[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ལོ་ཆུང་བྱིས་པའི་སྒྱུ་རྩལ་འགྲན་བསྡུར་>འགྲན་བསྡུར་ཆེ་མོའི་གསར་འགྱུར།
  • ཐུན་མོང་མ་ཡིན་པའི་བརྩམ་ཆོས་ལས་ཐུན་མོང་མ་ཡིན་པའི་རང་ཉིད་མངོན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2015-05-09

    སྐབས་གསུམ་པའི་ལོ་ཆུང་བྱིས་པའི་སྒྱུ་རྩལ་འགྲན་བསྡུར་ཏེ་རི་མོ་དང་གསར་བརྩམ་ཆོས་གཏོད་འགྲན་བསྡུར་ཐོག་བརྩམ་ཆོས་མང་དག་ཅིག་གིས་ལྟད་མོ་བའི་མིག་ཡིད་དགའ་སྟོན་དུ་འགྱུར་བཞིན་འདུག དེའི་ཁྲོད་བྱ་དགའ་རིམ་པ་དང་པོ་ཐོབ་པའི་བརྩམ་ཆོས་“མིག་ཆེན་པོ”བཀྲག་མདངས་འཚེར་བཞིན་འདུག 

    dayanjing.jpg

    འདི་ནི་དམིགས་བསལ་སློབ་མ་ཧྭ་ཏི་མིང་གི་བརྩམ་ཆོས་“མིག་ཆེན་པོ”བྱ་དགའ་རིམ་པ་དང་པོ་ཐོབ་པ།

    བརྩམ་ཆོས་དེ་ནི་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་སློབ་མ་ཧྭ་ཏི་མིང་གི་བརྩམ་ཆོས་ཡིན་ཞིང་། བརྩམ་ཆོས་དེ་གཅིག་བྱས་ན་བྱིས་པའི་སེམས་ནང་ནི་རྒྱལ་པོའི་སྲས་མོ་ཞིག་བྲིས་པ་ཡིན་སྲིད་ལ། ཡང་བྱས་ན་སེམས་ནང་གི་རང་ཉིད་ངོ་མ་དེའང་ཡིན་སྲིད། གང་ལྟར་བརྩམ་ཆོས་དེར་བལྟས་ཚེ་བུད་མེད་མཛེས་མ་ཐལ་མདོག་གི་སྐྲ་ལོ་ཐུར་དུ་འཆང་བ་ཞིག་གི་གཟུགས་སྟེང་དུ་རི་བོང་གི་རྣ་ཅོག་གཉིས་ཀྲོང་ངེར་ཡོད་པ་ཞིག ལུས་ལ་ཚོན་མདོག་རྣམ་པར་བཀྲ་བའི་གྱོན་གོས་དང་རྒྱན་ཆ་ཡིས་ལེགས་པར་སྤྲས་ཅིང་རྒྱབ་ཏུ་ཁ་དོག་ཡོད་པའི་གཤོག་པ་གཉིས་བརྐྱངས་པ་ཞིག་གིས་མི་རྣམས་ལ་རྒྱལ་པོའི་སྲས་མོ་དེ་སྦྲང་ནོར་བུའི་གཟུགས་སུ་འགྱུར་ནས་རང་འགར་འཕུར་ལྡིང་བྱེད་པ་མིན་ནམ་སྙམ་པའི་སྣང་པ་སྣ་ཚོགས་སྟེར་བཞིན་འདུག

    ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་རི་མོའི་དགེ་རྒན་རྒན་དངོས་གྲུབ་ལགས་ཀྱིས་བརྗོད་དོན་ད་ཐེངས་ཀྱི་འགྲན་བསྡུར་ནང་དུ་རང་སློབ་གྲྭའི་སློབ་མའི་བརྩམ་ཆོས་ལྔ་བཅུ་ལྷག་ཙམ་འགྲེམ་སྟོན་ནང་དུ་བཞུགས་ཡོད་ཅེས་གསུངས་བྱུང་། ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གྲྭས་དུས་རྒྱུན་དུ་ཕྲུ་གུའི་རི་མོ་སོགས་ཀྱི་བྱང་ཚད་སློབ་གསོར་མཐོང་ཆེན་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པས་ལོ་ཤས་རིང་རྒྱལ་ནང་དང་རང་ལྗོངས་ཀྱི་རི་མོའི་འགྲེམས་སྟོན་མ་ཉུང་བར་བཞུགས་ཡོད་པ་དང་བྱ་དགའ་མང་པོ་ཐོབ་ཡོད་པ་རེད། དམིགས་བསལ་སློབ་གྲྭའི་སློབ་མ་མང་ཆེ་བ་ནི་འོན་ལྐུགས་ཡིན་ཞིང་ཁོང་ཚོར་སློབ་ཁྲིད་བྱེད་སྐབས་དཀའ་ངལ་ཆེ་ཤོས་ནི་ལག་བརྡའི་ཐོག་ནས་རི་མོའི་ལྐོག་གྱུར་གྱི་བསམ་པ་མཚོན་ཐབས་བྱེད་པ་དེ་ཡིན་པས་དེའི་ཐོག་དགེ་སློབ་ཚང་མས་དཀའ་ངལ་ཁྱད་བསད་བྱས་པའི་བགྲོད་ལམ་གསར་འགོད་པའི་མིག་ལམ་དུ་ལྷམ་མེར་འཆར། ད་ཐེངས་ཀྱི་བརྩམ་ཆོས་མང་དག་ཅིག་འགྲན་བསྡུར་ནང་བཞུགས་ཐུབ་པ་དང་བྱ་དགའ་རིམ་པ་དང་པོའི་བརྩམ་ཆོས་“མིག་ཆེན་པོ”སོགས་ཀྱིས་ཁོང་དང་སློབ་མར་སྒུལ་ཤུགས་གསར་པ་སྤྲོད་ངེས་རེད།

    ཐུན་མོང་མ་ཡིན་པའི་བརྩམ་ཆོས་“མིག་ཆེན་པོ”ཡིས་རྩོམ་པ་པོའི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་རྩལ་མངོན་ཐུབ་ལ། ཐུན་མོང་མ་ཡིན་པའི་སྨྱུག་རྩལ་མངོན་ཐུབ།དེས་མ་ཚད་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ཚོར་ཐུབ། (ཚེ་རྡོར་དང་བསོད་དབང་གིས་གནས་ཚུལ་འགོད་སྤེལས་བྱས། བདེ་སྐྱིད་སྒྲོལ་དཀར་གྱིས་ཞུས)

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།