[ English ] [ 中文 ]
0891-6325020
  • སྟོད་ལུང་བདེ་ཆེན་ཆུས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2021-04-28

    ཉེ་ཆར་སྟོད་ལུང་བདེ་ཆེན་ཆུས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕྱོགས་སྡོམ་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། གྲོང་རྡལ(སྲང་ལམ)ཁག་གི་དྲིལ་བསྒྲགས་ཨུ་ཡོན་དང་ཞིང་འབྲོག་པའི་སྒྲོག་འགྲེལ་པ་སོགས་མི་120ལྷག་ཙམ་ཞུགས་པ་རེད།

    ཚོགས་འདུའི་ཐོག《2020ལོའི་ལོ་འཁོར་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕུལ་བྱུང་གཞི་རིམ་སྒྲོག་འགྲེལ་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་སྟོད་ལུང་བདེ་ཆེན་ཆུས་ཀྱི་གཏན་འབེབས》སྒྲོག་སྦྱངས་བྱས་པ་དང་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་གི་གཞི་རིམ་སྒྲོག་འགྲེལ་པའི་འཐུས་མིར་བྱ་དགའ་སྤྲད་པ་རེད།

    ཚོགས་འདུའི་ཐོག་2020ལོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། ལྷག་པའི་གནད་དོན་དང་ཞན་ཆར་དབྱེ་ཞིབ་བྱས་ཏེ། 2021ལོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དེ་བས་ལེགས་པའི་སྒོ་ནས་སྤེལ་རྒྱུར་སྤྱིའི་བསམ་ཕྱོགས་དང་དམིགས་ཚད་ལས་འགན་བཏོན་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།