[ English ] [ 中文 ]
0891-6325020
  • “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ནང་དོན་མི་སེམས་སུ་ཟུག་པར་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   པ་སངས་དབང་མོ།    |    སྤེལ་དུས།   2019-02-20

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་དོན་ནི་མི་རིགས་ཁག་གི་མང་ཚོགས་ཚོས་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་བྱས་ཏེ་དཀའ་སྤྱད་ཀྱི་ལག་ཟུང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུར་ཁྲིད་སྟོན་བྱ་ཆེད་རེད། སྨྱུག་འཛིན་པས་གཤམ་གསལ་གྱི་དོན་གནད་ཁག་གསུམ་ཡག་པོ་བསྒྲུབས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ནང་དོན་མི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    གཅིག་ནས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དོན་སྙིང་གལ་ཆེན་ཤེས་རྟོགས་གང་ལེགས་བྱེད་དགོས་ཤིང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི”ནི་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་བསམ་བློ་དང་ལྟ་བ་གནད་སྨིན་གྱི་སྒོ་ནས་མང་ཚོགས་ཀྱི་བསམ་བློའི་སློབ་གསོ་འདི་ཉིད་སྤྱི་ཡོངས་ལས་དོན་གྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཡོད་པས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་དེ་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་གཉིས”དང“སྨྲ་བ་གཉིས”ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་རྗེས་སུ་འབྲང་བ། མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་ལ་འཛིན་པའི་མོས་སེམས་དང་། ཀྲུང་ཧྭ་མི་རིགས་ལ་འཛིན་པའི་མོས་སེམས། ཀྲུང་ཧྭ་རིག་གནས་ལ་འཛིན་པའི་མོས་སེམས། ཀྲུང་གོ་གུང་ཁྲན་ཏང་ལ་འཛིན་པའི་མོས་སེམས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་འཛིན་པའི་མོས་སེམས་བཅས་སྔར་བས་ཆེ་རུ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

    གཉིས་ནས། “སྒྲོག་འགྲེལ་ཆེ་མོའི”རྣམ་པ་ཞིག་བཏོད་དེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་འཚོ་བའི་རྣམ་པ་དང་སྤྲོ་སྣང་ལྡན་པར་བྱས་ནས་གཞི་རིམ་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་དགོས་ཤིང་། འགོ་ཁྲིད་ལས་བྱེད་པ་དང་། ཞིང་འབྲོག་མང་ཚོགས། དགོན་སྡེའི་གྲྭ་བཙུན། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི། ཏང་ཡོན་རྒན་གྲས། དམངས་བཙུགས་སློབ་གྲྭའི་དགེ་རྒན། ཕྱུག་འགྱུར་འཇོན་ཐང་ཅན། གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོ་བཅས་སྒྲོག་འགྲེལ་པར་གསོ་སྐྱོང་བྱས་ཏེ་ལས་བྱེད་པས“སྣེ་འཁྲིད་དེ་སྒྲོག་འགྲེལ”དང་། སྨྱན་སྦྱོར་གསར་པས“སྐད་འཕྲིན་གྱི་སྒྲོག་འགྲེལ” ཤེས་བྱའི་དྲི་བ་དྲིས་ལན་གྱི“མཉམ་འགུལ་སྒྲོག་འགྲེལ” “གཡུལ་སའི་རྣམ་པ” “ཚལ་ཐོའི་རྣམ་པ”སོགས་ཀྱི་སྒྲོག་འགྲེལ་བྱ་ཐབས་སྣ་མང་བརྒྱུད་དབུལ་སྒྲོལ་འགག་སྒྲོལ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། གྲོང་གསེབ་དར་རྒྱས། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་གཏོང་སོགས་མང་ཚོགས་དང་འབྲེལ་བ་ཆེན་པོ་ཡོད་པའི་ནང་དོན་སྒྲོག་འགྲེལ་བྱེད་པ་དང་། གྲོང་གསེབ་དང་། སྡེ་ཁུལ། སློབ་གྲྭ སློབ་ཁང་། ཁྱིམ་ཚང་། ཁེ་ལས། དགོན་སྡེ། གྲྭ་ཤག་བཅས་སུ་སྒྲོག་འགྲེལ་བྱས་ཏེ་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས།

    གསུམ་ནས། ཕུན་སུམ་ཚོགས་ལ་ངོ་མཚར་ཆེ་བའི་ལག་ལེན་བྱེད་སྒོ་སྤེལ་ཏེ་མང་ཚོགས་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་མང་ཚོགས་ཚོ་ཞུགས་བདེ་བ་དང་ཞུགས་འདོད་པའི་ལས་སྟེགས་མང་དུ་གཏོང་དགོས་ཤིང་། སྒྲོག་འགྲེལ་བྱ་ཐབས་གསར་གཏོད་བྱེད་པ་དང་ལག་ལེན་བྱེད་སྒོར་ཕན་འབྲས་དངོས་ཐོན་པ་བྱས་ཏེ་དཔེ་མཚོན་དྲངས་ནས་ཉེ་འགྲམ་གྱི་བྱ་བའི་ཐོག་ནས་ཉེ་འགྲམ་གྱི་མིར་སློབ་གསོ་བཏང་སྟེ་གཞི་རིམ་གྱི་སྒྲོག་འགྲེལ་མི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།