[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཆེད་སྒྲིག
  • གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་ཏན་ཏིག་གཏོང་དགོས།

    ——བོད་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་ནན་ཏན་ངང་ལག་བསྟར་བྱེད་དགོས་པའི་སྐོར་གྱི་གླེང་ཐེངས་གསུམ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2013-10-08

        བོད་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས་པའི་ནན་བཤད་བྱས་ཡོད། དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་དྲང་ནུས་སྟོབས་ཆེན་གོང་བུ་གཅིག་ཏུ་འགྲིལ་རྒྱུར་དམིགས་ཏེ་བཏོན་པའི་བླང་བྱ་གསར་པ་ཞིག་ཡིན་ལ་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱི་གཞི་རྩའི་ལས་འགན་ཞིག་ཀྱང་རེད། ང་ཚོས་ངེས་པར་དུ་བླང་བྱ་དེར་སློབ་སྦྱོང་གཏིང་ཟབ་དང་གོ་བ་ནན་ཏན་བླངས་ནས་ལག་བསྟར་དོན་འཁྱོལ་གང་ལེགས་བྱས་ཏེ་སྐྱོན་བྲལ་དང་ཡར་ཐོན་གྱི་གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་ཟམ་མི་ཆད་པར་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས།

        ཏང་ཀྲུང་དབྱང་གིས་གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག “གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ་དང་དྲང་ནུས་བརྒྱུད་སྤེལ་བྱས་ཏེ་སྤྱི་ཚོགས་ཧྲིལ་པོ་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས ”ཞེས་གསུངས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྔར་ནས་བཟུང་དྲིལ་བསྒྲགས་བསམ་བློའི་ལས་དོན་ཁག་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་རང་ལྗོངས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་ཁག་དང་བསམ་བློའི་རིག་གནས་ཚན་པ་ཁག་ཏུ་བརྟག་ཞིབ་ཏུ་ཐེངས་མང་ཕེབས་པ་མ་ཟད། མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་ཡང་ཐེངས་མང་གནང་ནས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་གླེང་ཕྱོགས་འཐབ་ཕྱོགས་ཀྱིས་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྱོན་ཡོངས་ལ་དམིགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་གསར་གཏོད་བཅས་བྱས་ཏེ་ལས་དོན་ཁག་ལ་བཀྲག་མདངས་འཚེར་ས་མང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་མ་གཏོང་ཆེད་བསམ་བློའི་འགན་ལེན་དང་། གླེང་ཕྱོགས་ཀྱི་རྒྱབ་སྐྱོར། རིག་གནས་ཀྱི་ཆ་རྐྱེན་དང་བསམ་པའི་སྒུལ་ཤུགས་བཅས་མཁོ་འདོན་ནུས་ལྡན་བྱས་ཡོད་པ་རེད།

        འོན་ཀྱང་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་དགོས་པ་ཞིག་ནི་མིག་སྔར་ང་ཚོ་སྒྱུར་བཅོས་སྒོ་དབྱེའི་སྤྱི་ཚོགས་དང་མི་ཚང་མ་སྒྲ་སྐྱེད་འཕྲུལ་ཆས་ཀྱི་སྨྱན་སྦྱོར་དུས་རབས་ཧྲིལ་པོར་གནས་ཡོད་པས་བསམ་བློའི་འདུ་ཤེས་སྣ་མང་དང་། སྤྱི་ཚོགས་ཀྱི་གླེང་མང་བའི་གནད་དོན་ཐོན་མང་དུ་སོང་བ། སྨྱན་སྦྱོར་གྱི་རྣམ་པར་འགྱུར་ལྡོག་གཏིང་ཟབ་འགྲོ་བ་བཅས་ལས་གླེང་ཕྱོགས་ཁྲིད་སྟོན་གྱི་ཪྙོག་འཛིང་རང་བཞིན་དང་དཀའ་ཚེགས་ཆེ་བའི་རང་བཞིན་ཆེ་རུ་སོང་བ་དང་ལྷག་པར་དུ་མཐའ་མཚམས་མི་རིགས་ས་ཁུལ་ཡིན་པའི་ངོས་ནས་རང་ལྗོངས་ལ་ད་དུང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་ཚུལ་ཛ་དྲག་པོ་འཕྲད་ཡོད་པས་གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་ཀྱིས་འགན་འཁྲི་སྔར་བས་ཆེ་བ་འཁུར་ནས་གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་སྔར་བས་སྲ་བརྟན་སྟོབས་ཆེར་གཏོང་རྒྱུ་དེ་རང་ལྗོངས་ཀྱི་ངོས་ནས་བརྗོད་ན་དེ་བས་དོན་སྙིང་ཆེན་པོ་ལྡན་ཡོད།

        གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བར་ངེས་པར་དུ་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་ཁོང་དུ་བརྟན་པོ་ཆུད་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཤེས་ཚོར་སྐྱེན་པོའི་རང་བཞིན་དང་ཆབ་སྲིད་ཤན་འབྱེད་ནུས་པ་ཆེ་རུ་གཏོང་བ། ཆབ་སྲིད་ལངས་ཕྱོགས་བརྟན་གཏོང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བརྟན་གཏོང་། ཀྲུང་དབྱང་གི་ཇུས་འགོད་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་བརྟན་གཏོང་། དུས་བབ་སྐོར་གྱི་ཀྲུང་དབྱང་གི་དབྱེ་ཞིབ་དང་བརྡར་གཅོད་གལ་ཆེན་དྲིལ་བསྒྲགས་བརྟན་གཏོང་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་དང་ལེན་མཐའ་གཅིག་ཏུ་ཞུས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་བཅོས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་ཤེས་དཔལ། ཏང་འཛུགས་སྐྱོང་བཅས་ལ་སྐུལ་སྤེལ་གཏོང་བའི་སྲིད་ཇུས་བཟང་པོ་དང་བྱེད་ཐབས་བཟང་པོ་དྲིལ་བསྒྲགས་ཤུགས་ཆེན་དང་། ས་གནས་ཁག་གི་བྱ་གཞག་ཁག་གོང་འཕེལ་བྱུང་བའི་གྲུབ་འབྲས་དགའ་འོས་པ་དྲིལ་བསྒྲགས། སྤྱི་ཚོགས་སྤྲོ་སྐྱིད་ཞི་མཐུན་གྱི་ཁོར་ཡུག་བཟང་པོ་དྲིལ་བསྒྲགས། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་དྲིལ་བསྒྲགས། མི་དམངས་མང་ཚོགས་ཁྲོད་ཐོན་པའི་སྔོན་ཐོན་དཔེ་མཚོན་དང་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས། དྲང་ཕྱོགས་དྲིལ་བསྒྲགས་ཀྱིས་མི་ལ་ཡར་སྐུལ་དང་སྐུལ་ལྕག་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱེད་དགོས།

        གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བར་ངེས་པར་དུ་གཙོ་རྒྱུན་གསར་འགྱུར་སྨྱན་སྦྱོར་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། ཆབ་སྲིད་མཁས་ཅན་གྱིས་ཚགས་པར་དང་། དུས་དེབ། རླུང་འཕྲིན། གསར་འགྱུར་དྲ་ཚིགས་བཅས་གཉེར་ནས “འགག་སྒོ་སྲུང་མཁན ”གྱི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་དགོས། ལྗོངས་ནང་ཁུལ་གྱི་རིམ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་ཐད་དུས་ངེས་ཅན་དུ་གསར་འགྱུར་འཐབ་ཕྱོགས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ། ལས་རིགས་ཀུན་སྤྱོད་དང་ལས་རིགས་སྙིང་སྟོབས་བཅས “སློབ་གསོ་ཁག་གསུམ ”གྱི་གསོ་སྦྱོང་སྤེལ་ནས་ཆབ་སྲིད་ཀྱི་བྱང་ཚད་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། བཅར་འདྲི་དང་རྩོམ་སྒྲིག་མི་སྣའི་ཐོབ་ཐང་ཆོག་འཐུས་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ལས་རིགས་ཀྱི་རང་གཅུན་ལ་ཤུགས་སྣོན་རྒྱག་པ་དང་བཅར་འདྲི་རྩོམ་སྒྲིག་མི་སྣའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། བཅར་འདྲི་རྩོམ་སྒྲིག་སྒྲོག་སྤེལ་དང་པར་འདེབས་སྒྲིག་བཟོ་ཞུས་དག་གི་དོ་དམ་ལམ་ལུགས་དང་འགན་འདེད་ལམ་ལུགས་འཐུས་ཚང་དུ་བཏང་ནས་གསར་འགྱུར་སྒྲོག་སྤེལ་གྱི་ལྟ་དཔྱད་ལམ་ལུགས་བཟོ་དགོས། རིམ་ཁག་དང་རིགས་ཁག་སྨྱན་སྦྱོར་སྤྱི་ཚོགས་འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་ཏང་དང་མི་དམངས་ཀྱི་ཁེ་ཕན་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དྲིལ་བསྒྲགས་ཀྱི་སྒྲིག་ལམ་ལ་རང་རྟོགས་ངང་བརྩི་སྲུང་ཞུ་དགོས། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྲོལ་རྒྱུན་གསར་འགྱུར་སྨྱན་སྦྱོར་གྱི་སྒྲོག་སྤེལ་ནུས་པ་ཆེ་རུ་གཏོང་དགོས།

        གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བར་ངེས་པར་དུ་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། གསར་འགྱུར་སྒྲོག་སྤེལ་གྱི་ཇུས་འགོད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། གསར་འགྱུར་འབྲེལ་གཏུག་པའི་ལམ་ལུགས་འཛུགས་པ། སྤྱི་ཚོགས་ཐོག་གླེང་མང་བའི་གནད་དོན་དང་ཐོལ་བྱུང་དོན་རྐྱེན་གྱི་གསར་འགྱུར་ལན་འདེབས་ལམ་སྲོལ་འཛུགས་པ། བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་དང་ལྟ་སྐུལ་འགན་འཁྲིའི་ལམ་ལུགས་འཛུགས་པ་བཅས་བྱེད་དགོས། དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་གཡུལ་ས་འཛུགས་སྐྱོང་དང་བོད་འབྲེལ་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ས་སྲུང་གི་འགན་འཁྲི་ཡོད་པ་དང་། ས་སྲུང་གི་འགན་འཁུར་བ། ས་སྲུང་གི་འགན་འཁྲི་གཙང་སྒྲུབ་བཅས་གང་ལེགས་ཐུབ་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员