[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཆེད་སྒྲིག
  • བོད་ཀྱི་ས་ཁུལ་དང་སྡེ་ཚན་ཁག་གིས་བོད་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།    |    རྩོམ་པ་པོ།      |    སྤེལ་དུས།   2013-09-25

        ཚེས་23ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་དྲིལ་བསྒྲགས་དང་རིག་གནས་ཁོངས་གཏོགས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་ཚང་མས་ཧྲུའུ་ཅི་ཁྲེན་ཆོན་གོ་ཡི་གསུང་བཤད་ནང་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེའི་དགོངས་དོན་འགོ་ནས་མཇུག་བར་ཁྱབ་པས་མཛུབ་ཁྲིད་རང་བཞིན་དང་། དམིགས་ས་རང་བཞིན་། བཀོལ་སྤྱོད་རང་བཞིན་བཅས་ཆེན་པོ་ལྡན་པས་དྲིལ་བསྒྲགས་བསམ་བློའི་ལས་དོན་ལེགས་པར་སྒྲུབ་པའི་བྱ་སྤྱོད་ཀྱི་རྩ་འཛིན་དང་གཞི་རྩའི་སྲུང་བྱ་ཞིག་ཡིན་པའི་ངོས་འཛིན་གནང་བ་དང་ཚང་མས་ངེས་པར་དུ་གསུང་བཤད་ཀྱི་དགོངས་དོན་ལྟར་དྲིལ་བསྒྲགས་བསམ་བློའི་ལས་དོན་ལེགས་པར་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་དངོས་ཡོད་ཀྱི་དགོས་གཏུགས་སེམས་པ་ཆེ་རུ་ཏན་ཏིག་བཏང་ནས་རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ལེགས་པར་སྒྲུབ་ཆེད་སེམས་ནུས་ཡོད་རྒུ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།

        ལྷོ་ཁ་ས་ཨུད་དྲིལ་བསྒྲགས་པུའི་ལྟ་ཞིབ་པ་ཀུའོ་ཅན་ཅུན་གྱིས་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་ནང་ང་ཚོར་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་ཁ་ཕྱོགས་བསྟན་པ་དང་དེང་སྐབས་དང་ཕྱིན་ཆད་སྐབས་ཤིག་རིང་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པས་ལྷོ་ཁ་ས་ཁུལ་གྱིས་གསུང་བཤད་གལ་ཆེན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ཡག་པོ་བྱས་ནས་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་། འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པ། བརྟན་ལྷིང་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཆེད་དུ་ས་ཁུལ་དེ་ཡོངས་ཀྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ལ་སྒོ་ཀུན་ནས་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

        ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་དཔལ་ཡོན་སྲོལ་གཏོད་གཞུང་ལས་ཁང་ཕྱོགས་བསྡུས་ཁྲུའི་ཁྲུའུ་ཀྲང་ཁྲེན་ཝུན་ཏེས་དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་ཀྱི་ལས་བྱེད་པ་ཞིག་གི་ངོས་ནས་བརྗོད་ན་ངེས་པར་དུ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་དམ་པོར་དམིགས་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པ་དང་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་བ་དང “རྒྱལ་གཅེས་དང་། མཐུན་སྒྲིལ། ཞི་མཐུན། འཕེལ་རྒྱས། ཤེས་དཔལ ”བཅས་བརྗོད་དོན་གཙོ་བོ་ཡིན་པའི་ལྟེ་བའི་རིན་ཐང་ལྟ་བ་བརྟན་པོར་བཙུགས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་རྦད་དེ་བདེ་འཇགས་འགན་ལེན་བྱེད་དགོས་པའི་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

        སྒེར་རྩེ་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཆེན་གྱི་རུ་དཔོན་བཀྲ་ཤིས་བག་གྲོས་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་ནང་རང་ལྗོངས་ཀྱི་དོན་དངོས་དང་དྲིལ་བསྒྲགས་ལས་དོན་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གནང་ནས་རྒྱ་ཆེའི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཁོངས་གཏོགས་ཀྱི་ལས་བཟོར་ལས་དོན་གྱི་ཁ་ཕྱོགས་བསྟན་ཡོད། ང་ཚོས་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། རིག་གནས་དང་རླུང་འཕྲིན་བཪྙན་འཕྲིན་ཁོངས་གཏོགས་ཀྱི་ལས་བྱེད་པའི་ཆེད་དོན་སློབ་སྦྱོང་། ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་དང་ལས་བྱེད་པའི་སློབ་སྦྱོང་སོགས་བྱ་ཐབས་སྣ་ཚོགས་སྤྱད་ནས་གསུང་བཤད་དགོངས་དོན་སྒོ་ཀུན་ནས་བརྒྱུད་བསྒྲགས་ལག་བསྟར་དང་སློབ་སྦྱོང་གི་ཚ་རླབས་འཕྱུར་བ་བྱས་ཏེ་སྒེར་རྩེ་རྫོང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

        རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི 《སྤང་རྒྱན་མེ་ཏོག 》དུས་དེབ་ཀྱི་རྩོམ་སྒྲིག་པ་གཙོ་བོ་གཞོན་པ་ཆུང་བདག་གིས་རང་ལྗོངས་ཀྱི་དམངས་ཁྲོད་རྩོམ་རིག་དུས་དེབ་ཡིན་པའི 《སྤང་རྒྱན་མེ་ཏོག 》གིས་སྔ་ཕྱི་བར་གསུམ་དུ་རྩོམ་ཡིག་འདོན་འགོད་ཀྱི་འགག་སྒོ་ཡག་པོ་སྲུང་བ་དང་དྲང་ནུས་བརྒྱུད་སྤེལ་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད། ཕྱིན་ཆད་ང་ཚོས་ཀྱང་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེའི་དགོངས་དོན་ལྟར་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་བརྟན་དུ་གཏོང་བ་དང་རྩོམ་ཡིག་ལ་ཞིབ་ལྟ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་སེམས་ལ་སྐུལ་མ་གཏོང་བའི་བརྩམས་ཆོས་ཡག་པོ་དེ་བས་མང་བ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།

        བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་བསོད་ནམས་དཔལ་སྒྲོན་གྱིས་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་རྗེས་གསར་འགོད་པ་ཞིག་གིས་ངེས་པར་དུ་སྤྱི་ཚོགས་ཀྱི་ཁྱོན་ཡོངས་དང་བསྟུན་ཏེ་སྤྱི་ཚོགས་ཀྱི་འགན་འཁྲི་ཆེན་པོ་ཡོད་དགོས་པ་དང་ལྷག་པར་དུ་དྲ་སྦྲེལ་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་ད་ལྟ་ངེས་པར་དུ་གསར་འགྱུར་གྱི་སྒྲིག་ལམ་ནན་པོར་སྲུང་སྟེ་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་བརྒྱུད་སྤེལ་བྱས་ཏེ་སྤུས་ཚད་མཐོ་བའི་གསར་འགྱུར་བརྩམས་ཆོས་ཀྱི་ཐོག་ནས་སྤྱི་ཚོགས་ཧྲིལ་པོའི་མཐུན་སྒྲིལ་འབད་འབུངས་ཀྱི་སྟོབས་ཤུགས་ཆེན་པོ་འཕེལ་བ་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员