[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཆེད་སྒྲིག
  • དུས་རབས་ཀྱི་འགྱུར་ཁུག་ལ་བརྟེན་ནས་ཡར་བརྩོན་གྱི་སྙན་འཇེབས་ལྡན་པའི་ལེའུ་བརྩམས།

    བོད་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་སྐོར་གྱི་སྒྲིལ་གླེང་གཉིས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།    |    རྩོམ་པ་པོ།      |    སྤེལ་དུས།   2013-09-25

        རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཚུན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་ལྗོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་འཐབ་ཕྱོགས་ཀྱིས་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྱོན་ཡོངས་ལ་དམིགས་པ། མི་དམངས་ལ་ཞབས་ཞུ་བྱེད་པ། སྒྱུར་བཅོས་གསར་གཏོད་བཅས་བྱས་ནས་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཁོང་དུ་བརྟན་པོ་ཆུད་པ་དང་། “ཉེ་བཅར་གསུམ ”གྱི་རྩ་དོན་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་བྱེད་པ་དང་ཟམ་མི་ཆད་པར་གསར་གཏོད་བྱེད་པ། གསར་འགྱུར་དྲིལ་བསྒྲགས་ཀྱི་ལས་ཀར་བཀྲག་མདངས་འཚེར་ས་མང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་སྟེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་མ་གཏོང་ཆེད་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་པ་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་པ་རེད།

        ཡང་དག་པའི་ཁྲིད་སྟོན་སྟངས་འཛིན་བྱས་ནས་འཕེལ་རྒྱས་དང་བརྟན་ལྷིང་གི་དྲང་ནུས་གཅིག་ཏུ་སྒྲིལ་བ།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱིས་གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་ཐོག་མཐའ་བར་གསུམ་དུ་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་ཁྱབ་སྤེལ་བཏང་བ། ཡང་དག་པའི་ཁྲིད་སྟོན་གལ་ཆེའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ཁྱོན་ཡོངས་ལ་དམིགས་ནས་བསམ་བློ་གཏོང་བ་དང་། ཁྱོན་ཡོངས་ལ་དམིགས་ནས་འཆར་འགོད་བྱེད་པ། ཁྱོན་ཡོངས་ལ་དམིགས་ནས་བྱ་སྤྱོད་སྤེལ་བ་བཅས་བྱས་པ། ཆབ་སྲིད་བརྟན་པོ་དང་། དར་ཆ་གསལ་སྟོན། གོམ་སྟབས་གཅིག་གྱུར། སྐད་སྒྲ་གསལ་བ་བཅས་མཐའ་གཅིག་ཏུ་བྱེད་ཐུབ་པ་བྱས་པ། དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར་བཅས་མཐའ་འཁྱོངས་བྱས་པ་དང་ལྷག་པར་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་གསར་འགྱུར་སྨྱན་སྦྱོར “གཞི་རིམ་དུ་སྐྱོད་པ་དང་། སྤྱོད་ཚུལ་བསྒྱུར་བ། རྩོམ་སྲོལ་བསྒྱུར་བ ”བཅས་བྱ་རྒྱུར་སྐུལ་མ་བཏང་སྟེ་སྤྱི་ཚོགས་ཧྲིལ་པོ་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་རྒྱུན་ཆད་མེད་པར་ཆགས་པ་རེད།

