[ English ] [ 中文 ]
0891-6325020
  • ཀུན་སྤྱོད་བཟང་པོས་མི་སྣ་སྐྱོང་བར་འབད། ཀུན་སྤྱོད་སློབ་གསོ་སྔོན་དུ་ལག་བསྟར་བྱེད།

    —— པ་སྣམ་རྫོང་སློབ་འབྲིང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-07-29

    སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་ཀྱིས་དགེ་སློབ་ཚོས་ཉན་ཐུབ་པ་དང་། ངེས་ཐུབ་པ། གོ་ཆོད་པ་བཅས་བྱས་པ།

    རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་སྤྱིས་ཙུའུ་ཀྲང་དང་ཁག་བགོས་དོ་དམ་གྱི་སློབ་སྤྱི་གཞོན་པས་ཙུའུ་ཀྲང་གཞོན་པ་བྱེད་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། གཞུང་ལས་ཁང་གི་ལས་དོན་མི་སྣས་ཚོགས་ཆུང་གི་ཁོངས་མི་བྱས་ཡོད། འགོ་ཁྲིད་ཚོགས་ཆུང་གིས་ད་དུང་དོན་དངོས་དང་ཟུང་འབྲེལ་གྱིས《པ་སྣམ་རྫོང་སློབ་འབྲིང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་ལག་བསྟར་ཇུས་གཞི》ཞིབ་འཇུག་ནན་ཏན་བྱས་ནས་བཟོས་ཤིང་། ལས་འགན་གསལ་བཟོ་དང་། ལས་བགོས་ཞིབ་བཟོ། འགན་འཁྲི་དོན་འཁྱོལ་བཅས་སྔར་བས་བྱས་ནས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སློབ་གསོར་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་ཐུབ་པར་བྱ་ཆེད། སློབ་སྤྱི་གཞོན་པས་སློབ་ཚན་མི་འཁྲིད་པར་གཅིག་སྡུད་སྒྲོག་འགྲེལ་དང་འཛིན་གྲྭ་རེ་ཟུང་ལ་སྒྲོག་འགྲེལ་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་ནས་བརྗོད་དོན་གཙོ་བོའི་འཛིན་གྲྭའི་ཚོགས་འདུ་འཚོགས་རིང་ཆེད་མངགས“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་བྱས་ཡོད།

    “‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་ཧ་ཅང་གལ་ཆེན་ཡིན་ལ། དགེ་རྒན་གྱི་སློབ་ཁྲིད་ལས་དོན་ལ་དེ་མཚུངས་སུ་སྣང་ཆུང་བྱེད་མི་རུང་། གཉིས་ཀ་འཐུས་ཤོར་མི་ཡོང་བ་བྱ་ཆེད་ང་ཚོས་ཏང་འཛུཌ་སྐྱོང་གི་ལས་དོན་དང་ལོ་རྒྱུས་ཀྱི་ལས་དོན་དེ‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’ནང་ཁྱབ་པར་བྱས་པ་ཡིན”ཞེས་པ་སྣམ་རྫོང་སློབ་འབྲིང་གི་དགེ་རྒན་ལི་ལུང་ཝུའུ་ཡིས་ངོ་སྤྲོད་བྱས་པ་རེད།

    སློབ་མའི་བརྩོན་སེམས་སྐུལ་སློང་གང་ལེགས་བྱ་ཆེད། པ་སྣམ་རྫོང་སློབ་འབྲིང་གིས་ད་དུང་སློབ་གྲྭ་གཙང་འཕྱག་དང་། ཤིང་འཛུགས། ཤིང་ལ་ཆུ་འདྲེན་པ། མེ་ཏོག་དང་རྩྭ་འདེབས་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་མཛེས་པའི་སློབ་གྲྭ་བསྐྲུན་ཆེད་སློབ་གྲོགས་སོ་སོས་ནུས་པ་བཏོན་ནས་སློབ་ཕྲུག་ཚོའི་བདག་པོའི་འདུ་ཤེས་ཟབ་ཏུ་བཏང་ཡོད། མིག་སྔའི་བར་སློབ་གྲྭས་ཁྱོན་ལག་ལེན་བྱེད་སྒོ་ཐེངས་15སྤེལ་བའི་ནང་དགེ་སློབ་མི་ཐེངས་20000ལྷག་ཞུགས་པ་རེད།

