[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>བོད་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་ཆེད་སྒྲིག
  • བོད་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

    ཁྲེན་ཆོན་གོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། ཏེང་ཞའོ་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།    |    རྩོམ་པ་པོ།      |    སྤེལ་དུས།   2013-09-25

        ཟླ་9ཚེས་23ཉིན་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུ་དེ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཕེབས་པ་དང་འབྲེལ་གསུང་བཤད་གནང་བ།

        ཟླ་9ཚེས་23ཉིན་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། སྤྱི་ཡོངས་བརྟན་ལྷིང་བཅས་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

        ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་ཏེང་ཞའོ་ཀང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཅིན་ཧྲུའུ་པོ་དང་། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། ཏུང་ཡུན་ཧུའུ། ལེའང་ཐེན་ཀེང་། ཝང་རུའེ་ལེན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

        ཁྲེན་ཆོན་གོས་རྒྱལ་ཡོངས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱུན་ཨུ་ལིའུ་ཡུན་ཧྲན་དང་པུའུ་ཀྲང་ལིའུ་ཆི་པའོ་ཡི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ། བསམ་བློ་བཅིངས་འགྲོལ་གཏོང་བ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱེད་པ། དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར་བཅས་མཐའ་འཁྱོངས་བྱེད་པ། ཀྲུང་གོའི་འགྲོ་ལམ་མཐའ་འཁྱོངས་དང་། ཀྲུང་གོའི་སྙིང་སྟོབས་དར་སྤེལ། ཀྲུང་གོའི་སྟོབས་ཤུགས་གཅིག་སྒྲིལ་བཅས་མཐའ་འཁྱོངས་བྱ་རྒྱུར་དམ་པོར་དམིགས་པ། དྲིལ་བསྒྲགས་བསམ་བློའི་རིག་གནས་ལས་དོན་གྱི་བསམ་བློའི་སྣེ་ཁྲིད་ནུས་པ་དང་། གླེང་ཕྱོགས་ཀྱི་སྐུལ་འདེད་ནུས་པ། བསམ་བློའི་སྐུལ་ལྕག་ནུས་པ། རིག་གནས་ཀྱི་འདེགས་སྐྱོར་ནུས་པ་བཅས་འདོན་སྤེལ་གང་ལེགས་བཅས་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱ་ཆེད་བསམ་བློའི་འགན་ལེན་དང་། གླེང་ཕྱོགས་ཀྱི་རྒྱབ་སྐྱོར། རིག་གནས་ཀྱི་ཆ་རྐྱེན། བསམ་བློའི་སྒུལ་ཤུགས་བཅས་མཁོ་འདོན་བྱེད་དགོས་ཞེས་གསུངས་པ་རེད།

        ཁྲེན་ཆོན་གོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཕུགས་བསམ་དད་སེམས་ནི་གུང་ཁྲན་ཏང་མིའི་བསམ་བློའི་ནང་གི “འཚོ་བཅུད་ཀེ ”ལྟ་བུ་ཡིན་པས་བསམ་བློ་དང་བླ་སྲོག་མངོན་གསལ་དོད་པོ་ཡོང་དགོས་ཚེ་ཕུགས་བསམ་དད་སེམས་ཀྱི་སློབ་གསོར་དམ་འཛིན་ཏན་ཏིག་བྱེད་དགོས་ཞེས་གསུངས་ཡོད། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་དམ་འཛིན་ཡག་པོ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཆབ་སྲིད་ཀྱི་དད་སེམས་བརྟན་དུ་བཏང་སྟེ་ཀྲུང་གོའི་ཕུགས་འདུན་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ངང་སྤེལ་བ་དང་། མར་ཁེ་སི་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་དད་སེམས་བརྟན་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་ནས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས “ལོ་བརྒྱ་གཉིས ”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། ལྟེ་བའི་རིན་ཐང་ལྟ་བ་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས ”དར་སྤེལ་ཤུགས་ཆེན་གཏོང་དགོས་པའི་ཐོག་དེར་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་བསྣན་ནས་ཆབ་སྲིད་ལ་ཁྱད་པར་སྣང་ཆེན་ཐུབ་པ་དང་། གསར་གཏོད་ཁྱད་པར་ཐུབ་པ། སྡུག་བསྲན་ཁྱད་པར་ཐེག་པ། འགན་འཁྲི་ཁྱད་པར་འཁུར་ཐུབ་པ། ལེགས་སྐྱེས་ཁྱད་པར་འབུལ་ཐུབ་པ་བཅས་བྱེད་པ་དང་འབྲེལ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བསམ་བློའི་སློབ་གསོ་གཏིང་ཟབ་སྤེལ་ཏེ་ཏང་ཡོན་ལས་བྱེད་པས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་ཆབ་སྲིད་རྩ་དོན་གལ་ཆེན་གྱི་གནད་དོན་ཐད་དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པོ་ཡོང་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

