[ English ] [ 中文 ]
0891-6325020
  • ལྷུན་རྩེ་རྫོང་མ་གཞིས་གྲོང་ཚོས།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཕན་འབྲས་དམིཌ་སར་ཐོན་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-04-03

    འདི་ལོ་ཤར་ཚུན། ལྷུན་རྩེ་རྫོང་ཞོལ་གསར་ཤང་མ་གཞིས་གྲོང་ཚོས“གཙིགས་ཆེན་བཞི”དང“གཞན་སྒྱུར་བཞི”མཐའ་འཁྱོངས་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཕན་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་གྲོང་ཚོ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུཌ་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

    གྲོང་གསེབ་གཙང་མ་བཟོ་བའི་བྱ་ཐབས་དོན་འཁྱོལ་ལ་གཙིགས་ཆེན་བྱས་ནས་གྲོང་ཚོའི་བཀོད་པ་གཞན་སྒྱུར་ལ་སྐུལ་མ་བཏང་ཞིང་། གྲོང་ཚོ་དེས་གཟའ་པ་སངས་སླེབས་རིམ་བཞིན་མང་ཚོགས་སྒྲིག་འཛུགས་བྱས་ནས་ཁང་པའི་རྒྱབ་མདུན་དང་། ཆུ་ཡུར། གྲོང་ཚོའི་མ་ལམ་གྱི་འཕྲོད་བསྟེན་བཅས་ལ་བཅོས་སྒྲིག་ཆེན་པོ་བྱས་པ་དང་དུས་མཚུངས་དུས་བཀག་དང་དུས་ངེས་མེད་ལ་མང་ཚོགས་ཀྱི་ཁྱིམ་ཚང་གི་གཙང་སྦྲར་ཞིབ་བཤེར་བྱས་ནས་གཙང་སྦྲ་འཕྲོད་བསྟེན་ལེགས་པར་བྱ་དགའ་སྤྲོད་པ་དང་ཞན་པར་དུས་བཀག་བཅོས་སྒྲིག་བྱེད་དུ་འཇུག་གི་ཡོད། བྱེད་སྒོ་སྤེལ་ཚུན“བཙོག་ཟིང་ཞན”གསུམ་གྱི་སྣང་ཚུལ་དང་། གད་སྙིགས་གང་བྱུང་དུ་གཤོ་བ་དང་གང་བྱུང་དུ་དབྱུགས་པ་སོགས་ཀྱི་འཚོ་བའི་གོམས་གཤིས་ངན་པ་ལེགས་བཅོས་ནུས་ལྡན་ཐུབ་ཡོད། དྲིལ་བསྒྲགས་སློབ་གསོ་གཏོང་རྒྱུར་གཙིགས་ཆེན་བྱས་ནས་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་གཞན་སྒྱུར་ལ་སྐུལ་མ་བཏང་ཞིང་། གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་བྱ་རྒྱུ་གོ་སྐབས་སུ་བྱས་ནས“ཞིང་པའི་དེབ་ཁང”སོགས་ལ་བརྟེན་ཏེ། བོད་རྒྱ་སྐད་གཉིས་སྤྱད་ནས་ཞིང་འབྲོག་པའི་ཉེར་སྤྱོད་རྩལ་ནུས་དང་འདེབས་འཛུགས་གསོ་ཚགས་སོགས་ཀྱི་གསོ་སྦྱོང་བྱས་པ་དང་ཕྱོགས་མཚུངས་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་པ་རེད། སློབ་གསོ་ཁྲིད་སྟོན་ལ་གཙིགས་ཆེན་བྱས་ནས་ལུགས་རྙིང་སྲོལ་ངན་གཞན་སྒྱུར་བྱ་རྒྱུར་སྐུལ་མ་བཏང་ཞིང་། གཅིག་སྡུད་སྒྲོག་འགྲེལ་དང་། དུད་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ། ཞིང་ནང་དང་མུ་ཁར་སྒྲོག་འགྲེལ་སོགས་ཀྱི་བྱ་ཐབས་བརྒྱུད། ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་མིན་ཁ་གསལ་བརྗོད་ནས་མང་ཚོགས་རྣམས“སྣང་ཆེན་བཞི་དང་དགའ་ཞེན་བཞི”དོན་འཁྱོལ་བྱེད་མཁན་གྱི་སྤྱི་དམངས་བཟང་པོ་ཞིག་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།