[ English ] [ 中文 ]
0891-6325020
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ནི་རླབས་ཆེན་གྱི་འཐབ་རྩོད་གསར་པའི་ལག་ལེན་ཁྲོད་གྲུབ་པ་ཞིག་རེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-07-29

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོལ་གཏོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྣེ་ཁྲིད་པ། ཏང་ཡོངས་ཀྱིས་བརྩི་བཀུར་དང་དམངས་ཡོངས་ཀྱིས་གུས་བཀུར་བྱེད་པའི་ངོ་གནོང་མི་དགོས་པའི་གཙོ་འཛིན། རྒྱལ་ཁབ་ཀྱི་ཁ་ལོ་སྒྱུར་མཁན་དང་ངོ་གནོང་མི་དགོས་པའི་མི་དམངས་ཀྱི་ལམ་ཁྲིད་པ་བཅས་ཡིན།

    ཏང་གི་ཚོཌ་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་བྱ་གཞག་ལ་མུ་མཐུད་སྐུལ་འདེད་བཏང་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བཏོད་པ། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་རྣམ་པ་གསར་པ་བཏོད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས་དད་མོས་དད་སེམས་བརྟན་པོ་དང་། མི་དམངས་ཀྱི་ལངས་ཕྱོགས་གསལ་པོ། སྤྱིར་བཏང་མ་ཡིན་པའི་ཆབ་སྲིད་ཀྱི་བློ་གྲོས། ཞུམ་པ་མེད་པའི་བློ་སྟོབས། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས། རྩེར་སོན་གྱི་ཆབ་སྲིད་སྒྱུ་རྩལ་བཅས་མངོན་ཡོད་སྟབས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྙིང་དབུས་ནས་བརྩི་བཀུར་ཐོབ་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལག་ལེན་དངོས་སྒྲུབ་དང་སྣེ་ཁྲིད་དཔེ་སྟོན་གནང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་མཐའ་གཅིག་ཏུ་སྐུལ་འདེད་བཏང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ། ཏང་སྲོལ་གཅིག་སྡུད་བཅོས་སྒྲིག་བྱས་པ། རུལ་སུངས་ལ་ཆད་པ་ནན་པོ་བཅད་པ། ཏང་ནང་ཁུལ་གྱི་ཆབ་སྲིད་སྣོད་བཅུད་གཙང་སེལ་བཅས་གནང་སྟབས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་རྣམ་པ་གསར་པ་ཐོན་པས་ཏང་སེམས་དང་དམངས་སེམས་ཐོབ་ཡོད། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་སྐྱོང་། རྒྱལ་སྐྱོང་། དམག་སྐྱོང་བཅས་ཀྱི་ལག་ལེན་ཁྲོད་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་མར་ཁེ་སི་རིང་ལུགས་མཐའ་འཁྱོངས་གནང་བ་མ་ཟད། དུས་བསྟུན་མདུན་སྐྱོད་ཀྱིས་མར་ཁེ་སི་རིང་ལུགས་འཕེལ་རྒྱས་བཏང་བས། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སྔར་བས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་སྟེ་དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་བསམ་བློའི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་གཞི་རྩའི་མཛུབ་ཁྲིད་མཁོ་འདོན་བྱས་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། གསར་གཏོད་ཡར་བརྩོན་བྱས་པས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་རྒྱུར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རང་རྒྱལ་གྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་པ་དང་། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་སྤྱིའི་ཆ་ནས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས། རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ལག་ལེན་དངོས་ཀྱི་ཐོག་ནས་ར་སྤྲོད་གང་ལེགས་བྱུང་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྣེ་ཁྲིད་པ། ཏང་ཡོངས་ཀྱིས་བརྩི་བཀུར་ཞུ་བ་དང་མི་དམངས་ཀྱིས་གུས་བཀུར་ཞུ་བའི་གཙོ་འཛིན་ངོ་གནོང་མི་དགོས་པ། རྒྱལ་ཁབ་ཀྱི་ཁ་ལོ་སྒྱུར་མཁན་དང་མི་དམངས་ཀྱི་ལམ་སྟོན་པ་ངོ་གནོང་མི་དགོས་པ་ཞིག་བཅས་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།