        ཁྲེན་ཆོན་གོས་ནན་བཤད་གནང་དོན། བོད་འདི་ཉིད་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོར་གནས་པ་དང་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་དེ་སྔ་ཕྱི་བར་གསུམ་དུ་ང་ཚོས་དགྲ་ཡའི་ཕྱོགས་གཏོགས་དང་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་གཡུལ་ས་གཙོ་བོ་ཡིན་པས་ངེས་པར་དུ་འདུ་ཤེས་འཛིན་སྟངས་ལས་ཀའི་འགོ་ཁྲིད་དབང་ཆ་དང་། དོ་དམ་དབང་ཆ། གཏམ་བཤད་དབང་ཆ་བཅས་བརྟན་པོ་བཟུང་དགོས། འདུ་ཤེས་འཛིན་སྟངས་ལས་ཀའི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་གཡུལ་ས་དང་། ཁྲིད་ཕྱོགས། དཔུང་ཁག་བཅས་དམ་འཛིན་ཡག་པོ་བྱས་ཏེ་ནོར་འཁྲུལ་གྱི་ལྟ་བ་དང་ནོར་འཁྲུལ་གྱི་ཁ་ཕྱོགས་དམ་འཛིན་བྱེད་ཕོད་པ་དང་། དོ་དམ་བྱེད་ཕོད་པ། ཐེར་འདོན་བྱེད་ཕོད་པ་བཅས་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་ཞིབ་འཇུག་དང་འཛུགས་སྐྲུན་འདུ་འགོད་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཚན་རིག་གི་རིགས་པའི་གཞུང་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། མར་ཁེ་སི་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན། མཐོ་སློབ་ཀྱི་བསམ་བློ་དང་ཆབ་སྲིད་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་བརྟན་དུ་ཏན་ཏིག་གཏོང་དགོས། བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་དང་། བོད་གསར་ཪྙིང་བསྡུར་བའི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་བྱེད་སྒོ་བཅས་གཏིང་ཟབ་སྤེལ་ནས་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་ལྟེ་བར་ཕྱོགས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏཱ་ལའི་རུ་ཚོགས་ཐེར་འདོན་གཏིང་ཟབ་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏཱ་ལའི་རུ་ཚོགས་ནི “བོད་རང་བཙན ”ལྐོག་གཤོམ་བྱེད་མཁན་ཁ་ཕྲལ་རིང་ལུགས་ཀྱི་ཆབ་སྲིད་རུ་ཚོགས་ཀྱི་འགོ་གཙོ་དང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དུ་སྤྱི་ཚོགས་ཟང་ཟིང་བཟོ་བའི་སྤྱིའི་འབྱུང་རྩ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་ལྡན་སྒྲིག་སྲོལ་འཛུགས་རྒྱུར་བཀག་འགོག་བྱེད་མཁན་གྱི་འགོག་རྐྱེན་ཆེ་ཤོས་བཅས་ཡིན་པ་ངོས་འཛིན་གསལ་རྟོགས་ཐུབ་ནས་ཏཱ་ལའི་རུ་ཚོགས་དང་རང་རྟོགས་ངང་དབྱེ་མཚམས་གསལ་པོ་འབྱེད་དགོས། སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་སྔོན་འགོག་ཚོད་འཛིན་མ་ལག་བསྐྲུན་ནས་བར་སྣང་གི་སིམ་འཛུལ་ཁྱོན་ཡོངས་ནས་བཀག་འགོག་དང་། ས་ཐོག་གི་སིམ་འཛུལ་ནུས་ལྡན་ངང་ཞིབ་བཤེར། དྲ་ཐོག་སིམ་འཛུལ་ལ་དོགས་ཟོན་ནན་པོ་བཅས་བྱས་ཏེ་ལངས་གཟུགས་ཅན་དང་ཁྱོན་ཡོངས་ཀྱི་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་སྔོན་འགོག་ཚོད་འཛིན་མ་ལག་བསྐྲུན་དགོས། ཤེས་ཡོན་ཅན་གྱི་སློབ་གསོ་དང་། ཐུགས་ཁུར། གསོ་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་བྱང་ཚད་མཐོ་བའི་ཤེས་ཡོན་ཅན་གྱི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས།

