[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཆེད་སྒྲིག
  • ཕུགས་འདུན་དད་སེམས་ཀྱི་སློབ་གསོར་དམ་འཛིན་ཡག་པོ་བྱེད་དགོས།

    བོད་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་ནན་ཏན་ངང་ལག་བསྟར་བྱེད་དགོས་པའི་སྐོར་གྱི་གླེང་ཐེངས་གཉིས་པ།

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2013-10-05

        ཧྲུའུ་ཅི་ཁྲེན་ཆོན་གོས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས “བླ་སྲོག་དང་སྲོག་རྩ་འབུར་དུ་ཐོན་པར་བྱས་ནས་ཕུགས་འདུན་དད་སེམས་ཀྱི་སློབ་གསོར་དམ་འཛིན་ཡག་པོ་བྱེད་དགོས ”ཞེས་ནན་གསུངས་གནང་ཡོད། ཆོད་གཏམ་དེ་ཐོག་ནས་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གང་ལེགས་མཚོན་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་འཛིན་པའི་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དང་མཐུན་པ། བོད་ཀྱི་དོན་དངོས་དང་མཐུན་པ་བཅས་ཡིན་པས་ང་ཚོས་ནན་ཏན་ངང་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

        བསམ་བློ་ནི་བྱ་སྤྱོད་ཀྱི་ལམ་འཁྲིད་པ་ལྟ་བུ་དང་དད་སེམས་ནི་ལེགས་པར་སྒྲུབ་པའི་རྨང་གཞི་ལྟ་བུ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གསུངས་པ་བཞིན་ཕུགས་འདུན་དད་སེམས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་བློའི་ཐད་ཀྱི “འཚོ་བཅུད་ཀལ ”ལྟ་བུ་ཡིན་ཞིང་། གལ་ཏེ་ཕུགས་འདུན་དད་སེམས་མེད་པའམ་ཡང་ན་ཕུགས་འདུན་དད་སེམས་བརྟན་པོ་མེད་ན་བསམ་བློའི “འཚོ་བཅུད་ཀལ ”མི་འདང་བར “རུས་སོབ་ནད ”ཕོག་རྒྱུ་དང་། ཆབ་སྲིད་ཐད་ངོ་བོ་གྱུར་བ་དང་། དཔལ་འབྱོར་ཐད་འདོད་རྔམ་ཆེ་བར་གྱུར་བ། ཀུན་སྤྱོད་ཐད་ལོག་པར་ལྷུང་བ། འཚོ་བའི་ཐད་རུལ་སུངས་སུ་གྱུར་བ་སོགས་ཀྱི་གནས་ཚུལ་ཐོན་སྲིད། ང་ཚོ་གུང་ཁྲན་ཏང་མི་བྱུང་བའི་ཐོག་མའི་དུས་ཀྱི་ནུས་ཆུང་ནས་སྟོབས་ཆེར་སོང་བ་དང་དགྲ་འདུལ་གཡུལ་རྒྱལ་ཐུབ་པའི་མཆོག་ནོར་ནི་ང་ཚོས “གསར་བརྗེའི་ཕུགས་འདུན་གང་ལས་ལྷག་པར་བརྩི་བ ”དེ་རེད། དཀར་པོའི་འཇིགས་གཏུམ་དང་དྲག་ཆར་རླུང་འཚུབ་ཀྱི་ལོ་ཟླའི་ནང་གུང་ཁྲན་ཏང་མི་མང་པོ་ཞིག་གིས་མགོ་བོ་དོར་ཞིང་ཁྲག་དྲོན་བཏོན་པ་དང་། མཐོ་ཞིང་གྲང་བ་དང་། གསོ་རླུང་དཀོན་པ། མཁོ་སྤྲོད་དཀའ་བ་བཅས་ཀྱི་ས་མཐོར་བོད་སྐྱོད་པ་རྒན་གྲས་ཀྱིས “གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པའི ”དུས་རབས་ཀྱི་འབོད་ཚིག་སྐད་གསང་མཐོན་པོས་བསྒྲགས་ཡོད། དེ་འདྲ་བྱུང་དོན་ནི་ཕུགས་འདུན་དད་སེམས་བརྟན་པོ་ཞིག་ཡོད་པས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员