        དོན་ཆེན་མང་བ་དང་། བཀྲ་ཤིས་པའི་བྱ་བ་མང་བ། དྲིལ་བསྒྲགས་ལས་འགན་ལྕི་བ་བཅས་ཀྱི་གསར་འགྱུར་དྲིལ་བསྒྲགས་ཀྱི་གནས་ཚུལ་འཕྲད་སྐབས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་དང་། བོད་ལྗོངས་བཪྙན་འཕྲིན་ལས་ཁུངས། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་གྱིས “ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི ”གཞི་རྩའི་ལས་འགན་ལ་དམ་པོར་དམིགས་ཏེ 《ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་གཞི་རིམ་དུ་ཁྱབ་པ 》དང 《བོད་གསར་ཪྙིང་བསྡུར་བ 》《ཀྲུང་གོའི་ཕུགས་འདུན ·བོད་ཀྱི་གཏམ་རྒྱུད 》《ཏང་གི་མང་ཚོགས་ལམ་ཕྱོགས་བོད་དུ་སྤེལ་བའི་ལག་ལེན་བྱེད་སྒོ 》སོགས་ཆེད་བསྒྲིགས་ལེ་ཚན་20ཙམ་སྔ་རྗེས་སུ་བཏོད་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་། བོད་ཀྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། རྣམ་པ་གསར་པ་བཅས་དྲིལ་བསྒྲགས་བྱེད་པ། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་རང་ལྗོངས་སུ་གཏིང་ཟབ་སྤེལ་རྒྱུར་སྐུལ་མ་གཏོང་རྒྱུའི་དྲིལ་བསྒྲགས་བྱེད་པ་སོགས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་དང་། བློ་རྩེ་གཅིག་སྒྲིམ་ངང་འཛུགས་སྐྲུན་བྱེད་པ། བློ་གཅིག་སེམས་གཅིག་ངང་འཕེལ་རྒྱས་དོན་གཉེར་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།

        སྤྱི་ཚོགས་ཀྱི་གླེང་མང་བའི་གནད་དོན་གྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་གསར་འགྱུར་དྲིལ་བསྒྲགས་ལས་ཀའི་གྲུབ་ཆ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རིམ་ཁག་གསར་འགྱུར་སྨྱན་སྦྱོར་གྱིས་མི་དམངས་མང་ཚོགས་ཀྱིས་དོ་སྣང་བྱེད་པ་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་དང་སྲིད་གཞུང་གིས་དར་སྤེལ་བཏང་བ་དེ་མང་ཚོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱེད་པ། སྤྱི་ཚོགས་ཀྱི་གླེང་ཕྱོགས་གཙོ་བོར་ལྟ་རྒྱུ་ཁྲིད་སྟོན་བྱས་ནས་གླེང་ཕྱོགས་ཕལ་པའི་གཞན་དབང་དུ་མི་འགྱུར་བ། དྲང་ཕྱོགས་ལ་མང་ཙམ་བལྟ་བ་ལས་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་མི་ཐེབས་པ། ངོ་བོར་མང་ཙམ་བལྟ་བ་ལས་ཕྱིའི་སྣང་ཚུལ་ལ་མི་རྨོངས་པ་བྱས་ཡོད། དེ་དང་ཕྱོགས་མཚུངས་འཕྲལ་སྡོམ་གྱི་གནས་ཚུལ་གཏོང་སྤེལ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས་འཕྲལ་དུ་སྨྱན་སྦྱོར་ཁག་གི་གསར་འགོད་པ་སྒྲིག་འཛུགས་བྱས་ནས་མལ་གྲོ་གུང་དཀར་རྫོང་རྒྱ་མ་གཏེར་ཁུལ་གྱི་རི་ཉི་ཡུལ་དང་ཆབ་མདོའི “ 8·12”ས་ཡོམ་གེགས་ཁུལ་གྱི་འཐབ་ས་དང་པོར་བསྐྱོད་དེ་རང་སྐྱོང་ལྗོང་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མི་རིགས་ཁག་དང་ལས་རིགས་ཁག་ཀུན་སེམས་གཅིག་སྒྲིལ་དང་གེགས་སེལ་བསྐྱར་སྐྲུན་གྱི་གསོན་ཉམས་དོད་པའི་བྱས་རྗེས་དྲིལ་བསྒྲགས་དང་སྒམ་བཙན་ཆ་འཕྲིན་དུས་ཐོག་ཏུ་གནད་འཁེལ་དང་སྒོ་ཀུན་ནས་ཡོངས་བསྒྲགས་བྱས་ཏེ་སྤྱི་ཚོགས་ཀྱི་དོ་སྣང་ལ་ལན་འདེབས་བྱས་པས་གནད་དོན་གལ་ཆེན་མི་ལུས་པ་དང་འགག་རྩའི་དུས་སུ་ཁ་ཐལ་མི་ཤོར་བ་བྱས་ཡོད་པ་རེད།

