[ English ] [ 中文 ]
0891-6325020
  • བོད་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ལས་དོན་སྤེལ་རེས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-17

    ཚེས་12ཉིན་ལྗོངས་ཡོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ལས་དོན་སྤེལ་རེས་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་དང་གྲོང་ཁྱེར་བདུན་གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    སྤེན་པ་བཀྲ་ཤིས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ནི་མང་ཚོགས་ཀྱི་བསམ་བློའི་སློབ་གསོའི་ལས་དོན་གྱི་ཀུན་གྱིས་ཁས་ལེན་བྱེད་པའི་སྤུས་རྟགས་ཤིག་དང་སྤྱོད་གོ་ཆོད་པའི་གཞི་རྟེན་ཞིག་རེད། སློབ་གསོ་ལག་ལེན་བྱེད་སྒོའི་ངོས་འཛིན་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས། སྔར་བས་བསམ་བློ་གཅིག་གྱུར་དང་། འགན་འཁྲིར་ཤུགས་སྣོན་རྒྱག་པ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཡུས་ཀུང་གིས་རི་བོ་སྤོ་བའི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྲོག་ཤིང་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་མང་ཚོགས་ལ་སློབ་གསོ་རྒྱག་པ་དང་། མང་ཚོགས་ཀྱི་སེམས་ནང་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ཀ་བཞི་གདུང་བརྒྱད་བརྟན་པོར་བཙུགས་ནས། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་དེ་ཉིད་མང་ཚོགས་ཀྱི་བསམ་བློའི་ཀ་རྟེན་དང་། ཡིན་མིན་ཚད་འཇལ་གྱི་ཚད་ཤིང་། བྱ་སྤྱོད་ཀྱི་ཚད་གཞི་བཅས་སུ་དངོས་འབྲེལ་འགྱུར་བ་བྱེད་དགོས་པ། གཞི་རིམ་དུ་རིག་གནས་དང་རིག་རྩལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་རིག་གནས་པའི་དྲིལ་བསྒྲགས་སློབ་གསོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ། གང་ཐུབ་ཅི་ཐུབ་ཀྱིས་མཛེས་སྡུག་ལྡན་པའི་བསམ་པའི་རིག་གནས་འཚོ་བར་བཅངས་པའི་རྒྱ་ཆེའི་མང་ཚོགས་ཀྱི་དགོས་མཁོ་སྐོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་གྱི་རིག་གནས་འཛུགས་སྐྱོང་སྐས་རིམ་གསར་པར་སླེབས་པར་ཁྲིད་སྟོན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། མང་ཚོགས་ལ་ཁྲིད་སྟོན་ཧུར་ཐག་བྱས་ནས་གྲོང་སྲོལ་དམངས་ཆིངས་དང་། དགོན་སྲོལ་གྲྭ་ཆིངས། སློབ་མའི་སྒྲིག་སྲོལ་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སློབ་གསོ་ལག་ལེན་བྱེད་སྒོའི་ཕན་ཡོད་ཀྱི་གྲུབ་འབྲས་དག་ལམ་ལུགས་ལ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།