[ English ] [ 中文 ]
0891-6325020
  • ནག་ཆུ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལ་སྐུལ་འདེད་བཏང་བ།

    མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མཛེས་སྡུགལྡན་པའི་འཚོ་བ་མཉམ་དུ་གཏོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-06-05

    འདི་ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས་ལྗོངས་ཏང་ཨུད་དང་གྲོང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དྲིལ་བསྒྲགས་སློབ་གསོ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོ་བཅས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་སྤྱི་ཡོངས་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ནས། མཉམ་དུ་བཀོད་སྒྲིག་དང་མཉམ་དུ་དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་དྲིལ་བསྒྲགས་སློབ་གསོ་ཏན་ཏིག་ངང་སྤེལ་བ་རེད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱིས་རིགས་ཁག་གི་སྐད་འཕྲིན་སྒྲོག་འགྲེལ་བྱེད་སྒོ་ཐེངས་ཁྲི་15སྤེལ་བར་མང་ཚོགས་ཐེངས་ཁྲི་214.4ལ་སློབ་གསོ་ཐེབས་པ་རེད།

    “ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི”ཆེད་དོན་སྐད་འཕྲིན་སྒྲོག་འགྲེལ་ཏན་ཏིག་ངང་སྤེལ་བ་དེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་དང་རྒྱ་སྐྱེད་གཏོང་བའི་མཚོན་ཚུལ་གལ་ཆེན་ཞིག་ལ་བརྩི་བ་དང་། མི་རིགས་ཀྱི་སྙིང་སྟོབས་གསོ་སྐྱོང་དང་མི་ཡུལ་གྱི་བརྩེ་སེམས་ཆེན་པོ་དར་སྤེལ་གཏོང་བའི་རླབས་ཆེན་གྱི་ལག་ལེན་དང་གསོན་ཉམས་ལྡན་པའི་བསླབ་གཞི་ཞིག་ལ་བརྩིས་ནས། ནག་ཆུ་གྲོང་ཁྱེར་གྱིས《ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི་ཆེད་དོན་སྐད་འཕྲིན་སྒྲོག་འགྲེལ་ལས་དོན་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གནད་བསྡུས》དང་། 《ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི་ཆེད་དོན་སྐད་འཕྲིན་སྒྲོག་འགྲེལ་བྱེད་སྒོའི་བརྙན་ལམ་བརྩམས་ཆོས་བཟོ་རྒྱུའི་སྐོར་གྱི་བརྡ་ཐོ》 《“ཀྲུང་གོའི་ལམ་ལུགས་ཀྱིས་འཛམ་གླིང་གི་ངོ་མཚར་གསར་གཏོད་བྱེད་པའི”བརྙན་ཐུང་སྤྱད་དེ་སྐད་འཕྲིན་སྒྲོག་འགྲེལ་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཅས་བཟོས་ནས་བཀྲམ་ཏེ་སྐད་འཕྲིན་སྒྲོག་འགྲེལ་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་རྒྱུར་སྔར་བས་སྐུལ་འདེད་བཏང་བ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་གཞི་རིམ་དུ་མུ་མཐུད་གཏིང་ཟབ་སྤེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དྲིལ་བསྒྲགས་སློབ་གསོ་དང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲིལ་བསྒྲགས་སློབ་གསོཟུང་འབྲེལ་བྱས་ནས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱི་སྒྲོག་འགྲེལ་ལས་ཀའི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”གཞི་རིམ་གྱི་སྒྲོལ་འགྲེལ་པས་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་གོང་བུ་གཅིག་ཏུ་སྒྲིལ་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་རྐང་འཛིན་གྱི་ནུས་པ་འདོན་སྤེལ་བྱས་ནས། སྒྲ་དུང་ཆེན་པོ་དང་། སྐོར་སྐྱོད་དྲིལ་བསྒྲགས་རླངས་འཁོར། འཕྲེད་འགེལ་སྦྱར་ཡིག སྐད་འཕྲིན། འཁྱུག་དབྱིངས་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཏང་དང་རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་སྒྲོག་འགྲེལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་དང་། སྲིད་ཇུས། ལས་འགན་དྲིལ་བསྒྲགས། དེ་བཞིན་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་སྒྲོག་འགྲེལ་སློབ་གསོ། “ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི”སྐད་འཕྲིན་སྒྲོལ་འགྲེལ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་མང་ཚོགས་ཚོར་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་བརྒྱུད། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཟངས་གྱང་ལྕགས་རྩིག་བརྟན་པོ་བཙུགས་པ་དང་། “དབུལ་སྒྲོལ་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བའི”རང་ངོས་དབུལ་སྒྲོལ་ཞྭ་ཕུད་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་སྟེ། རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་གྱིས་འབྱོང་འབྲིང་ཕྱོགས་སུ་སྐྱོད་པའི་སེམས་ཤུགས་འཕེལ་བར་བྱས་པ་རེད།

    གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་སྣང་ཆེན་བྱས་ནས་གསར་འགྱུར་དྲིལ་བསྒྲགས་དེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”རྣམ་པ་ཟབ་མོ་གཏོད་པའི་བྱ་ཐབས་གལ་ཆེན་ཞིག་ལ་བརྩིས་ཤིང་། སོག་རྫོང་གིས་དུས་ཐོག་ཏུ་ཞིང་འབྲོག་པའི་སྒྲོག་འགྲེལ་པའི་སྒྲོག་འགྲེལ་གྱི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས་སྒྲོག་འགྲེལ་རྐང་འཛིན་པ་དང་ཞིང་འབྲོག་པ་སྒྲོག་འགྲེལ་པར་སྤེལ་རེས་དང་སློབ་སྦྱོང་བྱ་རྒྱུར་སྟབས་བདེ་བསྐྲུན་པ་དང་། ཞིང་འབྲོག་པ་སྒྲོག་འགྲེལ་པའི་སྐད་འཕྲིན་ཚོགས་པ་བཙུགས་ཏེ“དྲ་ཐོག་དང་དྲ་ཕྱི་ཟུང་དུ་འབྲེལ་བའི”སྤེལ་རེས་སློབ་སྦྱོང་བརྒྱུད་སྒྲོག་འགྲེལ་དཔུང་ཁག་གི་སྒྲོག་འགྲེལ་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད། ལྷ་རི་རྫོང་མེ་ཏི་ཁ་ཤང་གིས་མི་དམངས་དྲ་བའི་གཞུང་ཕྱོགས་འཁྱུག་དབྱིངས་ཐོག་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱ་ཡུལ་གྱི་སྒྲོག་འགྲེལ་བརྙན་ལམ་བརྒྱུད་གཏོང་བྱས་པར་ལྟ་ཐེངས་ཁྲི་1.1ཟིན་ཏེ་སྤྱི་ཚོགས་ཐོག་ནས་དོ་ཁུར་ཆེན་པོ་ཐོབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།