        ཁྲེན་ཆོན་གོས་ནན་བཤད་གནང་དོན། བོད་འདི་ཉིད་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཛ་དྲག་ཆེ་བའི་དུས་བབ་ཀྱི་མདུན་དུ་ངེས་པར་དུ་བློ་བརྟན་འགྱུར་མེད་དང་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་དྲིལ་བསྒྲགས་ཁྲིད་ཕྱོགས་ཀྱི་རྩ་བ་དེ་སྔ་ཕྱི་བར་གསུམ་དུ་དམ་པོར་བཟུང་ནས་མཐུན་སྒྲིལ་དང་བརྟན་ལྷིང་ཐད་ཤུགས་སྣོན་བརྒྱབ་སྟེ་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བོར་བྱེད་པའི་བྱེད་ཕྱོགས་གལ་ཆེན་མཐའ་འཁྱོངས་ཀྱིས་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ་དང་། གླེང་ཕྱོགས་ཀྱི་འཐབ་རྩོད་ཧུར་ཐག་བྱེད་པ། བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ། དྲང་ནུས་བརྒྱུད་སྤེལ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་མཐུན་སྒྲིལ་དང་འབད་འབུངས་ཀྱི་སྟོབས་ཤུགས་ཆེན་པོ་འཕེལ་བ་བྱེད་དགོས། ཡང་དག་པའི་གླེང་ཕྱོགས་ཁྲིད་སྟོན་སྟངས་འཛིན་ནན་པོ་བྱས་ཏེ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐད་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ་ཀྲུང་དབྱང་གི་དབང་གྲགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་དྲང་ཕྱོགས་དྲིལ་བསྒྲགས་ཀྱི་མིར་སྐུལ་མ་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བསམ་བློའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ཀྱི་བསམ་ཕྱོགས་དང་སྤྱི་ཚོགས་ཀྱི་སེམས་ཁམས་དེ་དགེ་མཚན་ལྡན་པ་དང་སྐྱོན་བྲལ་གྱི་ཕྱོགས་སུ་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་བྱས་ཐོག་གླེང་ཕྱོགས་ཀྱི་རང་འགུལ་དབང་ཆ་ཁོང་དུ་བརྟན་པོ་ཆུད་དགོས། གསར་འགྱུར་སྨྱན་སྦྱོར་གཙོ་བོའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་མཁས་ཅན་གྱིས་ཚགས་པར་གཉེར་བ་དང་། དུས་དེབ་གཉེར་བ། གསར་འགྱུར་དྲ་ཚིགས་གཉེར་བ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་འགན་གཙང་སྒྲུབ་ངང་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཞབས་འདེགས་ཞུ་བ་དང་ཁྱོན་ཡོངས་དང་ཟུང་འབྲེལ་བྱས་ཏེ་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་དགོས། སྲོལ་རྒྱུན་གྱི་གསར་འགྱུར་སྨྱན་སྦྱོར་གྱི་བརྒྱུད་སྤེལ་ནུས་པ་ཆེ་རུ་བཏང་ནས་དྲིལ་བསྒྲགས་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཡིད་དབང་འཕྲོག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས། དྲང་ཕྱོགས་དྲིལ་བསྒྲགས་ཀྱི་ཁྲིད་ཕྱོགས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྨྱན་སྦྱོར་གཙོ་བོའི་ཁྱབ་ཁྱོན་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། དྲང་ཕྱོགས་དྲིལ་བསྒྲགས་ཀྱི་གསར་འགྱུར་ཁུངས་སྣེ་ཡོངས་ཁུངས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ། སྤྱི་ཚོགས་གླེང་ཕྱོགས་ལ་དུས་ཐོག་དང་ནུས་ལྡན་ངང་ཁྲིད་སྟོན་བྱེད་པ། ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་པ་བཅས་བྱེད་དགོས། དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་གཡུལ་སའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དྲིལ་བསྒྲགས་དང་རིག་གནས་གཡུལ་ས་མཐའ་དག་གིས་ནོར་འཁྲུལ་གྱི་བསམ་བློ་དང་གཏམ་བརྗོད་ལ་དྲིལ་བསྒྲགས་བྱེད་པའི་ཐབས་ལམ་མི་གཏོད་རྒྱུའི་འགན་ལེན་བྱེད་དགོས། བོད་འབྲེལ་གྱི་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་རྒྱལ་སྤྱིའི་བརྒྱུད་སྤེལ་ནུས་པ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་དྲང་ཕྱོགས་ནས་བོད་དྲིལ་བསྒྲགས་བྱེད་པའི་ཐབས་ལམ་མུ་མཐུད་རྒྱ་ཆེར་དང་རྒྱལ་སྤྱིའི་ཐོག་གི་གཏམ་བཤད་དབང་ཆ་ཆེ་རུ་གཏོང་བ་དང་། “ནང་དུ་གདན་འདྲེན་པ་དང་ཕྱི་ཕྱོགས་སུ་བསྐྱོད་པའི ”ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་འཛམ་གླིང་རྒྱལ་ཁབ་ཁག་གིས་ཕྱི་རོལ་ཡུལ་དང་མཐུན་པ་དང་ཁྱོན་ཡོངས་ནས་བོད་འདི་ཉིད་ངོས་འཛིན་དང་བོད་འདི་ཉིད་ཤེས་རྟོགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ། མཐའ་འཁོར་རྒྱལ་ཁབ་ཏུ་དྲིལ་བསྒྲགས་བྱེད་པའི་ལས་དོན་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པའི་གཟུགས་བཪྙན་ལེགས་པོ་གང་ལེགས་སྟོན་དགོས།

