[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཆེད་སྒྲིག
  • བོད་ལྗོངས་སུ་མྱུར་དུ་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།    |    རྩོམ་པ་པོ།      |    སྤེལ་དུས།   2013-10-09

        ཉེ་ཆར་འཚོགས་པའི་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་་བསམ་བློའི་ལས་དོན་ཚོགས་འདུ་དེར་རང་ལྗོངས་ཀྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་འཐབ་ཕྱོགས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་དང་སློབ་སྦྱོང་གི་ཚ་རླབས་ཤིག་འཕྱུར་ཞིང་ས་ཁུལ་དང་གྲོང་ཁྱེར་ཁག་གིས་དྲིལ་བསྒྲགས་དང་རིག་གནས་སྡེ་ཚན་གྱིས་མྱུར་དུ་བྱ་སྤྱོད་སྤེལ་ནས་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་ཀྱི་ཡོད་པ་རེད།

        ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དྲིལ་བསྒྲགས་པུའི་པུའུ་ཀྲང་མ་ཤིང་ལིང་གིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་མདུན་མར་གནས་པའི་བོད་ཀྱིས་དྲིལ་བསྒྲགས་བསམ་བློའི་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་དམིགས་བསལ་དོན་སྙིང་ཆེན་པོ་ལྡན་ཡོད། ཧྲུའུ་ཅི་ཁྲེན་ཆོན་གོའི་ཕྱོགས་དྲུག་ཐད་ཀྱི་གསུང་བཤད་ཀྱིས་རིམ་ཁག་ཏང་རྩ་འཛུགས་དང་ལྷག་པར་དུ་དྲིལ་བསྒྲགས་བསམ་བློའི་སྡེ་ཚན་ལ་ཁ་ཕྱོགས་བསྟན་ཡོད་ཅེས་དང་མ་ཤིང་ལིང་གིས་ཚོགས་འདུའི་དགོངས་དོན་ལྟར་སློབ་སྦྱོང་ཚོགས་འདུ་དང་འབྲེལ་ཚོགས་ཆེན་ཐོག་བཏོན་པའི་ཞིབ་ཕྲའི་ལས་འགན་གྱི་བླང་བྱ་ལྟར་བཀོད་སྒྲིག་བྱས་ནས་རིམ་པ་ཁག་དང་ཕྱོགས་ཁག་ཚང་མས་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པའི་རྣམ་པ་ཞིག་ཆགས་པ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་དྲིལ་བསྒྲགས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་དང་ལྷ་ས་གྲོང་ཁྱེར་གྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྔར་བས་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

        ཆབ་མདོ་ས་ཨུད་ཀྱི་ཨུ་ཡོན་དྲིལ་བསྒྲགས་པུའི་པུའུ་ཀྲང་རིན་ཆེན་གཡང་འཛོམས་ཀྱིས་ཕྱིན་ཆད་ལས་དོན་ནང་ཆབ་མདོ་ས་ཁུལ་གྱིས་ཆབ་མདོའི་དོན་དངོས་དང་དུས་བབ་གསར་པ་དང་ལས་འགན་གསར་པའི་བླང་བྱ་དང་འཚམས་པའི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ལས་དོན་གྱི་ཆོས་ཉིད་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་ལས་ཀའི་བསམ་ཕྱོགས་དང་བྱ་ཐབས་གསར་གཏོད་བྱས་ཏེ་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

