[ English ] [ 中文 ]
0891-6325020
དབུ་ཤོག>ཆེད་སྒྲིག>ལོ་ཆུང་བྱིས་པའི་སྒྱུ་རྩལ་འགྲན་བསྡུར་>འགྲན་བསྡུར་ཆེ་མོའི་གསར་འགྱུར།
  • སྐབས་གསུམ་པའི་བོད་ལྗོངས་ཀྱི་ལོ་ཆུང་བྱིས་པའི་སྒྱུ་རྩལ་བརྩམ་ཆོས་འགྲེམ་སྟོན་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཚེ་རྡོར་དང་བསོད་དབང་།    |    སྤེལ་དུས།   2015-05-09

    རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པདང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བས་འགན་ཁུར་བའི་སྐབས་གསུམ་པའི་བོད་ལྗོངས་ཀྱི་ལོ་ཆུང་བྱིས་པའི་སྒྱུ་རྩལ་འགྲན་བསྡུར་ཆེ་མོ་ཚེས་9ཉིན་གྱི་སྔ་དྲོ་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་ལ་འགོ་ཚུགས་པ་རེད། རང་སྐྱོང་ལྗོངས་རིག་གནས་ཐིང་གི་འགོ་ཁྲིད་དང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། བོད་ལྗོངས་རི་མོའི་མཐུན་ཚོགས། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་། བོད་ལྗོངས་དཔེ་མཛོད་ཁང་བཅས་ཀྱི་འབྲེལ་ཡོད་མི་སྣ་དང་འགྲན་བསྡུར་ནང་ཞུགས་མཁན་སློབ་མ། མཛུབ་ཁྲིད་དགེ་རྒན་སོགས་མི་བརྒྱ་ཙམ་འགོ་ཚུགས་མཛད་སྒོར་སླེབས་ཡོད།

    ཤེས་རྟོགས་བྱུང་བར་ཐེངས་འདིའི་འགྲེམ་སྟོན་ཁྱོན་ཉིན་5སྤེལ་རྒྱུ་ཡིན་པ་རེད།

    ཐེངས་འདིའི་འགྲན་བསྡུར་ནང་སློབ་མ་300ཙམ་གྱི་བརྩམ་ཆོས་1000ལ་ཉེ་བ་འགྲན་བསྡུར་ནང་ཞུགས་ཡོད་པ་དང་མཐར་བརྩམ་ཆོས་400ལྷག་ཙམ་འགྲེམ་སྟོན་ནང་ཞུགས་ཐུབ་ཡོད། དཔྱད་འདེམས་ཨུ་ལྷན་གྱིས་དཔྱད་འདེམས་བྱས་པ་བརྒྱུད་ད་རེས་ཀྱི་བྱེད་སྒོའི་ནང་དམིགས་བསལ་བྱ་དགའ་1 བྱ་དགའ་རིམ་པ་དང་པོ་3  བྱ་དགའ་རིམ་པ་གཉིས་པ་6  རིམ་པ་གསུམ་པ་9 ཕུལ་བྱུང་བྱ་དགའ་20  དགེ་རྒན་བྱ་དགའ་9  སྒྲིག་འཛུགས་བྱ་དགའ་9བཅས་འདེམས་ཡོད།

    འགོ་ཚུགས་མཛད་སྒོའི་ཐོག་ད་དུང《བོད་ལྗོངས་ལོ་ཆུང་བྱིས་པའི་མཛེས་རིས་བརྩམས་ཆོས་ཕྱོགས་བསྒྲིགས》ཀྱི་དཔེ་དེབ་འགྲེམས་སྤེལ་མཛད་སྒོ་འཚོགས་ཡོད་པ་རེད།  བ་་་ད་རང་ང་ངས་མང་གས་་ལ་ཁང་གིས་སྒྲིག་བཟོ་བྱས་ནས་ད་རང་ང་ངས་ད་བས་ནས་་་50 འར་བར་ན་འལ་གས་འལ་་ད་བ་རེད། དེའི་ནང་ད་་ས་པ་200 ག་ཙམ་་བམ་ས་400 ག་ཙམ་རྩོམ་སྒྲིག་བྱས་ཡོད་པ་དང་། ད་་གན་་་ང་་མས་ལ་་བ་གའི་ཐོག་ཐོབ་པའི་མན་གསལ་ད་པ་བ་འས་ན་ངས་ནས་མན་ཡོད་ལ་་ད་་གན་་་ང་་མས་ལ་ག་བ་ཐད་་ང་ཆ་བངས་པ་ད་།

    11111.jpg

    འདི་ནི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཡིན་པ།

    22222.jpg

    བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཀྲེ་ཀྲུང་གིས་དམིགས་བསལ་གྱི་བྱ་དགའ་ཐོབ་མཁན་པ་སངས་དོན་གྲུབ་ལ་བྱ་དགའ་སྤྲོད་པ།

    33333.jpg

    བོད་རང་སྐྱོང་ལྗོངས་རི་མོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་འཇིགས་མེད་འཕྲིན་ལས་ཀྱིས་བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲོད་པ།

    44444.jpg

    བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་50འཁོར་བའི་རྟེན་འབྲེལ་ཕྱག་རྟགས་ཏེ་《བོད་ལྗོངས་ལོ་ཆུང་བྱིས་པའི་མཛེས་རིས་བརྩམས་ཆོས་ཕྱོགས་བསྒྲིགས》རྩོམ་སྒྲིག་བྱས་པ།

    66666.jpg

    འདི་ག་དྲ་བ་ཡིས་ད་ཐེངས་འགྲན་བསྡུར་ཐོག་གི་བརྩམ་ཆོས་དྲ་བ་ཐོག་འགྲེམ་སྟོན་བྱས་པའི་བོད་རྒྱ་གཉིས་ཀྱི་རྩ་གཉིས་ཨང་རྟགས་ཡིན་པ།  

    88888.jpg

    ལོ་ཆུང་བྱིས་པ་ཚོས་ཚང་ཁ་ཤིག་ཤིག་ངང་ནས་བརྩམ་ཆོས་ལ་བལྟ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།