        ཁྲེན་ཆོན་གོས་བསྟན་དོན། དྲ་སྦྲེལ་ཁྱབ་ཁོངས་དེ་རང་ལྗོངས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་དང་ཐད་ཀར་འབྲེལ་བ་ཡོད་པས་དྲ་རྒྱའི་སྤྱི་ཚོགས་ཀྱི་དོ་དམ་ལ་ཧ་ཅང་མཐོང་ཆེན་དང་ཁྲིམས་ལྟར་ཤུགས་སྣོན་བརྒྱབ་ནས་དྲ་རྒྱའི་ལག་རྩལ་གསར་པ་དང་བཀོལ་སྤྱོད་གསར་པར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དྲ་སྦྲེལ་ལ་དོ་དམ་དང་ཚོད་འཛིན་ཐུབ་པའི་འགན་ལེན་བྱས་ཐོག་རང་ལྗོངས་ཀྱི་དྲ་རྒྱའི་བར་སྣང་གསལ་པོ་ཡོང་བ་བྱེད་དགོས། དྲ་སྦྲེལ་གྱི་ལྟ་སྐུལ་དོ་དམ་སྒྲིག་གཞི་འཐུས་ཚང་དུ་བཏང་ནས་དྲ་རྒྱའི་གླེང་ཕྱོགས་ཀྱི་གཡུལ་ས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྐྱོན་བྲལ་ཡར་ཐོན་གྱི་དྲ་རྒྱའི་རིག་གནས་འཕེལ་རྒྱས་ཆེན་པོ་གཏོང་བ། དཔའ་ཉམས་ཆེན་པོས་དྲ་ཐོག་གི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། གཞི་ཁྱོན་འོས་འཚམ་དང་བྱང་ཚད་ཡག་པའི་དྲ་སྦྲེལ་ལས་ཞུགས་མི་སྣའི་དཔུང་ཁག་ཅིག་བསྐྲུན་པ། དྲ་རྒྱའི་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཐོག་དྲ་སྦྲེལ་བཀོལ་སྤྱོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

