[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>རིམ་སྤེལ་དཔྱད་གཏམ་དང་རྩོམ་ཡིག>དཔྱད་གཏམ་གལ་ཆེན།
  • བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གིས་བོད་ཀྱི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།

    —— ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ་དགུ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2018-07-21

    ཏང་ནི་ཏང་སྲིད་དམག་དམངས་སློབ་དང་ཕྱོགས་བཞི་མཚམས་བརྒྱད་ལ་འགོ་ཁྲིད་བྱེད་མཁན་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་དེ་ཡིན། ཏང་ནི་ཆབ་སྲིད་འགོ་ཁྲིད་ཀྱི་སྟོབས་ཤུགས་ཆེ་ཤོས་དེ་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་ལོ་རྒྱུས་ཀྱི་ཁྱད་ཆོས་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་བྱེད་པར་ངེས་པར་དུ་ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་རང་རྟོགས་ངང་ཆེ་རུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ། ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ཇུས་འགོད། སྲིད་ཇུས་གཏན་འཁེལ། སྒྱུར་བཅོས་ལ་སྐུལ་འདེད་བཅས་ཀྱི་ཏང་གི་ནུས་པ་དང་ངེས་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ནས་ཏང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ཀྱི་གནས་ཚུལ་སྤྱི་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་ཐུབ་པའི་འགན་ལེན་བྱེད་དགོས།

    ཀྲུང་གོ་གུང་ཁྲན་ཏང་ནི་བོད་རིགས་མི་དམངས་ཀྱི་མགོན་སྐྱབས་རེད། ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་བའི་འོག་ཆབ་སྲིད་ཐད་ཡར་ལངས་ཐུབ་སྟེ“མངའ་བདག་ཆེན་པོ་གསུམ”གྱིས་རང་འདོད་བཞིན་བཀོལ་སྤྱོད་བྱེད་པའི་སྐད་ཆ་ཤོད་ཤེས་པའི་ལག་ཆ་ལྟ་བུ་ནས་རང་ཉིད་ལས་དབང་གི་ཁ་ལོ་སྒྱུར་མཁན་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་བདག་པོར་གྱུར་པ་དང་། དཔལ་འབྱོར་ཐད་ཡར་ལངས་ཐུབ་སྟེ་བོད་རྙིང་པར་རྨི་ལམ་དུའང་གཏོང་མྱོང་མེད་པའི་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་བྱུང་བ། རིག་གནས་ཐད་ཡར་ལངས་ཐུབ་སྟེ་བཀས་བཀོད་རྒྱུད་འཛིན་ལྷ་དབང་གི་བསམ་པའི་ལྕགས་སྒྲོག་ལས་ཐར་ནས་བསམ་བློར་སྔར་བྱུང་མྱོང་མེད་པའི་བཅིངས་འགྲོལ་ཐོབ་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་རྒྱུས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅིངས་འགྲོལ་དང་ཡར་ལངས་ཡོང་བར་བྱས་པའི་ལོ་རྒྱུས་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་དང་འབྱོར་ཕྱུག་ཡོང་བར་བྱས་པའི་ལོ་རྒྱུས།

    བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བར་བྱས་པའི་ལོ་རྒྱུས་བཅས་རེད། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡོང་མི་སྲིད་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དེང་དུས་ཀྱི་བདེ་སྐྱིད་འཚོ་བ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡང་ཡོང་མི་སྲིད།

    འོན་ཏེ་དེ་དག་ཚང་མ་ནི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཁོ་པས་གཙོས་པའི་ཁ་ཕྲལ་རིང་ལུགས་རུ་ཚོགས་ཀྱིས་རྩ་བ་ཉིད་ནས་མཐོང་འདོད་མེད་པ་ཞིག་རེད། ངོ་ལོག་བྲོས་བྱོལ་དུ་སོང་བའི་ལོ་བཅུ་ཕྲག་རིང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཀྲུང་གོ་གུང་ཁྲན་ཏང་ལ་ཚིག་མཚོན་འདེབས་པ་དང་། ཐབས་ངན་སྣ་ཚོགས་བཤམས་ནས་བོད་ཀྱི་ལས་དོན་སྐོར་གྱི་ཏང་གི་མཛད་ཕྱོགས་སྲིད་ཇུས་ལ་དམའ་འབེབས་གཏོང་བ། ཏང་གིས་བོད་དུ་སྲིད་འཛིན་པའི་ལོ་རྒྱུས་བྱས་རྗེས་ཁས་མི་ལེན་པ། བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་ངན་སྨྲས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གཟུགས་བརྙན་ལ་གནོད་འཚེ་གཏོང་བ་བཅས་ཀྱི་བྱ་ངན་སྤྱོད་ངན་མང་དག་བརྩམས་པ་ནི་ཁོ་པ་ཚོའི་གྲལ་རིམ་གྱི་ངོ་བོ་ལས་གཏན་འཁེལ་བ་ཞིག་ཡིན་པ་དང་དམིགས་ཡུལ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་ཁས་མི་ལེན་པའི་ཆེད་དུ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས“བོད་མི་རིགས་ཀྱི་མགྲིན་ཚབ་པ”ཡིན་ཁུལ་བྱས་ཏེ་ཁ་གདངས་ཚད་ལ་བོད་མི་དམངས་ཀྱི་ཁེ་ཕན་སྐོར་གླེང་མོད། འོན་ཀྱང་དོན་ངོ་མར་བོད་ཀྱི་ཞི་མཐུན་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དང་། བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལ་འགོག་རྐྱེན་བཟོ་བ། མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་བཅས་ཀྱི་ལས་ངན་ཡོད་ཚད་བརྩམས་པ་ལས་བོད་ཀྱི་མི་དམངས་ལ་བྱ་བ་བཟང་པོ་ཏིལ་འབྲུ་ཙམ་ཡང་སྒྲུབ་མྱོང་མེད། ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད་ཅིག་ཡིན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་བློ་མོས་ཆེ་ཤོས་ནི་རང་རྒྱལ་ནུབ་ཕྱོགས་ཅན་དུ་འགྱུར་བ་དང་ཁ་ཕྲལ་དུ་གཏོང་རྒྱུའི་ལྐོག་གཡོ་གཤོམ་མཁན་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱི་གདོང་སྐྱོད་དམག་དཀྱུས་ཤིག་བྱེད་རྒྱུ་དེ་རེད། ཁ་ཕྲལ་རོ་ལངས་ཕྱོགས་གཏོགས་ཀྱི་འགོ་གཙོ་ཡིན་པའི་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ལོ་བཅུ་ཕྲག་རིང་ཉིན་མཚན་ལྟོས་མེད་ངང་སེམས་ལ་ཉར་བ་ནི་གོང་དུ་མཐོན་པོར་སྡོད་པ་དང་བཙན་པོ་དབང་ཡོད་ཤོད་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་བསྐྱར་གསོ་ཡོང་རེ་བྱེད་པ་དེ་རེད།

    ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་དམིགས་ཡུལ་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེབས་ཞུ་རྒྱུ་དེ་རེད། རང་རེའི་ཏང་ལ་རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་མེད་ཅིང་། མི་དམངས་ཀྱི་ཁེ་ཕན་ནི་ཏང་གི་ཁེ་ཕན་ཆེ་ཤོས་དེ་རེད། སུ་ཞིག་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཡང་སུ་ཞིག་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་གནོད་འཚེ་གཏོང་བའི་སྐོར་བརྗོད་ན། གནམ་ས་འཛོལ་བའི་བོད་གསར་རྙིང་བརྒྱུད་མྱོང་བའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མྱོང་ཚོར་ཟབ་ཤོས་ལྡན་པ་དང་སྐད་ཆ་ཤོད་དབང་ཆེ་ཤོས་ལྡན་ཡོད།

    རླབས་ཆེན་གྱི་བྱ་གཞག་སྒྲུབ་པར་ངེས་པར་དུ་འགྱུར་མེད་སྟོབས་ལྡན་གྱི་ཏང་གི་འགོ་ཁྲིད་ལ་བརྟེན་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བའི་རྩ་བའི་འགན་ལེན་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་ཞིང་། ཏང་གི་བོད་སྐྱོང་མཛད་ཇུས་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་སྟེ་བོད་ཀྱི་ལས་དོན་གྱི་ཆུ་ཚད་སྔར་ན་མེད་པའི་མཐོ་ཚད་གསར་པ་ཞིག་གི་ཐོག་སླེབས་པར་བྱས་ནས་ཏང་གི་བོད་ཀྱི་ལས་དོན་གྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གསར་པ་ཞིག་བཙུགས་པ་དང་རང་རེའི་ཏང་གི་བོད་བརྟན་བོད་དར་གྱི་དུས་རབས་གསར་པ་བཏོད་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་གསལ་བཤད་དང་དུས་བབ་གསར་པའི་འོག“ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”བཅས་ཀྱི་བོད་ཀྱི་ལས་དོན་གྱི་རྩ་དོན་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་སྟེ་ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་བོད་ཀྱི་ལས་ཀའི་སྤྱི་ཡོངས་སྟངས་འཛིན་བྱེད་པར་བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བ་བྱས་ནས་བོད་ཀྱི་ལས་དོན་སྔར་བས་ལེགས་པར་བསྒྲུབ་རྒྱུར་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བོད་ཀྱི་ལས་དོན་ལེགས་པར་སྒྲུབ་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། རིམ་ཁག་འགོ་ཁྲིད་ཚན་ཁག་དང་། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག གཞི་རིམ་རྩ་འཛུགས་བཅས་གསུམ་འཛུགས་སྐྱོང་ཡག་པོ་བྱས་ཏེ་ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་སེམས་སུ་བརྟན་པོར་ངེས་ཏེ་རང་རྟོགས་ངང་ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པ་དང་། སྔ་ཕྱི་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་ལ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོང་བཅས་མཐའ་གཅིག་ཏུ་ཞུ་བ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་མཛད་ཕྱོགས་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བློ་སེམས་གཅིག་སྒྲིལ་བྱེད་པ། བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་ཤུགས་ཕྱོགས་གཅིག་ལ་རྒྱག་པའི་མཉམ་ཤུགས་ཧ་ཅང་ཆེན་པོ་ཞིག་ཆགས་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཧུར་ཐག་རྩོམ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།