        ད་རེས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུའི་ཐད་ལྷོ་ཁ་ས་ཨུད་ཀྱི་དྲིལ་བསྒྲགས་པུའི་འགན་འཁུར་བ་ཀུའོ་ཅན་ཅུན་གྱིས་གཅིག་ནས་དྲིལ་བསྒྲགས་ལས་དོན་ཁག་ལ་སྐུལ་མ་ཧུར་ཐག་བཏང་སྟེ་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་ཀའི་འདུ་ཤེས་གསར་གཏོད་དང་། བྱ་ཐབས་གསར་གཏོད། རྨང་གཞིའི་ལས་དོན་གསར་གཏོད་བཅས་ལ་རྒྱུན་ཆད་མེད་པར་སྐུལ་མ་གཏོང་བ་དང་། གཉིས་ནི་དུས་ཚོད་ཀྱིས་སྒུག་མི་སྲིད་པའི་དགོས་གཏུཌ་ཀྱི་བསམ་པ་དང་མདུན་སྐྱོད་མ་བྱས་ན་ཕྱིར་བཤོལ་ཐེབས་པའི་ཉམས་ཉེན་གྱི་སེམས་པ་སྔར་བས་ཆེ་རུ་གཏོང་བ། གསུམ་ནི་ཏང་གི་མང་ཚོགས་ལྟ་བ་དང་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཕན་འབྲས་དངོས་ཐོན་རྒྱུར་དམ་འཛིན་བྱེད་པ་དང་མང་ཚོགས་ཀྱི་སེམས་ལ་ཟུག་ཐུབ་པ་བྱེད་དགོས་པ། བཞི་ནི་དྲིལ་བསྒྲགས་ཆེན་པོའི་ལས་ཀའི་འདུ་ཤེས་བཙུགས་ནས་ཏང་ཨུད་ཀྱི་འགོ་ཁྲིད་དང་སྲིད་གཞུང་གི་རྒྱབ་སྐྱོར་སྔར་བས་འཐུས་ཚང་དུ་བཏང་ནས་དྲིལ་བསྒྲགས་སྡེ་ཚན་གྱིས་སྣེ་འཁྲིད་པ་དང་ཚན་པ་ཁག་ཞུགས་པ་དང་གཞོགས་འདེགས་བྱེད་པའི་དྲིལ་བསྒྲཌ་ཆེན་པོའི་ལས་ཀའི་ལམ་སྲོལ་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།

        གཞིས་རྩེ་ས་ཨུད་ཀྱི་ཨུ་ཡོན་དྲིལ་བསྒྲགས་པུའི་པུའུ་ཀྲང་དངོས་གྲུབ་སྒྲོལ་མས་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་དེ་མཛུབ་ཁྲིད་རང་བཞིན་དང་དངོས་སྤྱོད་རང་བཞིན་ཆེ་བས་སྙིང་སྟོབས་འཕེལ་བ་དང་། རིག་པ་གསལ་དུ་འགྲོ་བ། མིག་རྒྱང་རིང་དུ་འགྲོ་བ། སྟོབས་ཤུགས་སྦྱིན་པ་བཅས་ཡོད་པས་ང་ཚོས་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་བའི་གདེང་ཚོད་དང་ཆོད་སེམས་བརྟན་དུ་ཕྱིན་སོང་ཞེས་དང་ཁོང་གིས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་ནི་གཞིས་རྩེ་ས་ཁུལ་གྱི་མིག་སྔའི་དྲིལ་བསྒྲགས་རིག་གནས་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཡིན་པས་གཞིས་རྩེ་ས་ཁུལ་གྱི་ལས་རིགས་ཁག་དང་ལྷག་དོན་དུ་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་སྒྲིག་འཛུགས་བྱས་ཏེ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་གཞིས་རྩེ་ས་ཁུལ་གྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་འཛེག་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

        ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་ཉིང་ཁྲི་ས་ཨུད་ཀྱི་ཨུ་ཡོན་དྲིལ་བསྒྲགས་པུའི་པུའུ་ཀྲང་ཤེ་དབྱིན་གྱིས་གོམ་སྟབས་རྗེས་མར་གཞི་རིམ་གྱི་དྲིལ་བསྒྲགས་གསར་གཏོད་ལས་དོན་དེ་རྨང་གཞིའི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་ཏེ་ས་ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། ནག་ཆུ་ས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཧུའུ་རུང་གིས་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པར་ངེས་པར་དུ་ད་ལྟ་སྤེལ་བཞིན་པའི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས། ནག་ཆུ་ས་ཁུལ་གྱིས་ནག་ཆུའི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དེ་དྲུག་ལྡན་ནག་ཆུ་གསར་པ་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྒུལ་ཤུགས་མཁོ་འདོན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

        མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཡའོ་མིང་ཅུས་ཀྱིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་མངའ་རིས་ས་ཁུལ་གྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱིས་མངའ་རིས་དྲིལ་བསྒྲགས་དང་དམངས་འཚོར་ཞབས་ཞུ་བྱེད་པའི་ཁྲོད་སོན་འདེབས་འཕྲུལ་འཁོར་ལྟ་བུའི་ནུས་པ་བཟང་པོ་བཏོན་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་ནུས་ལྡན་དང་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བྱུང་ཡོད་ཅེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员