[ English ] [ 中文 ]
0891-6325020
  • སྒྲོག་འགྲེལ་བ་ལོང་བ་ཉི་མ་སྐལ་བཟང་གི་གཏམ་རྒྱུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-19

    ལོ་19ལ་སླེབས་པའི་ཉི་མ་སྐལ་བཟང་ནི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གྲའུ་ཤང་མིག་དམར་གྲོང་ཚོ་ནས་ཡིན་ཞིང་། ཁོང་སྐྱེ་དུས་ནས་ལོང་བ་ཡིན་པས། འཚོ་བའི་ཐད་མི་གཞན་གྱི་རོགས་རམ་ལ་རྟེན་དགོས་ཀྱི་ཡོད། འོན་ཀྱང་ཁོང་གི་སེམས་པ་འོད་ཟེར་སྟོང་གི་ཁེངས། ཁོང་གཟུགས་སྟོབས་ཆུང་ལ་ཤ་རིད་ཀྱང་། རྫོགས་མེད་ཀྱི་སྟོབས་ཤུགས་ཤིག་ལྡན་པ་དང་། སོ་སོའི་འབད་བརྩོན་ལྷོད་མེད་བརྒྱུད། ཕྱི་ནང་ཀུན་ཏུ་སྐད་གྲགས་ཡོད་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་བ་ཞིག་ཏུ་གྱུར་ཡོད།

    “ངས་ངེས་པར་དུ་བཀའ་དྲིན་ཚོར་དགོས”

    “རང་ཉིད་སྐྱེ་དུས་ནས་ལོང་བ་ཡིན་པས། ཏང་དང་སྲིད་གཞུང་གི་ང་ལ་ཁང་པ་གསར་པ་རྒྱག་རོགས་བྱས་བྱུང་ལ། འཚོ་བའི་ཁ་གསབ་ཀྱང་སྤྲད་པ་དེས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་བྱུང”ཞེས་ཁོང་གི་གསར་འགོད་པར་བརྗོད་པ་དང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་བཞེས་གནང་བ་ལས། ཁོང་བདེ་ཐང་སྐྱོན་བྲལ་ངང་འཚར་ལོངས་བྱུང་ཡོད།

    2018ལོར། ལྗོངས་ཡོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་ཞིང་། གྲའུ་ཤང་གིས་ཀྱང་ལོ་དེར“དཀའ་དྲིན་གང་ནས་འབྱུང་བ་དང་སུ་ལ་དྲིན་ལན་འཇལ་དགོས་པའི”བོད་གསར་རྙིང་སྡུར་བའི་ཞིང་འབྲོག་པའི་གཏམ་བཤད་འགྲན་བསྡུར་བྱས་པ་རེད། གྲོང་ཚོ་ཏང་ཨུད་ཀྱི་ཀྲི་པུའི་ཧྲུའུ་ཅི་དང་གྲོང་སྡོད་ལས་དོན་རུ་ཁག་གི་འོས་སྦྱོར་འོག མིག་དམར་གྲོང་ཚོའི་འཐུས་མིའི་ངོས་ནས་ཉི་མ་སྐལ་བཟང་འགྲན་བསྡུར་ལ་ཞུགས་པ་རེད། འགྲན་བསྡུར་དེས་ཁོང་གིས་འཚོ་བར་འགྱུར་ལྡོག་ཕྱིན་པ་མ་ཟད། ཁོང་གི་ཕུགས་བསམ་ཡང་དོན་གཉེར་བྱེད་འགོ་བརྩམས།

    “ངས་ཕུལ་བྱུང་གི་སྒྲོག་འགྲེལ་བ་ཞིག་བྱེད”

    གཞན་ལ་ཆུ་ཕོར་པ་གང་སྟེར་བར་སྔོན་ལ་རང་ལ་ཆུ་ཟོམ་པ་གང་དགོས་ཞེས་པ་ལྟར། སྒྲོག་འགྲེལ་བ་ཞིག་ཡིན་ཕྱིན་སྲིད་ཇུས་ལ་ཤེས་རྟོགས་ཁ་གསལ་བྱེད་དགོས་ཀྱི་ཡོད། འོན་ཀྱང་དེས་མིག་གཉིས་ལོང་བའི་ཉི་མ་སྐལ་བཟང་ལ་ཤུགས་རྐྱེན་སྤུ་ཙམ་ཡང་ཐེབས་མེད། “ངས་ཕུལ་བྱུང་གི་སྒྲོག་འགྲེལ་བ་ཞིག་བྱེད” ཁོང་གིས་རང་ཉིད་ཀྱི་སྙིང་སྟོབས་དང་འབད་བརྩོན་ལ་བརྟེན་ནས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་རང་ཉིད་ཀྱི་སྒྲོག་འགྲེལ་འཇོན་ཐང་ཆེ་རུ་ཧུར་ཐག་བཏང་ཡོད།