    བྱེད་སྒོ་མི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ནས་བསམ་བློའི་འདུ་ཤེས་དང་སྤྱོད་ལམ་གྱི་གོམས་སྲོལ་ལེགས་པའི་ཕྱོགས་སུ་འགྱུར་ཐབས་བྱས་པ།

    རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་གོང་རིམ་སྡེ་ཚན་གྱི་ཡང་དག་པའི་མཛུབ་ཁྲིད་འོག་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད། པ་སྣམ་རྫོང་སློབ་འབྲིང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    རྣམ་རྒྱལ་ནི་པ་སྣམ་སློབ་འབྲིང་གི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཞིག་ཡིན་ཞིང་། ང་ཚོས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྐོར་འདྲི་སྐབས། རྣམ་རྒྱལ་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྐོར་གྱི་གླུ་ཞིག་བླངས། “ང་ཚོའི་སློབ་གྲྭས་དུས་བཀག་ལྟར་ཚང་མ་སྒྲིག་འཛུགས་བྱས་ནས‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’ནང་དོན་སློབ་སྦྱོང་བྱེད་པ་མ་ཟད། སློབ་གྲྭས་ད་དུང་བྱེད་སྒོ་འགའ་ཞིག་སྒྲིག་འཛུགས་ཀྱང་བྱེད་ཀྱི་ཡོད། མ་གཞི་ང་ཚོ་ཞུགས་མྱོང་མེད། འོན་ཀྱང་ང་ཚོ་ཚང་མས་བྱེད་སྒོ་དེ་དག་གི་དོན་སྙིང་གསལ་པོར་ཤེས་ཀྱི་ཡོད”ཅེས་རྣམ་རྒྱལ་གྱིས་བརྗོད།

    “སྔོན་ཆད་སློབ་གྲྭའི་དགེ་རྒན་ཚོས་སློབ་ཁྲིད་ཀྱི་ལས་འགན་ལྕི་པོ་ཡིན་པར་བསམ་བློ་བཏང་སྟེ། སོ་སོའི་སློབ་ཁྲིད་ཀྱི་ལས་འགན་ལེགས་འགྲུབ་བྱུང་ན་འགྲིག་སྙམ་གྱི་ཡོད། ‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་བརྒྱུད། དགེ་རྒན་ཚོའི་སློབ་ཁྲིད་སྤུས་ཚད་མཐོ་རུ་དང་། སློབ་ཁྲིད་བྱེད་སེམས་ཆེ་རུ། སློབ་ཁྲིད་ཀྱི་སྤྱོད་ཚུལ་ལེགས་སུ་བཅས་ཕྱིན་ཡོད། ད་ཆ་དགེ་རྒན་ཚོའི་གོང་བུ་འགྲིལ་ཤུགས་དང་ལས་ཀ་བྱེད་སེམས་སྔར་བས་ཆེ་རུ་སོང་བ་མ་ཟད། ལས་བཀུར་བྱེད་སེམས་ཆེ་རུ་སོང་ནས་སློབ་ཚན་སློབ་ཁྲིད་ཀྱི་ཕན་འབྲས་ཀྱང་ཇེ་ཆེར་སོང་ཡོད”ཅེས་ལི་ལུང་ཝུའུ་ཡིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་སྤེལ་བས་དགེ་རྒན་ཚོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། “ཨ་ཅང་ཅང་། སློབ་མ་ཚོར་ཡང་ཕན་པ་ཆེན་པོ་ཐོབ་ནས་ཁོང་ཚོའི་སློབ་སྦྱོང་བྱེད་སེམས་དང་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་སོང་ཡོད། གང་ལགས་ཤེ་ན། ཁོང་ཚོས་སློབ་སྦྱོང་ཡག་པོ་བྱས་ན་གཞི་ནས་མདུན་ལམ་ལྡན་པ་ཤེས་པས་རེད”ཅེས་ངོ་སྤྲོད་བྱས།

    དགེ་རྒན་ཚོའི་དཀའ་སྤྱད་འབད་བརྩོན་ལས་སློབ་མ་ཚོས་ཏང་གི་བཀའ་དྲིན་དང་མེས་རྒྱལ་ལ་དགའ་ཞེན་བྱེད་དགོས་ལུགས་སྔར་བས་གསལ་པོར་ཤེས་པ་མ་ཟད། ཁོང་ཚོའི་བསམ་བློའི་ལྟ་བ་དང་། བྱ་སྤྱོད་ཀྱི་གོམས་གཤིས་ཀྱང་ཧུར་བརྩོན་འབད་འཐབ་ཀྱི་ཕྱོགས་སུ་འགྱུར་ལྡོག་ཕྱིན་ཡོད།

