[ English ] [ 中文 ]
0891-6325020
  • “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བར་སྙིང་རུས་གཏན་འཁྱོངས་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལུའུ་ལི་ཅོན།    |    སྤེལ་དུས།   2019-06-21

    བསམ་བློའི་སློབ་གསོ་ནི་བློ་རྩེ་གཅིག་སྒྲིམ་བྱེད་པའི་ལས་ཀ་ཞིག་རེད། “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དེས་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་དམངས་ཕྱུག་བོད་དར་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་པར་གལ་འགངས་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།

    སྨྱུག་འཛིན་པས་ངོས་འཛིན་བྱས་དོན། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ནི་ཡུན་རིང་དང་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས། ལས་བྱེད་པ་དང་མང་ཚོགས་དེར་ཧུར་ཐག་ཞུགས་པ་དང་གཞོགས་འདེགས་ཧུར་ཐག་བྱས་ནས་སྙིང་རུས་གཏན་འཁྱོངས་བྱེད་དགོས། དེའི་ནང་མང་ཚོགས་ནི་སློབ་གསོ་གཏོང་ས་གཙོ་བོ་དེ་ཡིན་པས་ངེས་པར་དུ་བྱེད་པོ་གཙོ་བོ་ཡིན་པའི་ཞིང་འབྲོག་མང་ཚོགས་ལ་དམིགས་ནས་ཡུལ་བབ་དང་བསྟུན་པ་དང་། བྱེད་སྒོ་སྤེལ་སྟངས་གསར་གཏོད་བྱེད་པ། སྒྲོག་འགྲེལ་གྱི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། བྱེད་སྒོའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། “སློབ་གསོ་རྒྱག་ས་གང་དུ་ཡོད་ན་དེར་སྒྲོག་འགྲེལ་དང་དེར་བྱེད་སྒོ་སྤེལ་རྒྱུ”མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་བཀྲག་མདངས་འཚེར་བ་དང་། ཁྱད་ཆོས་མངོན་གསལ་དོད་པ། དངོས་ཕན་ཐོབ་པ་བཅས་བྱེད་དགོས།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ནས་ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་ཟེར་འོག་མི་རིགས་ཁག་གི་མི་དམངས་དར་རྒྱས་འབྱོར་ཕྱུག་ཕྱོགས་སུ་བསྐྱོད་པ་དང་མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན་པ་མི་རིགས་ཁག་གི་མི་དམངས་ཀྱིས་ངོས་འཛིན་ཐུབ་པ་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་དར་ཆ་མཐོན་པོར་བསྒྲེངས་ནས་རང་ཉིད་ཀྱི་མིག་འབྲས་ལ་སྲུང་སྐྱོང་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པ་དང་། སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་བ་དང་སྤགས་སྒོང་བཞིན་གཅིག་ཏུ་བསྒྲིལ་ནས་མི་རིགས་ཁག་གི་མི་དམངས་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྟོབས་ཤུགས་སྐྱེས་སུ་འབུལ་བའི་སློབ་གསོ་ཁྲིད་སྟོན་ཡག་པོ་བྱེད་དགོས།

    མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་བྱུང་ཚེ། གཞི་ནས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་ཡོང་ཐུབ་པ་ལག་ལེན་དངོས་ལས་སླར་ཡང་ར་འཕྲོད་ཡོད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་སྐབས་མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱལ་ཁབ་ལ་དགའ་ཞེན་དང་། ཏང་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་དང་། རླབས་ཆེན་གྱི་ཀྲུང་གོ་གུན་ཁྲང་ཏང་གི་རྗེས་སུ་འབྲང་བ། སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་མེས་རྒྱས་ལ་དགའ་ཞེན་བཅས་བྱས་ཏེ་རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པའི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་བརྟན་པོ་འཆང་བ་དང་རྒྱ་རིགས་གྲངས་ཉུང་མི་རིགས་དང་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་རྒྱ་རིགས་དང་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་དབར་ཁ་འབྲལ་ཐབས་མེད་པ་བཅས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་མི་རིགས་ཁག་དབར་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་ལ་སྐུལ་འདེད་གཏོང་བའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་གཟི་བརྗིད་ལྡན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་ནས་རིག་གནས་དབར་གྱི་མོས་སེམས་དང་གཏོགས་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་མི་རིགས་ཀྱི་ལ་རྒྱ་དང་། ཡིད་ཆེས། སྤོབས་བསམ་བཅས་ཆེ་རུ་གཏོང་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།