[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>འཕྲིན་གསར།
  • བསམ་བློ་གཅིག་གྱུར་གྱིས་བླང་བྱ་གསར་པ་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ་བྱེད་དགོས།

    ​བོད་ཀྱི་ཁག་དྲུག་པའི་གྲོང་སྡོད་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་བདུན་པའི་གྲོང་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གྱི་གླེང་ཐེངས་དང་པོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2017-12-14

    ལྗོངས་ཡོངས་ཀྱི་ཁག་དྲུག་པའི་གྲོང་སྡོད་ལས་དོན་གྱི་ཕྱོགས་སྡོམ་གཟེངས་བསྟོད་དང་ཁག་བདུན་པའི་གྲོང་སྡོད་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་གྲུབ་འབྲས་ལ་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་འབྲེལ་གོམ་སྟབས་རྗེས་མའི་གྲོང་སྡོད་ལས་དོན་བཀོད་སྒྲིག་ཀྱང་བྱས་ཡོད། དེས་ན་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་གྲོང་སྡོད་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པར་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་བླང་བྱ་གསར་པ་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ། བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་གཏོང་བ་བཅས་བྱས་ཏེ་རང་ལྗོངས་ཀྱི་ལས་བྱེད་པ་འདེམས་གཏོང་དང་གྲོང་སྡོད་ལས་དོན་གནད་ལ་འཁེལ་བ་དང་། རོགས་སྐྱོར་ཏན་ཏིག་ཐུབ་པ། མང་ཚོགས་བློ་ཡིད་ཚིམ་པ་བཅས་ཀྱི་འགན་ལེན་བྱེད་དགོས།

    ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ནི་ཡོངས་སུ་ཡང་དག་པ་ཞིག་ཡིན་པ་དང་། ཀྲུང་དབྱང་གི་བླང་བྱ་དང་མཐུན་པ། བོད་ཀྱི་དོན་དངོས་དང་ཧ་ཅང་མཐུན་པ། མང་ཚོགས་ཀྱི་འདོད་བློ་དང་མཐུན་པ་བཅས་ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་ཡོད། ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་སྤེལ་ཚུན་དང་ལྷག་དོན་དུ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་ཚོས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། མི་དམངས་མང་ཚོགས་ལ་དགའ་ཞེན་ཚད་མེད་བྱེད་པའི་ཟོལ་མེད་བརྩེ་སེམས་བཅངས་ནས་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གཞི་རིམ་གྱི་ལས་བྱེད་མང་ཚོགས་ཚོའི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་པ་དང་། མང་ཚོགས་ལ་སློབ་གསོ་ཁྲིད་སྟོན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པས་མི་རིགས་ཁག་གི་མང་ཚོགས་ཚོའི“བརྟན་ལྷིང་རང་འགུལ་དུ་འགྱུར་བའི”འདུ་ཤེས་ཇེ་ཟབ་ཏུ་ཕྱིན་པ། ཐོན་ལས་འཕེལ་རྒྱས་ཐད་ཐབས་ཇུས་དངོས་བཏོན་ནས་མི་རིགས་ཁག་གི་མང་ཚོགས་ཉེ་ཁུལ་དུ་ལས་ཞུགས་ཐུབ་པ་དང་ཕ་ཡུལ་ནས་མི་བྲལ་བར་ཐོན་ལས་འཕེལ་རྒྱས་ནང་ཞུགས་པ་དེ་གྲོང་ཚོའི་བཀྲག་མདངས་འཚེར་ས་ཆེ་ཤོས་སུ་གྱུར་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པས་ཞིང་འབྲོག་ཁུལ་དུ་ཏང་གི་གནས་བབ་གཙོ་བོ་སྔར་བས་སྲ་བརྟན་དུ་སོང་བ། དམངས་ཆེད་ཞབས་ཞུའི་དམིགས་ཡུལ་ལག་ལེན་ཤུགས་ཆེན་བསྟར་བས་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་པ། གྲོང་སྡོད་ལས་བྱེད་པ་འདེམས་གཏོང་དང་དོ་དམ་བེད་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བས་ན་གཞོན་ལས་བྱེད་པ་འབོར་ཆེན་ཞིག་ལ་སྦྱོང་བརྡར་ཐེབས་ཡོད།

