[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>འཕྲིན་གསར།
  • མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན། བདེ་སྐྱིད་ལྡན་པའི་མ་འོངས་མཉམ་དུ་བཏོད།

    ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བྱ་ཐབས་སྣ་མང་སྤྱད་ནས་མཛེས་སྡུག་ལྡན་པའི་ལྷ་ས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-16

    ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་སྡོད་ལས་དོན་གྱི“ལས་འགན་ཁག་བདུན”ལ་དམ་པོར་དམིགས་པ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་སྣ་མང་མཉམ་དུ་སྤྱད་ནས་གྲོང་ཚོ“ཨུ་ལྷན་གཉིས”ལ་གཞོགས་འདེགས་བྱས་ཏེ་མཐུན་སྒྲིལ་དང་། མཛེས་སྡུག བདེ་ཐང་། བདེ་སྐྱིད་བཅས་ལྡན་པའི་ལྷ་ས་གསར་པ་བསྐྲུན་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།

    ཞི་མཐུན་དང་། བརྟན་ལྷིང་། དུས་བདེ་བཅས་ཀྱི་གྲོང་ཚོ། ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོར་བཙུགས་ནས་ཐབས་ཇུས་དོན་འཁྱོལ་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ཏེ་རང་འགན་གཙང་སྒྲུབ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་མི་ཚང་མས་དུས་བདེ་མཉམ་དུ་བཏོད་པ་དང་མི་ཚང་མ་དུས་བདེ་ལོངས་སྤྱོད་བྱེད་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཧུར་ཐག་བཏོད་ཡོད་པ་རེད།

    དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་བཏང་སྟེ་དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས་བྱེད་པ་དང་། ཚོགས་ཆེན་ཐོག་སྒྲོག་འགྲེལ་བྱེད་པ། རིག་རྩལ་འཁྲབ་སྟོན་བྱེད་པ། དཔྱད་གཞི་སྤྲོད་པ་སོགས་ཀྱི་ཐབས་ལམ་བརྒྱུད་མང་ཚོགས་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ཀྱིས་གོ་བདེ་ཤེས་སླ་བའི་སྐད་ཆའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྒྲོག་འགྲེལ་ཐེངས་1220ལྷག་ཙམ་བྱས་པ་དང་། ཞིང་སྟོབས་ཞིང་ཕན་གྱི་སྲིད་ཇུས་དྲིལ་བསྒྲགས་ཐེངས་1075ལྷག་ཙམ་བྱས་པ། བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན་ཐེངས་500ལྷག་ཙམ་བཅས་བྱས་ཏེ་ཏང་སེམས་དང་དམངས་སེམས་སྔར་བས་གཅིག་ཏུ་འདུས་ཡོད།

    ཁོར་ཡུག་བཅོས་སྐྱོང་གི་གྲོང་གསེབ་མཛེས། ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཁོར་ཡུག་ལེགས་སུ་གཏོང་རྒྱུ་གོ་སྐབས་སུ་བྱས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། དངོས་ཕན་ལ་དོ་སྣང་བྱེད་པ། སྣེ་ཁྲིད་གཙོ་གནད་དུ་འཇོག་པ་བཅས་བྱས་ནས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནང་དོན་གཙོ་བོར་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་མང་ཚོགས་དེའི་ནང་ཞུགས་རྒྱུར་སྐུལ་སློང་གང་ལེགས་བྱས་པས་མི་ཚང་མ་ཞུགས་པ་དང་། མི་ཚང་མས་བྱ་སྤྱོད་སྤེལ་བ། མི་ཚང་མས་འབད་བརྩོན་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་གཏེར་སྒྲོམ་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ལས་དོན་རུ་ཁག་གིས་བཅའ་སྡོད་གྲོང་ཚོའི་གཞུང་ལམ་ཆེ་མོའི་རྒྱུད་ཀྱི་ཁུལ་ཁོངས་གཙོ་བོ་དང་མངོན་གསལ་དོད་སར་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱང་བུ་10བཙུགས་པ་དང་། ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སྦྱར་ཡིག་2 བཀལ་བ། ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་ཞྭ་མོ་100སྤྲད་པ་བཅས་བྱས་ཡོད་པ་རེད།

