[ English ] [ 中文 ]
0891-6325020
  • ནག་ཆུ་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་དང་གྲོང་ཚོ(གྲོང་ལྷན)ཁག་གིས།

    “ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི”སྲོལ་གསར་འཛུགས་སྐྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-06-05

    “སྣང་ཆེན་བཞི་དང་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་དངོས་ཕན་ཐོབ་པའི་འགན་ལེན་བྱ་ཆེད། ནག་ཆུ་གྲོང་ཁྱེར་གྱི་རྫོང་ཆུས་དང་། ཤང་དང་གྲོང་རྡལ། གྲོང་ཚོ(གྲོང་ལྷན)ཁག་གིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སོགས་ཀྱི་ནང་དོན་ལ་དམ་པོར་དམིགས་ཏེ། ཡུལ་སྲོལ་གོམས་གཤིས་སྒྱུར་བ་དང་རྨོངས་དད་བསལ་ནས་ཚན་རིག་དང་མཐུན་པ་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ། དྲང་བདེན་ལ་སྣང་ཆེན་དང་། ཡིད་རྟོན་གཙིགས་སུ་འཛིན་པ། ཁས་ལེན་དོན་འཁྱོལ་བཅས་ཀྱི་གཤིས་རྒྱུད་བཟང་པོ་དར་སྤེལ་བཏང་བ་རེད།

    ནག་ཆུ་གྲོང་ཁྱེར་གྱིས་ཤང་རིམ་པའི་སྒྲོག་འགྲེལ་པ་སྐུལ་སློང་ཧུར་ཐག་བྱས་ཏེ་གྲོང་ཚོ་ཁག་ཏུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོཌ་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་མཚམས་ཚིགས་བཞི་པའི“ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི”ནང་དོན་སྒྲོག་འགྲེལ་བྱས་ཤིང་། སྒྲོག་འགྲེལ་པ་ཚོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན། “ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པ”སོགས་ཀྱི་ནང་དོན་ལ་དམ་པོར་དམིགས་ནས་སྒྲོག་འགྲེལ་བྱས་པ་དང་། ཁོང་ཚོས་དཔེ་དྲངས་པ་དང་དོན་དངོས་བརྗོད་པ་སོགས་བརྒྱུད་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཚན་རིག་གོང་དུ་བཀུར་བ་དང་། རྨོངས་དད་ལ་ངོ་རྒོལ་བྱེད་པ། ལུགས་རྙིང་སྲོལ་ངན་འདོར་བ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ་བཅས་བྱས་ཏེ་རང་རྟོགས་ངང་སྒྲིག་བཀུར་ཁྲིམས་སྲུང་དང་། བདེ་ཐང་ཡར་བརྩོན་གྱི་འཚོ་བ་སྐྱེལ་སྟངས་དང་འཚོ་བའི་གོམས་གཤིས་འཇགས་པར་བྱེད་པ། ཡུལ་སྲོལ་དམངས་ཆིངས་དང་། མི་སྡོད་ཁོར་ཡུག རིག་གནས་འཚོ་བ་བཅས“གསུམ་མཛེས་འཛུགས་གཏོད”ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།