[ English ] [ 中文 ]
0891-6325020
  • “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་སེམས་གཏིང་དུ་ཟུག་པ་བྱེད་དགོས།

  • ཡོང་ཁུངས།   བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-05

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་དང་མི་དམངས་ཡོངས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུ་ནི་ལས་འགན་ལྕི་ལ་ལམ་ཐག་རིང་བས་ང་ཚོ་ཚང་མས་མུ་མཐུད་དེ་དཀའ་ངལ་ཁྱད་བསད་ཀྱིས་ངལ་རྩོལ་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས”ཞེས་གསུངས་ཡོད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་བ་ནི་སློབ་གསོས་མི་རིགས་ཁག་གི་མང་ཚོགས་འགག་སྒྲོལ་དཀའ་སེལ་དང་འབད་འཐབ་ཡར་བརྩོན་ལ་ཁྲིད་སྟོན་བྱེད་དགོས་པ་དང་།  དཀའ་སྤྱད་འབད་བརྩོན་གྱི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས།   སྨྱུག་འཛིན་པའི་བསམ་པར།  གཤམ་གྱི་དོན་གནད་གསུམ་བཟུང་སྟེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་སེམས་ཀྱི་གཏིང་དུ་ཟུག་པ་བྱེད་པར་འགན་ལེན་བྱེད་དགོས།

    གཅིག་ནས།  “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”གལ་ཆེའི་དོན་སྙིང་ལ་རྒྱུས་མངའ་གསལ་པོ་ལོན་པ་བྱེད་དགོས། “སྣང་ཆེན་བཞི་དང་དགའ་ཞེན་བཞི”བོད་ཀྱི་དོན་དངོས་ཐོག་གཞི་ཚུགས་ཏེ།  བསམ་བློའི་འདུ་ཤེས་ནས་འགོ་བརྩམས་ཏེ་མང་ཚོགས་ཀྱི་བསམ་བློའི་སློབ་གསོ་དེ་ལས་དོན་ཡོངས་ཀྱི་གཙོ་གནད་དུ་བཞག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་དགོས།  མར་ཁེ་སིའི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་།ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་རྗེས་སུ་འབྲངས་བ།  གོམ་གང་མདུན་སྤོས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་ལ་ངོས་འཛིན་གཅིག་མཐུན་དང་།  ཀྲུང་ཧྭ་མི་རིགས་ལ་ངོས་འཛིན་གཅིག་མཐུན།   ཀྲུང་ཧྭ་རིག་གནས་ལ་ངོས་འཛིན་གཅིག་མཐུན། ཀྲུང་གོ་གུང་ཁྲན་ཏང་ལ་ངོས་འཛིན་གཅིག་མཐུན།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ངོས་འཛིན་གཅིག་མཐུན་བཅས་སྔར་བས་ཤུགས་ཆེར་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།  “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་ནི།  ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་།  མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ལྡོག་མེད་ཀྱི་གདམ་ཁ་ཞིག་ཡིན་ལ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་སྙིང་སྟོབས་རྒྱས་པར་བྱེད་པའི་ལྡོག་མེད་ཀྱི་གདམ་ཁ་ཞིག   ཀུན་སེམས་གཅིག་ཏུ་བསྒྲིལ་བ་དང་ཐུན་མོང་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བའི་ལྡོག་མེད་ཀྱི་གདམ་ཁ་ཞིག་བཅས་ཡིན་པ་མ་ཟད། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་དང་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་ལྡོག་མེད་གདམ་ཁ་ཞིག་ཀྱང་རེད།

    གཉིས་ནས། “སྒྲོག་འགྲེལ་ཆེན་པོའི”རྣམ་པ་འཛུགས་དགོས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་འཚོ་བའི་རང་བཞིན་དང་དགོད་བྲོའི་རང་བཞིན་དུ་འགྱུར་བ་བྱས་ཏེ། གཞི་རིམ་མང་ཚོགས་ཀྱི་སེམས་ཀྱི་གཏིང་ལ་ཟུག་པ་བྱེད་དགོས།  འགོ་ཁྲིད་ལས་བྱེད་པ་དང་།  ཞིང་འབྲོག་མང་ཚོགས།  དགོན་སྡེའི་གྲྭ་བཙུན།  གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི།  ཏང་ཡོན་རྒན་གྲས།  དམངས་བཙུགས་དགེ་རྒན།  ཕྱུག་འགྱུར་འཇོན་ཐང་ཅན།  རྒྱལ་གཉེར་ཁེ་ལས་ཀྱི་ལས་བཟོ་པ་བཅས་སྒྲོག་འགྲེལ་མཁན་ལ་འགྱུར་བ་བྱས་ཏེ།  ལས་བྱེད་པས“སྣེ་ཁྲིད་སྒྲོག་འགྲེལ”བྱེད་པ་དང་།  སྨྱན་སྦྱོར་གསར་པས“སྐད་འཕྲིན་སྒྲོག་འགྲེལ”བྱེད་པ།  ཤེས་བྱའི་སྐོར་གྱི་དྲི་བ་དྲིས་ལན་གྱི“མཉམ་སྒུལ་སྒྲོག་འགྲེལ”སོགས་སྣ་མང་ཅན་གྱི་རྣམ་པ་བརྒྱུད་དེ།  དབུལ་སྒྲོལ་འགག་སྒྲོལ་དང་།  མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན།  གྲོང་གསེབ་དར་རྒྱས།  འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་སོགས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ནང་དོན་སྒྲོག་འགྲེལ་བྱེད་དགོས།  སྒྲོག་འགྲེལ་གྲོང་ཚོ་དང་།  སློབ་གྲྭ  ཁྱིམ་ཚང་།  ཁེ་ལས།  དགོན་སྡེ།  གྲྭ་ཤག་བཅས་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས།

    གསུམ་ནས།  སྣ་མང་ཕུན་སུམ་ཚོགས་པའི་ལག་ལེན་བྱེད་སྒོ་སྤེལ་བ་དང་།  མང་ཚོགས་ཀྱིས་བལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་མང་ཚོགས་བྱེད་སྒོར་ཞུགས་བདེ་བ་དང་ཞུགས་འདོད་པའི་སྟེགས་བུ་ལེགས་སུ་གཏོང་དགོས།  སྒྲོག་འགྲེལ་གྱི་ཐབས་ཤེས་གསར་པ་དང་།  ལག་ལེན་བྱེད་སྒོར་ཕན་འབྲས་དངོས་ཐོན་པ།  དཔེ་མཚོན་གྱིས་སྣེ་ཁྲིད་བྱེད་པ་དང་། ཉེ་འགྲམ་གྱི་བྱ་བ་ལས་ཉེ་འགྲམ་གྱི་མི་ལ་སློབ་གསོ་གཏོང་བ་བཅས་ཀྱི་ཐོག་ནས་གཞི་རིམ་སྒྲོག་འགྲེལ་མིའི་སེམས་ཀྱི་གཏིང་ལ་ཟུག་པ་བྱེད་དགོས།(བོད་ལྗོངས་དྲ་འཕྲིན་གཞུང་ལས་ཁང་། སྤེན་སྒྲོན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།