    ཀུན་སྤྱོད་ལ་བརྟེན་ནས་མི་སྣ་བསྐྱངས་ཏེ་དྲང་ཕྱོགས་ཀྱི་སློབ་གསོར་བརྟེན་ནས་སྣེ་ཁྲིད་དང་། སློབ་གསོ། སྐུལ་ལྕག་བཅས་བྱས་པ།

    པ་སྣམ་སློབ་འབྲིང་གི་དགེ་རྒན་ཚོས་སློབ་གསོར་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ་དང་སློབ་མར་གཅེས་སྐྱོང་བྱེད་པ་མ་ཟད། ཁོང་ཚོས་སློབ་མ་ཚོ་རང་ཉིད་ཀྱི་ཕྲུ་གུར་བརྩིས་ནས་དགའ་གཅེས་བྱས་ཏེ། དུས་བཀག་ལྟར་སློབ་མ་སྒྲིག་འཛུགས་ཀྱིས་སྐྲ་བཞར་བ་དང་སློབ་མ་དང་མཉམ་དུ་གཙང་སྦྲ་བྱེད་ཀྱི་ཡོད། སློབ་སྤྱིས་ཀྱང་རྟག་ཏུ་སློབ་མའི་ཉལ་ཁང་དུ་བསྐྱོད་ནས་སློབ་མ་ཚོ་དང་སྙིང་གཏམ་ཤོད་རེས་བྱས་པས། སློབ་ཚན་ཁྲིད་སྐབས་དོ་ནན་པ་ཆེ་བ་དང་བསམ་བློའི་ཐད་སློབ་མ་ཚོ་དང་གྲོགས་པོ་སྒྲིག་ཐུབ་པ་བྱུང་ཡོད།

    བདེ་ཆེན་ཆོས་སྒྲོན་ནི་ལོ་རིམ་དགུ་པའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཞིག་ཡིན་ཞིང་། གཞིས་རྩེ་གྲོང་ཁྱེར་གྱིས་འཚོགས་པའི་གཏམ་བཤད་འགྲན་བསྡུར་ཁྲོད་བདེ་ཆེན་ཆོས་སྒྲོན་སྦྱངས་འབྲས་ཕུལ་བྱུང་ཡིན་སྟབས་འཛིན་གྲྭའི་འཐུས་མིར་བདམས་ཐོན་བྱུང་སྟེ་གཏམ་བཤད་འགྲན་བསྡུར་ལ་ཞུགས་ཡོད། ཁོ་མོ་དང་འཛིན་གྲྭ་གཅིག་པ་ཡིན་པའི་ནག་ཆུང་མིང་གྲངས་ཚད་ཡོད་ཡིན་སྟབས་དེའི་ནང་ཚུད་མེད། འོན་ཀྱང་ནག་ཆུང་གིས་གོ་སྐབས་དེ་བློས་གཏོང་མ་བྱས་པར་རང་འགུལ་ངང་འགྲན་བསྡུར་རུ་ཁག་དང་མཉམ་དུ་གཏམ་བཤད་འགྲན་བསྡུར་ནང་ཞུགས་རྒྱུའི་རེ་ཞུ་བྱས། མཐར་བདེ་ཆེན་ཆོས་སྒྲོན་དང་ནག་ཆུང་གིས་འགྲན་བསྡུར་ཁྲོད་ཨང་དང་པོ་དང་གཉིས་པའི་གྲུབ་འབྲས་བླངས། “ཁོང་ཚོའི་བྱེད་སྟངས་དེས་སློབ་མ་ཚོའི་མཉམ་སྡེབ་ཀྱི་གཟི་བརྗིད་བསམ་པ་ཇེ་ཆེར་སོང་ཡོད”ཅེས་ལི་ལུང་ཝུའུ་ཡིས་གདོང་ནས་འཛུམ་མདངས་འཕྱུར་ཞིང་སྤོབས་སེམས་ཆེན་པོའི་སྒོ་ནས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།