ཚུལ། ཉམས་མྱོང་བཅས་ལྡན་པ་དང་སྤྱོད་ཚུལ་བཟང་བའི་ལས་བྱེད་པ་གཏོང་ཕོད་པ་བྱས་ནས་མངགས་གཏོང་ཚན་པ་དང་གྲོང་སྡོད་ལས་བྱེད་པའི་རང་ངོས་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་གྲོང་ཚོ་དབུལ་པོར་དབུལ་སྒྲོལ་འགག་སྒྲོལ་ཐད་འཕྲད་པའི་མངོན་གསལ་དོད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་ཡག་པོ་བྱེད་རོགས་བྱེད་དགོས། གྲོང་སྡོད་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་ཁོང་ཚོའི་སེམས་ཁྲལ་སེལ་རོགས་བྱེད་པ་དང་ཁོང་ཚོ་གཞི་རིམ་དུ་སེམས་རྣལ་ལ་འབེབས་ཐུབ་པ་དང་། གྲོང་ཚོར་སྡོད་ཐུབ་པ། འཇོན་ཐང་འདོན་ཐུབ་པ་བཅས་བྱེད་དགོས། གྲོང་སྡོད་ལས་དོན་རུ་ཁག་གིས་ཤང་གྲོང་གི་ཏང་ཨུད་ཀྱི་འགོ་ཁྲིད་འོག་ལས་འགན་གཙང་སྒྲུབ་དང་ལས་དོན་ཏན་ཏིག་སྤེལ་དགོས།

    ལས་བྱེད་པ་གྲོང་སྡོད་ལས་དོན་རུ་ཁག་གི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀར་དཔྱད་ཞིབ་ནན་པོ་བྱེད་དགོས། ཞིང་འབྲོག་ཁུལ་ནི་བྱས་རྗེས་འཇོག་སའི་ལས་སྟེགས་ཆེན་པོ་ཞིག་དང་གྲོང་སྡོད་ལས་དོན་ནི་ལས་བྱེད་པར་སྦྱོང་བརྡར་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་རེད། རིམ་ཁག་རྨང་བརྟན་དམངས་ཕན་གཞུང་དོན་ཁང་གིས་ལས་ཞུགས་ཞིབ་བཤེར་དང་བྱས་འབྲས་དཔྱད་ཞིབ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་རྒྱུན་གཏན་ནས་དཔྱད་ཞིབ་དང་། དུས་ཚིགས་རེར་དཔྱད་ཞིབ། དུས་ཚད་ཐིམ་སྐབས་དཔྱད་ཞིབ་བཅས་ཟུང་འབྲེལ་དང་། ལས་དོན་ཕྱོགས་སྡོམ་དང་། གྲོང་མིས་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས། གྲོང་ཚོའི་ལས་བྱེད་པའི་དཔྱད་མོལ་བཅས་ཟུང་འབྲེལ་གྱིས་དཔྱད་ཞིབ་ལས་ཀའི་ཕྱི་རོལ་ཡུལ་དང་མཐུན་པའི་རང་བཞིན་དང་སྤྱི་མོས་བྱེད་ཤུགས་ཆེ་རུ་གཏོང་དགོས། དཔྱད་ཞིབ་བྱས་འབྲས་དེ་གྲོང་སྡོད་ལས་བྱེད་པར་ཕྱོགས་བསྡུས་གདེང་འཇོག་དང་། ལེགས་འདེམས་སྔོན་འདེམས། གོ་གནས་སྤོར་བ་དང་བཀོལ་སྤྱོད་བྱེད་པ་བཅས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩིས་ནས་གྲུབ་འབྲས་མངོན་གསལ་དོད་པ་དང་མང་ཚོགས་ཀྱི་ཁས་ལེན་ཐོབ་རིགས་སྔོན་ལ་བདམས་ནས་བཀོལ་སྤྱོད་བྱེད་དགོས་པ་དང་། ལས་ཀ་གནད་ལ་མི་འཁེལ་བ་དང་། ནུས་པ་མངོན་གསལ་མི་ཐོན་པ། མང་ཚོགས་བློ་ཡིད་མ་ཚིམས་པ། ལས་དོན་སྤེལ་ནུས་པ་མ་འདང་བ་བཅས་དུས་ཐོག་ཏུ་བརྡ་ཁྱབ་བཏང་སྟེ་བརྗེ་པོ་རྒྱག་པ་དང་། རྩ་འཛུགས་ཀྱི་ཐག་གཅོད་བྱེད་པ། ཕུལ་བྱུང་ལ་བྱ་དགའ་སྤྲོད་པ་དང་གྲུབ་འབྲས་མེད་པར་ཆད་གཅོད་བྱེད་པ། ཧུར་བརྩོན་ཅན་ལ་བྱ་དགའ་སྤྲོད་པ་དང་སྒྱིད་ལུག་ཅན་ལ་ཆད་པ་གཅོད་པ་སོགས་སྟོན་ཕྱོགས་བཟང་པོ་བཙུགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།