[ English ] [ 中文 ]
0891-6325020
  • བྱ་སྤྱོད་དངོས་ཀྱི་ཐོག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ལག་བསྟར་བྱེད་པ།

    —— གཏིང་སྐྱེས་རྫོང་ཀོ་ཇག་ཤང་ཆད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ངག་དབང་ཡེ་ཤེས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-19

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཀོ་ཇག་ཤང་ཆད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ངག་དབང་ཡེ་ཤེས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མ་ཡིན་པའི་གྲུབ་འབྲས་བཏོད་ཡོད།

    གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་ཁུར་རྗེས་ངག་དབང་ཡེ་ཤེས་ཀྱིས་གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཤེས་རྟོགས་བྱེད་པར་བསྐྱོད་དེ། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་། དམངས་ཀྱི་འདོད་འདུན་ཉན་པ། དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་བཅས་བྱས་ཏེ་མང་ཚོགས་ཚོའི་དཀའ་ངལ་དངོས་ཐག་གཅོད་བྱས་པ་རེད། ལོ་འགའི་ནང་། ཁོང་གིས་གྲོང་ཚོ་ཧྲིལ་པོའི་ཁུག་ཀྱོག་གང་སར་བསྐྱོད་པ་ཙམ་མ་ཟད། ད་དུང་གྲོང་མི་སྐུལ་སློང་བྱས་ཏེ་རྡོ་གཤག་ལས་སྣོན་མཉམ་ལས་ཁང་བཙུགས་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་བ་དང་། ས་གནས་དེ་གའི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་མྱུར་པོ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། དམངས་འཚོ་ལེགས་སུ་ཤུགས་ཆེན་བཏང་བ་རེད།

    དེ་དང་དུས་མཚུངས། ངག་དབང་ཡེ་ཤེས་ཀྱིས་ད་དུང“དུས་བདེའི་གྲོང་ཚོ”དང“དུས་བདེའི་དུད་ཚང”གཏོད་རྒྱུ་གོ་སྐབས་སུ་བྱས་ནས། གྲོང་མི་ཡོངས་ཀྱི་སྣེ་ཁྲིད་དེ་རྡུང་རྡེག་དང་སྔོན་འགོག་ཟུང་འབྲེལ་དང་། སྔོན་འགོག་གཙོ་བོར་བྱེད་པའི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་པ་དང་། གྲོང་ཚོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཁོངས་གཏོགས་ནང་བདེ་འཇགས་ཀྱི་གནོད་འཚེའི་ལས་འཛོལ་ཚབས་ཆེན་གང་ཡང་ཐོན་མེད་པ་དང་། “འཆལ་རྒྱན་དུག་གསུམ”སོགས་སྤྱི་ཚོགས་ཀྱི་སྣང་ཚུལ་སྐྱུག་བྲོ་པོ་ཐོན་མེད་པ། མཉམ་སྡེབ་ཐོག་གོང་གཏུག་བྱེད་པ་དང་རྙོག་དྲ་སློང་བ་སོགས་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་ཐོན་མེད་པ། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་སྤེལ་མེད་པ་བཅས་ཀྱི་ཐོག་ནས་གྲོང་མི་ཚོས་གྲོང་ཚོའི་བདེ་འཇགས་ཐད་བློ་ཡིད་ཚིམ་ཚད་98%ཟིན་ཡོད།

    ངག་དབང་ཡེ་ཤེས་ཀྱིས་ལས་འགན་དེ་འཁུར་ཚུན། གྲོང་ཚོའི་ནང་གི་ངལ་ནུས་ལྷག་མ་རྣམས་སྒྲིག་འཛུགས་བྱས་ནས་ཆད་གྲོང་ཚོའི་ངག་དབང་ཡེ་ཤེས་ཨར་རྒྱག་འགན་གཙང་རུ་ཁག་བཙུགས་ཏེ། “4·25”གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་དུད་ཚང་དབུལ་པོ་8ཀྱི་སྡོད་ཁང་ཉམས་བཟོའི་ལས་འགན་འཁུར་བ་དང་། ཏང་ཡོན་ཚོའི་སྣེ་ཁྲིད་དེ“འགན་ལེན་ལྔའི་དུད་ཚང”ལ་ལྷས་ར་དང་། བ་ཚང་། གཟན་ཁང་བཅས་རྒྱག་རོགས་བྱས་པ་མ་ཟད། ད་དུང་རྟག་ཏུ་རང་ཉིད་ཀྱི་དངུལ་བཏོན་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་དངུལ་དངོས་སྐྱེལ་གྱི་ཡོད། ལོ་3ནང་རིམ་རྩིས་བྱས་ན་དུད་ཚང་དབུལ་པོར་དངུལ་དངོས་བསྐྱལ་བ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་7000ཙམ་ཟིན་ཡོད། གཞན་ཡང་། ད་དུང་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་ཏང་ཡོན་གྱི་སྣེ་ཁྲིད་དེ་ཆུ་བེད་སྒྲིག་ཆས་ཉམས་བཟོ་བྱས་ནས་གྲོང་ཚོ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དུད་ཚང་36གི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་ཡོད།

