[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ཚོཌ་ཆེན་19དགོངས་དོན།>སྙན་སྒྲོན་གནད་བསྡུས།
  • གསུམ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-24

    བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་བརྒྱུད་ཕྱོགས་ཁག་གི་སྒྲིག་སྲོལ་དང་ལམ་སྲོལ་གྱི་ཞན་ཆ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསོན་ཤུགས་ལ་བཀག་འགོག་བྱུང་བའི་སྣང་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡོད་དམ།

    ལོ་ལྔའི་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་བརྒྱད་འཚོགས་གནང་ནས། གཙོ་གནད་སྒྱུར་བཅོས་ཀྱི་ཡིག་ཆ་ཁག་360ལྷག་ལ་གྲོས་ཞིབ་གནང་བ་དང་འབྲེལ་གྲོས་འཆམ་ཡང་བྱུང་བ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྒྱུར་བཅོས་བྱ་ཐབས་ཁག་1500ལྷག་བཏོན་པ། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་སྒྱུར་བཅོས་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ། ཁྱབ་ཁོངས་གལ་ཆེན་སྒྱུར་བཅོས་ཀྱི་སྒྲོམ་གཞི་གཙོ་བོ་སྤྱིར་ན་གཏན་འཁེལ་བྱུང་ཡོད། ཁྲིམས་འཛིན་སྒྲིག་སྲོལ་དང་། གྲོང་གསེབ་ཀྱི་ས་ཆའི“དབང་ཆ་གསུམ”ཁག་བགོས། ཐེམ་ཐོའི་ལམ་ལུགས། ཡིག་རྒྱུགས་སློབ་བསྡུའི་ལམ་ལུགས། གཞུང་བཙུགས་སྨན་ཁང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་དམངས་འཚོ་དང་འབྲེལ་བ་ཡོད་པའི་སྒྱུར་བཅོས་བྱ་ཐབས་གཅིག་མཇུག་གཉིས་མཐུད་ངང་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་གྲུབ་འབྲས་གལ་ཆེན་ཐོབ་པ་ལས་སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གསར་གཏོད་ཀྱི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། མི་དམངས་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ལས་བྱུང་བའི་ཐོབ་ཚོར་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བཏང་བས་ཁྲིམས་ཡོད་ཀྱང་ལག་བསྟར་མི་བྱེད་པ་དང་། ཁྲིམས་ལག་བསྟར་ནན་པོ་མི་བྱེད་པ། ཁྲིམས་འཛིན་གཞུང་དྲང་མེད་པ་བཅས་ཀྱི་གནད་དོན་ཚབས་ཆེན་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡོད་དམ།

    ཏང་ཀྲུང་དབྱང་གིས་བློ་ཐག་ཆོད་པོས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུའི་ཐབས་ཇུས་གལ་ཆེན་བཏོན་ནས། ཁྲིམས་འཛུགས་དང་། ཁྲིམས་ལག་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ལྷུ་ཚིགས་ཁག་འཛུགས་སྐྱོང་ལ་སྤྱི་འདོམས་ཀྱིས་ཤུགས་སྣོན་བརྒྱབ་པ་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་འཛུགས་སྐྱོང་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་བ། ཕྱོགས་ཡོངས་ནས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་ཧུར་ཐག་བྱས་ཏེ་རྒྱལ་ཁབ་སྒྲིག་གཞིའི་ཁྲིམས་ལྟར་ལས་འགན་སྒྲུབ་ནུས་ནུས་ལྡན་ངང་ཆེ་རུ་བཏང་བ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་ནས་གནད་དོན་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ནུས་ལྡན་ངང་ཆེ་རུ་བཏང་བ། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ནུས་ལྡན་བཏང་བ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྐུལ་འདེད་ནུས་ལྡན་བཏང་བ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ། རང་རེའི་ཏང་གིས་བཅའ་ཁྲིམས་ཀྱི་བྱ་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལ་འགོ་ཁྲིད་དང་བཅོས་སྐྱོང་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་བཏང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།