    ཡོང་འབབ་བསགས་ཏེ་ཕྱུག་པོ་ཆགས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ། ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཐོན་ལས་འཕེལ་རྒྱས་གཞི་རྟེན་དུ་བྱེད་པ་དང་། ས་གནས་དེ་གའི་ལེགས་ཆར་གཞིས་ཚུགས་པ། དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཧུར་ཐག་བཏོད་ཡོད། གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་ལ་གཞོགས་འདེགས་བྱས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསེད་བཀྲོལ་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་ལམ་ཐིག་བཟོ་བ་དང་། འཐུས་སྒོ་ཚང་དུ་གཏོང་བ། ལག་བསྟར་བཅས་བྱས་ནས་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་ལ་ཞིང་འབྲོག་པའི་གསོ་སྐྱོང་འཛིན་གྲྭ་བཙུགས་རོགས་བྱས་པ་རེད། མིག་སྔ་བར། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བཅའ་སྡོད་བྱ་ཡུལ་གྲོང་ཚོ(གྲོང་ལྷན)ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་486གསེད་བཀྲོལ་བྱེད་རོགས་བྱས་པ་དང་། འཕེལ་རྒྱས་ཀྱི་ལམ་བུ་267འཚོལ་རོགས་བྱས་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་227བཟོ་བ་དང་། འཐུས་སྒོ་ཚང་དུ་གཏོང་བ། ལག་བསྟར་བཅས་བྱས་པ་དང་གྲོང་ཚོའི(གྲོང་ལྷན)མང་ཚོགས་ལ་ངལ་ནུས་མི་གྲངས་5112ཕྱིར་གཏོང་བྱེད་རོགས་བྱས་པས་མ་དངུལ་ཡོང་འབབ་སྒོར་ཁྲི་1111.8འཕར་བ། གྲོང་ཚོའི(གྲོང་ལྷན)མཉམ་སྡེབ་དཔལ་འབྱོར་81དང་མཉམ་ལས་དཔལ་འབྱོར་དངོས་ཚན་45འཕེལ་རྒྱས་གཏོང་རོགས་བྱས་པ་བཅས་རེད།

    གྲོང་ཚོའི་ཤེས་དཔལ་གྱི་དར་སྲོལ་གསར། ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་རྒྱུན་འཛིན་དང་གསར་གཏོད་འདེགས་སྐྱོར་དུ་བྱས་ནས“རྒྱུད་རོགས་འཁྲིད་སྟོན་སྐྱོར”བཅས་ཀྱི་ཐད་འབད་བརྩོན་བྱས་ནས“ཨུ་ལྷན་གཉིས”ཚན་ཁག་གི་འགོ་ཁྲིད་ནུས་པ་དང་། ཏང་ཡོན་གྱི་དཔེ་བཟང་ནུས་པ། མང་ཚོགས་ཀྱི་ལྟ་སྐུལ་ནུས་པ་བཅས་ལ་ཤུགས་སྣོན་དང་སྐུལ་འདེད་བཏང་ནས་རིག་གནས་དར་རྒྱས་དང་སྤྱོད་བཟང་གཞུང་དྲང་གི་མཛེས་སྡུག་ལྡན་པའི་གྲོང་ཚོ་ཧུར་ཐག་བསྐྲུན་ཡོད་པ་རེད།

    སློབ་གསོ་གསོ་སྦྱོང་ལ་སྣང་ཆེན་བྱས་ཏེ་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཡུལ་དང་ཞིང་ཁྱིམ་དཔེ་དེབ་ཁང་སོགས་ལ་བརྟེན་ནས་རིག་གནས་བྱང་ཚད་ཀྱི“སློབ་ཚན་ཆེ་མོ”འཚོགས་པ་དང་། ཁྲིམས་ལུགས་སློབ་གསོའི་འཆད་འཁྲིད་བྱེད་པ། རིགས་ཁག་གི་གསོ་སྦྱོང་རྣམ་གྲངས་བརྩོན་ལེན་བྱེད་པ་བཅས་བྱས་ནས་སློབ་མཚམས་ཆད་རྒྱུ་ཚོད་འཛིན་དང་སློབ་གྲྭར་མུ་མཐུད་སྐྱོད་ཐུབ་པ་བྱས་ཏེ་སློབ་གསོ་དབུལ་སྒྲོལ་ལ་སྐུལ་འདེད་བཏང་སྟེ་དགུན་ཁའི་གུང་གསེང་རིང་གི་གསབ་སྦྱོང་འཛིན་གྲྭ་བཙུགས་ནས་མང་ཚོགས་ལ་ཚན་རིག་ཤེས་དཔལ་གོང་དུ་བཀུར་རྒྱུའི་ཁྲིད་སྟོན་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།