ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཀོད་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན། སྤྱི་ཚོགས་རིང་ལུགས་ཀྱི་སྒྱུར་བཅོས་བཅས་བྱས་པས། དབུལ་ཕོངས་རྗེས་ལུས་ཀྱི་ཀྲུང་གོ་རྙིང་པ་དེ་ཉིན་རེ་བཞིན་མངའ་ཐང་སྟོབས་འབྱོར་རྒྱས་པའི་ཀྲུང་གོ་གསར་པ་ཞིག་ཏུ་གྱུར་བས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ཐད་སྔར་བྱུང་མྱོང་མེད་པའི་འོད་སྟོང་འབར་བའི་མདུན་ལམ་བྱུང་ཡོད། ལོ་རྒྱུས་ཀྱི་བརྒྱུད་རིམ་དེའི་ཁྲོད་ཏང་དང་རྒྱལ་ཁབ་དང་སྤྱི་ཚོགས་རིང་ལུགས་ཕན་ཚུན་ཟུང་འབྲེལ་དམ་ཟབ་བྱས་པས་ལས་དབང་གཅིག་མཐུན་གྱི་ཚོགས་པ་ཞིག་གྲུབ་པ་མ་ཟད། དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་ཁྲོད་གཅིག་སྡུད་ཐོག་མངོན་ཡོད།
མཐུན་སྒྲིལ་བྱས་ན་སྟོབས་ཤུགས་ཡོད་པ་དང་། མཐུན་སྒྲིལ་བྱས་ན་རེ་བ་ཡོད་པ། མཐུན་སྒྲིལ་བྱས་ན་ཡར་རྒྱས་ཡོང་། འདི་ནི་ནང་བཀྲ་ཤིས་ན་ཕྱི་དོན་འགྲུབ་ཅེས་པ་ལྟར་རེད། མཐུན་སྒྲིལ་ནི་ང་ཚོའི་བྱ་གཞག་འཕེལ་རྒྱས་འགྲོ་བའི་གཞི་རྩའི་འགན་སྲུང་ཡིན་ལ་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཆེ་ཤོས་ཤིག་ཀྱང་ཡིན།
(མུ་མཐུད་འགོད་རྒྱུ)