        ཁྱབ་སྤེལ་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་ཏང་གི་གསུང་སྒྲ་སྔར་བས་གསལ་དུ་སོང་བ།

        འདི་ལོ་ཟླ་9ཚེས་14ཉིན་ཀྲུང་གོའི་དུས་དེབ་ཉོ་ཚོང་དངོས་མང་སྟོན་ཚོགས་སྐབས་དང་པོའི་ཐོག 《བོད་ལྗོངས་ཉིན་རེའི་ཚགས་པར 》འདི་ཉིད་རྒྱལ་ཡོངས་ཀྱི་ཚགས་པར་རྩེ་གྲ་བརྒྱའི་ཁོངས་སུ་གྲུབ་འབྲས་ཐོབ་པའི་ངང་བདམས་པ་དང་དེའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་དང་། ཁྱབ་སྤེལ་ནུས་པ། ཁྲོམ་རའི་འགྲན་ནུས་སོགས་ཕྱོགས་བསྡུས་བྱང་ཚད་ལ་རྒྱལ་ཡོངས་ཀྱི་ཚགས་པར་དང་དུས་དེབ་ལས་རིགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད། དེ་གོང་བོད་ལྗོངས་ཚོང་འཕྲིན་ཚགས་པར་ལ “གསེར་གྱི་ལྕགས་རི་རིང་པོའི་སྨྱན་སྦྱོར་བྱ་དགའ ·2012ལོའི་ཀྲུང་གོའི་ལོ་འཁོར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་བའི་ཚོང་འཕྲིན་ཚགས་པར ”དང་བོད་ལྗོངས་བཪྙན་འཕྲིན་ལས་ཁུངས་ཀྱི 《ཡིད་དབང་འཕྲོག་པའི་བོད 》《བོད་ཀྱི་ཡུལ་སྲོལ་གོམས་འདྲིས 》ལེ་ཚན་ལ་2012ལོའི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་བཪྙན་འཕྲིན་ལེ་ཚན་གྱི་ལོ་འཁོར་གྱི་རྩེ་གྲ་བཅུ་དང་2012ལོ་འཁོར་གྱི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་བཪྙན་འཕྲིན་ལེ་ཚན་གྱི་བྱ་དགའ་ཁག་སོ་སོར་ཐོབ་སྟེ་རང་ལྗོངས་ཀྱི་སྨྱན་སྦྱོར་ལས་རིགས་ལ་སླར་ཡང་གཟི་བརྗིད་བསྣན་པ་རེད།