        ཁྲེན་ཆོན་གོས་ཁྱབ་ཁོངས་ཁག་གི་སྲིད་འཛིན་དོ་དམ་དང་། ལས་རིགས་དོ་དམ། སྤྱི་ཚོགས་དོ་དམ་བཅས་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་དྲིལ་བསྒྲགས་ཆེན་པོའི་བཀོད་པ་ཞིག་ཆགས་པ་བྱེད་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཁ་ཕྱོགས་ཐད་ཁོང་དུ་བརྟན་པོ་ཆུད་པ་དང་། ལས་དོན་ཐད་ཞིབ་འཇུག་དང་མཛུབ་ཁྲིད་བྱེད་པ། ཆབ་སྲིད་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། གཏོང་ཆ་གཏོང་ཤུགས་ཐད་འགན་ལེན་བཅས་བྱས་ཏེ་འགན་འཁྲི་ཁུར་སེམས་དང་འགན་འཁུར་བའི་སྙིང་སྟོབས་ཆེན་པོར་བརྟེན་ནས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་དམ་འཛིན་བྱེད་དགོས། དྲིལ་བསྒྲགས་དཔུང་ཁག་སྟོབས་ཆེན་ཞིག་བསྐྲུན་ནས་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་། གསར་འགྱུར་འཚོལ་སྒྲིག་དཔུང་ཁག་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་ཐོག་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པར་འདེགས་སྐྱོར་ནུས་ལྡན་བྱེད་དགོས། སྒྲིལ་ཤུགས་སྟོབས་ཆེན་ཆགས་པ་བྱས་ཏེ་འཐབ་ཕྱོགས་ཁག་དང་སྡེ་ཚན་ཁག་གིས་རང་ངོས་ཀྱི་ལས་དོན་དེ་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དྲིལ་བསྒྲགས་ཆེན་པོའི་འདུ་ཤེས་བཙུགས་ཐོག་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ལ་མི་ཚང་མས་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཏུང་ཡུན་ཧུའུ་ཡིས་ཕྱོགས་སྡོམ་གསུང་བཤད་གནང་རིང་རྩ་བ་དམ་འཛིན་བྱས་ཏེ་ཕུགས་བསམ་དད་སེམས་བརྟན་པོ་ཡོང་བ་བྱ་རྒྱུ་དེ་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་རྩ་བའི་ལས་འགན་དུ་བྱས་ནས་རྒྱུན་འཁྱོངས་ལྷོད་མེད་ངང་དམ་འཛིན་ཏན་ཏིག་ཡག་པོ་བྱས་ཏེ་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་ཟམ་མི་ཆད་པར་བརྟན་པོ་འདིང་བ་དང་། ཁྲིད་ཕྱོགས་ལ་དམ་འཛིན་བརྟན་པོ་བྱས་ཏེ་ཡང་དག་པའི་ཁྲིད་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དེ་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ལས་ཀའི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་། ནང་ངོས་སུ་དྲིལ་བསྒྲགས་དང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་དང་། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་གླེང་ཕྱོགས་ཀྱི་འཐབ་རྩོད། གཡུལ་ས་འཛུགས་སྐྱོང་དང་གཡུལ་ས་དོ་དམ་བཅས་ལ་གཅིག་འདོམས་འཆར་འགོད་བྱས་ཐོག་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འགོ་ཁྲིད་དབང་ཆ་དང་། དོ་དམ་དབང་ཆ། གཏམ་བཤད་དབང་ཆ་བཅས་ཐོག་མཐའ་བར་གསུམ་དུ་ཡག་པོ་འཛིན་པ། དྲ་རྒྱར་དམ་འཛིན་ཡག་པོ་བྱས་ཏེ་དྲ་ཐོག་གི་གླེང་ཕྱོགས་ལས་དོན་དེ་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དམ་འཛིན་ཡག་པོ་བྱས་ཏེ་ཕན་འབྲས་ཐོན་པ་བྱས་ཐོག་དྲ་སྦྲེལ་གྱི་བར་མཐོངས་གསལ་པོ་ཡོང་བའི་འགན་ལེན་བྱེད་པ་དང་། གཞི་རིམ་ལ་དམ་འཛིན་ཏན་ཏིག་བྱས་ཏེ་གཞི་རིམ་ལ་དེ་བས་མཐོང་ཆེན་དང་། དཔུང་ཁག་གི་སྟོབས་ཤུགས་ཆེ་རུ་གཏོང་བ། ལས་ཀའི་ཆ་རྐྱེན་ལེགས་སུ་གཏོང་བ་བཅས་བྱས་ནས་གཞི་རིམ་གྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ལས་ཀའི་ཞན་ཆ་ལེགས་བཅོས་བྱེད་དགོས། དཔུང་ཁག་སྟོབས་ཆེར་གཏོང་རྒྱུར་དམ་འཛིན་བྱེད་པ་དང་རིམ་ཁག་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་སྡེ་ཚན་དངོས་སུ་སྟོབས་ཆེར་འགྲོ་བའི་འགན་ལེན་བྱས་ཐོག་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་འགྲོ་བ་བྱེད་དགོས་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། 系统管理员