    “ངག་དབང་ཡེ་ཤེས་ཀྱིས་གྲོང་མི་ཡོངས་སྒྲིག་འཛུགས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་ལམ་ཆུང་གཅིག་བཟོས་པ་དང་ཞིང་ལས་ཀྱི་ཞིང་ཆུ་འདྲེན་པའི་ཆུ་རྫིང་2བརྟན་དུ་བཏང་ཡོད། ཁོང་གི་སྣེ་ཁྲིད་འོག་ང་ཚོའི་གྲོང་ཚོས་འདི་ལོ་སྤུས་ལེགས་ཞོག་ཁོག་མུའུ་20ཚོད་འདེབས་བྱས་པ་དང་ཕྱུགས་རིགས་ཀྱི་གཟན་རྩྭ་མུའུ་12མི་ཐབས་ལ་བརྟེན་ནས་བཏབ་སྟེ། ཕྱུགས་རིགས་ཀྱི་གཟན་རྩྭ་མི་འདང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད”ཅེས་ངག་དབང་ཡེ་ཤེས་ཀྱི་སྐོར་བརྗོད་སྐབས་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་ལྷག་པས་མཐེ་བོང་སྒྲེང་བཞིན་བསྔགས་བརྗོད་ཚད་མེད་བྱས།

    ངག་དབང་ཡེ་ཤེས་ཀྱིས་གསར་འགོད་པར། “གྲོང་མི་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ང་ཚོས་གཟའ་འཁོར་རེར་གད་འཕྱིད་ཐེངས་གཉིས་རེ་བྱེད་པའི་ལམ་ལུགས་བཟོས་པ་དང་གཟའ་ལྷག་པར་གྱོན་གོས་བརྗེ་འཁྲུ་བྱེད་པའི་བྱེད་སྒོ་སྤེལ་གྱི་ཡོད། དུད་ཚང་ཚང་མ་སྐུལ་སློང་བྱས་ནས་ཁང་པའི་རྒྱབ་མདུན་དུ་གད་འཕྱིད་གཙང་མ་བྱེད་པ་དང་མང་ཚོགས་བཀོད་སྒྲིག་བྱས་ཏེ་གྲོང་ཚོའི་གད་སྙིགས་ཕྱགས་ཏེ། ‘བཙོག་ཟིང་ཞན་གསུམ’གྱི་རྣམ་པ་བཅོས་སྒྲིག་ཤུགས་ཆེན་བྱས་ཡོད། དེའི་རྨང་གཞིའི་ཐོག་འདི་ལོའི་ཤིང་འཛུགས་བྱེད་སྒོའི་རིང་ད་དུང་དུད་ཚང་ཚང་མ་སྒྲིག་འཛུགས་བྱས་ཏེ་ཤིང་འདེབས་ཡུལ་དང་ཁྱིམ་ཚང་གི་སྒོ་རའི་ནང་འོས་འགན་ཤིང་རྐང་1800ལྷག་ཙམ་བཏབ་ནས་གྲོང་ཚོའི་རྣམ་པ་མཛེས་སུ་བཏང་བ་དང་། སྣོད་བཅུད་ཁོར་ཡུག་ལེགས་སུ་བཏང་སྟེ། ལྗོན་ཤིང་མེད་པའི་དུད་ཚང་གི་གནད་དོན་ཐག་གཅོད་བྱས་ཡོད”ཅེས་བཤད།

    དེ་དག་ཚང་མ་ནི་ངག་དབང་ཡེ་ཤེས་ཀྱིས་བརྩེ་བ་ཟབ་མོས་སེམས་ནུས་བཏོན་པ་དང་ཁ་བྲལ་ཐབས་མེད། ཁོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ཁ་ཙམ་མ་ཡིན་པར་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལག་ལེན་བསྟར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།