        《བོད་ལྗོངས་ཉིན་རེའི་ཚགས་པར 》དང་། 《བོད་ལྗོངས་ཚོང་འཕྲིན་ཚགས་པར 》བོད་ལྗོངས་བཪྙན་འཕྲིན་ལས་ཁུངས་བཅས་ལ་ཐོབ་པའི་གྲུབ་འབྲས་ནི་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་འཐབ་ཕྱོགས་གོང་འཕེལ་མྱུར་པོ་བྱུང་བའི་མཚོན་ཚུལ་ཞིག་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་མི་རིགས་ཁག་གི་མང་ཚོགས་ཚོས་ཐོས་ཐུབ་པ་དང་། རྣ་བར་འཇགས་ཐུབ་པ། བལྟ་ཐུབ་པ། སེམས་ལ་ཟུག་ཐུབ་པ་བཅས་ཡོང་བ་བྱ་རྒྱུར་གཞི་བཙུགས་ཏེ་རང་ལྗོངས་ཀྱི་རིམ་ཁག་གསར་འགྱུར་སྨྱན་སྦྱོར་གྱིས་མཐུན་སྒྲིལ་དང་། བརྟན་ལྷིང། ངར་ཤུགས་སྒྲིམ་པ་བཅས་བྱས་ནས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བོར་བྱེད་པའི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་བྱ་ཐབས་གསར་གཏོད་དང་། སྤུས་རྟགས་བཏོད་པ། ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་པས་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལ་ཁྱད་ཆོས་ཡོད་པ་དང་ཆུ་ཚད་གསར་པར་སླེབས་པའི་འགན་ལེན་ཐུབ་ཡོད། དྲིལ་བསྒྲགས་གཏོང་སྤེལ་གྱི་ཡིད་དབང་འགུགས་ཤུགས་དང་། ཡིད་དབང་འཕྲོག་ནུས། དམིགས་སའི་རང་བཞིན་བཅས་ཆེ་རུ་བཏང་ནས་གཙོ་རྒྱུན་སྨྱན་སྦྱོར་འཛུགས་སྐྱོང་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་སྟེ་ཏང་གི་ཚགས་པར་དང་། ཏང་གི་དུས་དེབ། རླུང་འཕྲིན། བཪྙན་འཕྲིན་ཁང་། དཔེ་སྐྲུན་ཁང་བཅས་རྒྱ་སྟོབས་ཆེན་པོ་ཡོང་བ་བྱས་པ། ཏང་གི་ཚགས་པར་དང་དུས་དེབ་རིན་མེད་དུ་སྤྲོད་པའི་གྲངས་ཚད་དང་འགྲེམས་སྤེལ་གྱི་ཕན་ནུས་གོང་མཐོར་ཤུགས་ཆེན་ཕྱིན་པ། བོད་སྐད་སྲུང་སྐར་དང་། རླུང་འཕྲིན་ལེ་ཚན་གྱི་ནང་དོན། རླུང་འཕྲིན་བཪྙན་འཕྲིན་ལེ་ཚན་བོད་སྐད་དུ་ཕབ་སྒྱུར་བྱེད་ནུས་བཅས་གོང་མཐོར་ཕྱིན་པས་ཏང་དང་སྲིད་གཞུང་གི་གསུང་སྒྲ་དང་གཟུགས་བཪྙན་དེ་སྤྱི་ལེ་ངོས་གྲུ་ཁྲི་120ཡི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག་ཐོས་ཐུབ་པ་དང་། མཐོང་ཐུབ་པ་བྱུང་ནས་གུང་ཁྲན་ཏང་ཡག་དང་། སྤྱི་ཚོགས་རིང་ལུགས་ཡག སྒྱུར་བཅོས་སྒོ་དབྱེ་ཡག རླབས་ཆེན་མེས་རྒྱལ་ཡག མི་དམངས་དམག་དཔུང་ཡག མི་རིགས་ཁག་གི་མི་དམངས་ཡག་བཅས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་ཐུབ་ཡོད་པ་རེད།

        རང་འགུལ་སྐད་སྒྲར་བརྟེན་ནས་བོད་ཀྱི་གཏམ་རྒྱུད་ཀྱིས་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པར་བྱས་པ།

        2012ལོར་རང་སྐྱོང་ལྗོངས་ཀྱིས་ཨ་རིའི 《ཉིའུ་གཡོད་སྐབས་དོན་ཚགས་པར 》དང 《ཝ་ཧྲིང་ཐོན་སྦྲག་སྲིད་ཚགས་པར 》སོགས་ནུབ་ཕྱོགས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་ཐོག 《བདེ་སྐྱིད་ལྡན་པའི་བོད་ལྗོངས 》དང 《ཁྱིམ་གཞིས་གསར་པ་དང་འཚོ་བ་གསར་པ 》སོགས་བོད་ཀྱི་ཆེད་བསྒྲིགས་ལེ་ཚན་བཏོན་པས་ཚུར་སྣང་ལན་ཆ་ཆེན་པོ་བྱུང་སྟེ་ཨ་རིའི་ཆབ་སྲིད་དང་། ཚོང་ལས། རིག་གཞུང་ལས་རིགས་ཁག་བཅས་ཀྱི་གཙོ་རྒྱུན་ཀློག་པ་པོ་ཁྲི་བརྒྱ་ལ་ཉེ་བ་ཟིན་པ་དང་ནུབ་ཕྱོགས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་བརྒྱུད་དེ་རང་འགུལ་སྐད་སྒྲར་བརྟེན་ནས་བོད་ཀྱི་ཆ་འཕྲིན་ངོ་མ་ཁྱབ་སྤེལ་གྱི་ཚད་བརྒལ་ཐོག་མར་བྱུང་བ་རེད།

        ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་རང་འགུལ་ངང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱས་ནས་རང་འགུལ་རྣམ་པའི་ཐོག་ནས་འཛམ་གླིང་ལ་དངོས་ཡོད་ཀྱི་བོད་ལྗོངས་དྲིལ་བསྒྲགས་དང་ངོ་སྤྲོད་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་འཁྱོག་བཤད་དྲིལ་བསྒྲགས་ལ་དགག་པ་བརྒྱབ་པ་རེད། ཀྲུང་དབྱང་སྨྱན་སྦྱོར་གྱི་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རང་ལྗོངས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱི་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་ཐབས་ལམ་གཙོ་བོའི་ནུས་པར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཕྱི་རྒྱལ་གྱི་རྒྱ་ཡིག་གི་སྨྱན་སྦྱོར་དང་། མཐའ་འཁོར་རྒྱལ་ཁབ། བོད་ཀྱི་གཙོ་རྒྱུན་སྨྱན་སྦྱོར་བཅས་ཀྱིས་བོད་དྲང་ཕྱོགས་དྲིལ་བསྒྲགས་བྱེད་པའི་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ་དང་ཀྲུང་དབྱང་དང་ས་གནས་མཉམ་འགུལ་དང་། མངའ་ཁོངས་ཕྱི་ནང་མཉམ་འགུལ། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་ཕན་ཚུན་གཅིག་རམ་གཅིག་འདེགས་བཅས་བྱས་ཏེ་རིམ་པ་མང་བ་དང་། རྣམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་སྒོ་ནས་དྲང་ཕྱོགས་ངང་བོད་དྲིལ་བསྒྲགས་བྱེད་པའི་ཟིལ་ཤུགས་ཆེན་པོ་ཞིག་ཆགས་པ་བྱས་ཡོད་པ་རེད།

        ཕྱི་ཕྱོགས་སུ་གསར་འགྱུར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་ཕུད་རང་ལྗོངས་ཀྱིས་ད་དུང “བོད་ཤེས་ཚོར་དང་། ཀྲུང་གོའི་བོད་ཀྱི་རིག་གནས་འགྲུལ་བཞུད ”དང “ཀྲུང་གོའི་བོད་ཀྱི་རིག་གནས་གཟའ་འཁོར ”“ཀྲུང་གོའི་བོད་འཕེལ་རྒྱས་ཀྱི་གླེང་སྟེགས ”སོགས་རིག་གནས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་སྤེལ་བ་དང “ནང་དུ་གདན་འདྲེན་པ་དང་ཕྱིར་བསྐྱོད་པའི ”ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ་རེད། ཕྱི་རྒྱལ་སྲིད་གཞུང་གི་གནད་ཆེའི་མི་སྣ་དང་། སྨྱན་སྦྱོར་གསར་འགོད་པ། རིགས་གཅིག་མཁས་ཅན། མཁས་དབང་། ཕྱིར་སྡོད་རང་མི་སོགས་ཀྱི་འཐུས་མི་ཚོགས་པ་མང་པོ་བོད་དུ་ལྟ་སྐོར་འཚམས་འདྲི་དང་། བཅར་འདྲི་རྟོག་ཞིབ། རྣམ་གྲངས་དང་རིག་གནས་ཐད་སྤེལ་རེས་བཅས་བྱེད་པར་ཡོང་ཡོད། དེ་དང་ཕྱོགས་མཚུངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། བོད་རིག་པ་མཁས་ཅན། ཆོས་ལུགས་ལས་རིགས་ཀྱི་མི་སྣ་སོགས་ཨ་རི་དང་། འཇར་མན། པེར་ཀྲེམ། པར་ཙིར། ལྷོ་ཨ་ཧྥེ་རི་ཁ། ཨོ་སི་ཁྲུ་ལི་ཡ། ཨུ་རུ་སུ། མོང་གོལ་སོགས་གླིང་ཆེན་6གི་རྒྱལ་ཁབ་30ལྷག་ཙམ་དུ་རིག་གཞུང་སྤེལ་རེས་དང་མཛའ་གྲོགས་འཚམས་འདྲི་བྱེད་པར་བསྐྱོད་རྒྱུའི་སྒྲིག་འཛུགས་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员