    “ཁོང་གིས་གྲོང་ཁྱེར་དང་། རྫོང་། ཤང་རིམ་པ་བཅས་ཀྱི‘སྣང་ཆེན་བཞི་དང་དགའ་ཞེན་བཞི’དང‘བོད་གསར་རྙིང་སྡུར་བའི’གཏམ་བཤད་འགྲན་བསྡུར་ལ་ཞུགས་པར་གཟི་བརྗིད་མཚན་སྙན་མང་དག་ཅིག་ཐོབ་ཡོད། ཁོང་ནི་ང་ཚོའི་གྲོང་ཚོའི་སྒྲོག་འགྲེལ་བ་ཞིག་རེད་ལ། ང་ཚོའི་གྲོང་ཚོའི་སྤོབས་པ་ཞིག་དེ་བས་རེད”ཅེས་མིག་དམར་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་པད་མས་སྤོབས་པ་ཆེན་པོས་བརྗོད།

    “ངས‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’སྒྲོག་འགྲེལ་དེ་བས་ཡག་པོ་བྱེད”

    མིག་དམར་གྲོང་ཚོར་མི་མང་པོ་ཞིག་གིས“རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་འགོ་ཁྲིད་འོག ས་མཐོའི་མི་དམངས་ཀྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་བསྐྱལ་ཅིང་། ‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ང་ཚོ་རྒྱ་ཆེའི་མང་ཚོགས་ཀྱི་སེམས་ལ་གཏིང་ཟབ་ཟུག་ཡོད”ཅེས་པའི་གཞས་དེ་ཐོས་མྱོང་ཡོད་ངེས་རེད། དེའི་གཞས་ཚིག་རྩོམ་མཁན་ནི་ཉི་མ་སྐལ་བཟང་རེད། ཉི་མ་སྐལ་བཟང་གིས་གསར་འགོད་པར“‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’སྒྲོག་འགྲེལ་དེ་བས་ཡག་པོ་བྱ་ཆེད། ངས་གཞས་འདི་བརྩམས་པ་ཡིན། ད་ལྟ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད”ཅེས་བརྗོད། ཁོང་གིས་གཏམ་བཤད་ཀྱི་བྱེད་ཐབས་ཁོ་ནར་མི་རྟེན་པར། བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་སྒྲོག་འགྲེལ་གྱི་ཕན་འབྲས་ཆེ་རུ་གཏོང་གི་ཡོད།

    པད་མས་དགའ་ཚོར་ཆེན་པོས“ཁོང་གིས་རྟག་ཏུ་ང་ཚོར་རྒྱལ་ཁབ་ཀྱི་དོན་ཆེན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། གསུང་བཤད་གལ་ཆེན། བྱེད་སྒོ་གལ་ཆེན་བཅས་སྒྲོག་འགྲེལ་བྱེད་ཀྱི་འདུག”ཅེས་བརྗོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉེ་ཆར་བྱེད་སྒོ་གལ་ཆེན་གང་དག་ལ་ཞུགས་པ་དང་། གསུང་བཤད་གལ་ཆེན་གང་དག་གནང་བ་ཉི་མ་སྐལ་བཟང་གིས་ཚང་མ་སེམས་ལ་ངེས་པ་ནི་རང་ཉིད་ཀྱི་སྒྲོག་འགྲེལ་ཆུ་ཚད་མཐོ་རུ་གཏོང་ཆེད་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་དེ་བས་ལེགས་པའི་སྒོ་ནས་ཚོར་ཆེད་རེད་ལ། ཁོང་གི་འོད་ཟེར་སྟོང་ལྡན་གྱི་སེམས་ཁམས་དེ་ནམ་ཡང་མི་དམངས་ཀྱི་གཙོ་འཛིན་གྱི་མཛུབ་ཁྲིད་ཕྱོགས་སུ་མདུན་སྐྱོད་བྱ་ཆེད་དེ་བས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།