[ English ] [ 中文 ]
0891-6325020
  • ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན། སྐད་འཕྲིན་སྒྲོག་འགྲེལ།3

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-22

    1.jpg

    རྒྱལ་གཅེས་ལས་བརྩོན་དང་ཡིད་རྟོན་མཛའ་གྲོགས་ཀྱི་སྤྱི་དམངས་ཀྱི་གཞི་རྩའི་ཀུན་སྤྱོད་ཚད་གཞིར་བརྩི་སྲུང་ནན་པོ་ཞུ་དགོས།

     ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་སྨན་དོན་མི་སྣས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ། སྤྱི་ཚོགས་ལས་རིགས་ཁག་གིས་དངུལ་དང་དངོས་ཟོག་ཞལ་འདེབས་རྒྱག་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལས་གནས་བརྟན་སྲུང་བཅས་བྱས་པས་སྒྲིག་འཛུགས་ནུས་པ་ཆེ་ལ་གོ་རིམ་ལྡན་ཞིང་། བྱེད་ཐབས་མྱུར་ལ་ནུས་ལྡན་བྱུང་སྟེ་རྒྱལ་ཡོངས་གོང་འོག་ཚང་མར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ནས། ང་ཚོས་འགོག་རྒོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་སེམས་ཤུགས་ཆེན་པོ་འཕེལ་བར་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་པ་ནི་དམག་འཐབ་ཆེན་པོ་ཞིག་ཡིན་ལ་ཚོད་བགམ་ཆེན་པོ་ཞིག་ཀྱང་ཡིན་པའི་ནན་བཤད་གནང་ཡོད། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་སྤྱི་ཚོགས་ཡོངས་དང་མི་སྒེར་གྱི་ཀུན་སྤྱོད་ལ་ཚོད་བགམ་བྱེད་པ་ཞིག་ཏུ་བརྩི་དགོས། རིམས་ནད་ཀྱི་ཚོད་བགམ་ནན་པོའི་མདུན་དུ། ང་ཚོས་སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་། མི་སྒེར་གྱི་ཀུན་སྤྱོད་བཅས་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བ། ཀུན་སྤྱོད་ཤེས་པ་དང་། སྤྱི་པའི་ཀུན་སྤྱོད་སྲུང་བ། སྒེར་གྱི་སྤྱོད་པ་ལེགས་སུ་གཏོང་བ། ལྷག་བསམ་རྣམ་དག་གིས་ལས་གནས་སྲུང་བ། རང་འདོར་གཞན་སྐྱོང་། མི་དམངས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། ཀུན་སྤྱོད་དཔེ་བཟང་དང་། ཉེ་འགྲམ་གྱི་མི་བཟང་། མི་སྣ་ཡག་ཤོས་བཅས་ཀྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་ཧུར་ཐག དུས་རབས་ཀྱི་རིན་ཐང་སྟོན་ཕྱོགས་ཁ་གསལ་འཛུགས་པ། སྤྱི་ཚོགས་ཀྱི་ཀུན་སྤྱོད་མཐོ་ཚད་མངོན་པ་བཅས་བྱས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་ཡོད་པ་དང་ཀུན་སྤྱོད་ཀྱི་སྤྱི་སེམས་ཡོད་པའི་འགོག་སྲུང་བ་ཞིག་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་བྱས་ཏེ། རང་རྟོགས་ངང་སྙིང་སྟོབས་ནང་སེམས་ལ་འཇགས་པ་དང་ཕྱི་བྱ་སྤྱོད་དུ་འཁྱོལ་བར་བྱེད་དགོས། མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི་གནས་ལུགས་ལ་ངོས་འཛིན་གཏིང་ཟབ་དང་། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། རང་རྟོགས་ངང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱས་ནས་མ་རུང་ཁོག་བཅངས་བྱེད་མཁན་གྱིས་ཆོས་ལུགས་ལ་ཁ་གཡར་ནས་སྨོན་ལམ་འདེབས་པ་སོགས་ཀྱི་ཆོས་ཕྱོགས་བྱེད་སྒོ་སྤེལ་བར་འགོག་ཟོན་བྱེད་དགོས།

    恪守爱国敬业诚信友善的公民基本道德规范

       党中央总揽全局、协调各方,各级党委和政府坚决贯彻落实,广大党员干部、医护人员奋战在防控疫情第一线,社会各界纷纷捐款捐物,各族干部群众坚守岗位,组织高效有序、措施迅速有力,全国上下汇聚起疫情防控的强大合力,为我们打赢这场阻击战注入了强大信心。习近平总书记强调,统筹做好疫情防控和经济社会发展,既是一次大战,也是一次大考。各族干部群众要把打赢疫情防控阻击战作为对全社会和每个人的道德考量。面对严峻的疫情考验,做到讲文明爱生活就是要求我们积极推进社会公德、职业道德、家庭美德、个人品德建设,在疫情防控中发扬“老西藏精神”“两路精神”,明大德、守公德、严私德,忠于职守、克己奉公、服务人民、服务社会,积极发挥道德模范、身边好人、最美人物的引领作用,树立鲜明时代价值取向,彰显社会道德高度,做有社会责任、有道德公心的防护者。要向疫情防控先进典型学习,内化为精神追求,外化为自觉行动。要深刻认识团结稳定是福、分裂动乱是祸的道理,自觉维护祖国统一、民族团结,自觉维护社会和谐稳定,重点防范别有用心之人假借宗教外衣掀起的祈福等活动。

    2.jpg

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།