[ English ] [ 中文 ]
0891-6325020
  • མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-13

    རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་གཞོན་ནུ་ལོ་ཆུང་སློབ་ཕྲུག དེ་བཞིན་དགོན་པའི་གྲྭ་བཙུན་རྣམས་ནས་མཐུན་སྒྲིལ་ལ་སྣང་ཆེན་དང་མེས་རྒྱལ་ལ་དགའ་ཞེན་བྱེད་པར་རྒྱལ་ཁབ་ལ་དགའ་ཞེན་དང་ཏང་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱ་རྒྱུ་གཅིག་གྱུར་ཡོང་བ་བྱས་ཐོག་རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་དམ་པོར་འབྲངས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་ཆེན་པོས་རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད་པའི་བསམ་པ་བརྟན་པོར་འཛུགས་རྒྱུ་དང་མི་རིགས་ཁག་གི་མི་དམངས་དབུགས་ལམ་གཅིག་གྱུར་དང་། ལས་དབང་གཅིག་སྦྲེལ། གཅིག་སེམས་གཅིག་སྦྲེལ་བཅས་ཀྱིས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་འདུ་ཤེས་བརྟན་པོར་འཛུགས་དགོས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེ་བཏང་སྟེ་ཀྲུང་ཧྭ་རིག་གནས་ཀྱི་མོས་སེམས་དང་གཏོགས་སེམས་ཆེ་རུ་དང་ཀྲུང་ཧྭ་མི་རིགས་ཀྱི་རང་བཀུར་བསམ་པ་དང་གདེང་ཚོད་བསམ་པ། སྤོབས་སེམས་བཅས་ཆེ་རུ་བཏང་ཐོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཟི་བརྗིད་ལྡན་པའི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་ནས། བོད་ལྗོངས་འདི་ཉིད་གནའ་སྔ་མོ་ནས་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དོན་དངོས་ལ་ངོས་འཛིན་གསལ་པོ་ཐུབ་པ་བྱེད་དགོས་པ་མ་ཟད། བློ་རྩ་བརྟན་པོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་གཏོར་བཤིག་བྱ་སྤྱོད་དང་འཐབ་རྩོད་བྱས་ཏེ་རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ཕྱེ་ནས་དཀྲོག་གཏམ་ལ་ཉན་འཇོག་དང་ཡིད་ཆེས་མི་བྱེད་པའི་ཁར་མགོ་སྐོར་འོག་མི་ཚུད་པ་དང་ཁྲིམས་འགལ་གྱི་སྒྲིག་འཛུགས་ནང་མི་ཞུགས་པ།

    (མུ་མཐུད་འགོད་རྒྱུ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།