    གྲོང་ལྷན་ནི་ཆེས་གཞི་རིམ་གྱི་ཚན་པ་དང་། སྒྱུར་བཅོས་འཕེལ་རྒྱས་ཀྱི་འཐབ་ས་གཙོ་བོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་མདུན་མ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེས་མདུན་ས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་འགན་ལེན་བྱེད་པའི་རྨང་གཞི་བཅས་རེད། ཉེ་བའི་ལོ་ཤས་རིང་ང་ཚོས་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ལ་ཤུགས་སྣོན་དང་། གཙོ་གནད་གཤམ་སྒྱུར་མཐའ་འཁྱོངས། གཞི་རིམ་ལ་ཕྱོགས་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ། གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་བཅས་བྱས་པས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་སྔར་བས་དམ་འཛིན་ཡག་པོ་བྱེད་ཆེད་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད། ཡིན་ནའང་ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་གྱིས་མཐོང་དགོས་པ་ཞིག་ལ། རང་ལྗོངས་ནི་འཕེལ་རྒྱས་དོ་མི་མཉམ་པ་གང་ལེགས་མ་བྱུང་བའི་མཚོན་ཚུལ་མངོན་གསལ་དོད་ཤོས་ཀྱི་ས་ཁུལ་ཞིག་ཡིན་པས་སྔར་བཞིན་ཞན་ཆ་དང་མི་འདང་ས་མི་ཉུང་བ་ཞིག་གནས་ཡོད། དེའི་ཐད་ང་ཚོས་དུས་རབས་གསར་པའི་ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་བླང་བྱ་གསར་པ་གནད་ལ་འཁེལ་བའི་ངང་ཁོང་དུ་ཆུད་པ་བྱེད་དགོས་པ་དང་འབྲེལ། རེ་རེ་བཞིན་གཞི་རིམ་དུ་དོན་འཁྱོལ་བྱེད་པ་དང་བྱ་བ་དངོས་སྒྲུབ་པའི་ཐད་མཚོན་པར་བྱས་ཏེ་ང་ཚོའི“དཀའ་སྤྱད་སྟོན་གྲངས”ལ་བརྟེན་ནས་རྒྱ་ཆེའི་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་མཐོ་བའི“བདེ་སྐྱིད་སྟོན་གྲངས”ཐོབ་ཐབས་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་གཞི་རྩ་གཞི་རིམ་དུ་ཡོད་པ་དང་ཏང་གི་སྟོབས་ཤུགས་གཞི་རིམ་དུ་ཡོད་པས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་དོན་འཁྱོལ་བྱེད་པར་གཙོ་བོ་གཞི་རིམ་ལ་རྟེན་དགོས་ཞེས་མཛུབ་སྟོན་གནང་ཡོད། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་ནང་དོན་གལ་ཆེན་ཞིག་དང་། བོད་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་རྩ་དོན་གལ་ཆེན་གྱི་གྲས་ཤིག སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་བཅས་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་དང་གཅིག་གྱུར་དང་། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དང་གཅིག་གྱུར་ཡོང་བར་བྱས་ཏེ་རྩ་ལག་མཉམ་བཅོས་དང་རྩ་བཅོས་གཙོ་བཟུང་མཐའ་འཁྱོངས་བྱེད་པ་དང་། མི་རྒྱུ་དངོས་གསུམ་གཞི་རིམ་ལ་ཕྱོགས་རྒྱུ་མཐའ་འཁྱོངས་བྱེད་པ། རྨང་གཞི་འདིང་བ་དང་ཕུགས་ཕན་ལས་དོན་མང་ཙམ་སྒྲུབ་པ། གདིང་རྩའི་འགལ་ཟླ་དང་གནད་དོན་ཐག་གཅོད་མང་ཙམ་བྱེད་པ། གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་གཞི་རིམ་གྱི་ལས་དོན་ཏན་ཏིག་སྒྲུབ་དགོས།

    ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་བློ་བརྟན་འགྱུར་མེད་ངང་ཁག་བདུན་པའི་ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ལེགས་པར་བསྒྲུབས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཕྱིར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།