[ English ] [ 中文 ]
0891-6325020
  • མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-10

    ལེའུ་གསུམ་པ། དུས་ནམ་ཡང་མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་མཁན་སྤྱི་དམངས་ཡག་པོ་ཞིག་བྱེད་དགོས།

    རྒྱལ་གཅེས་ནི་སྤྱི་དམངས་ཤིག་གིས་མེས་རྒྱལ་ལ་བཅངས་པའི་བབ་ཆགས་ཤིང་ལྷད་མེད་ཀྱི་བརྩེ་སེམས་ཤིག་ཡིན་ལ་མིའི་རིགས་ཀྱི་གནའ་སྔ་མོ་ནས་ཡོད་པའི་ཐུན་མོང་གི་བསམ་ཚུལ་དང་ཆབ་སྲིད་ཀྱི་བརྩེ་བ་ངོ་མ་དེ་ཡིན། ཀྲུང་ཧྭ་མི་རིགས་ལ་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་ཡོད་ཅིང་། གནའ་སྔ་མོ་ནས་རྒྱལ་ཁབ་ཆེད་དུ་རང་སྲོག་བློས་གཏོང་བྱེད་པ་ནི་གཟི་བརྗིད་དང་རྒྱལ་འཚོང་ཁེ་གྲགས་དོན་གཉེར་བྱེད་པ་ནི་ངོ་ཚ་ཡིན་པ་མ་ཟད་དུས་ནམ་ཡང་ཀྲུང་ཧྭ་མི་རིགས་ཀྱིས་དམ་སྲུང་བྱེད་པའི་ཀུན་སྤྱོད་ཀྱི་ཚད་གཞི་ཡིན་ལ་ཀྲུང་ཧྭ་མི་རིགས་ཀྱི་ཆེས་གཏིང་ཟབ་པའི་རིག་གནས་ཀྱི་གཞི་རྒྱུ་ཞིག་ཀྱང་ཡིན།

    རྒྱལ་ཁབ་ལ་དགའ་ཞེན་དང་ཏང་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་གཅིག་གྱུར་ཡོང་བ་བྱེད་རྒྱུ་ནི་དེང་རབས་རྒྱལ་གཅེས་རིང་ལུགས་ཀྱི་ངོ་བོའི་མཚོན་ཚུལ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མེས་རྒྱལ་གྱི་ལས་དབང་དང་ཏང་གི་ལས་དབང་། སྤྱི་ཚོགས་རིང་ལུགས་ཀྱི་ལས་དབང་བཅས་ནི་ཕན་ཚུན་ཁ་བྲལ་ཐབས་མེད་པ་ཞིག་ཡིན། རྒྱལ་ཁབ་ལ་དགའ་ཞེན་དང་ཏང་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་གཅིག་གྱུར་ཐུབ་ཚེ་རྒྱལ་གཅེས་རིང་ལུགས་གསོན་ཉམས་ལྡན་པ་དང་བདེན་ཐུབ་ཡོང་རྒྱུ་ཡིན་པ་དེ་ནི་དེང་རབས་ཀྲུང་གོའི་རྒྱལ་གཅེས་རིང་ལུགས་སྙིང་སྟོབས་ཀྱི་མཚོན་ཚུལ་གལ་ཆེ་ཤོས་ཤིག་ཡིན”ཞེས་དམིགས་བཀར་མཛུབ་སྟོན་གནང་ཡོད། རྒྱལ་ཁབ་ལ་དགའ་ཞེན་དང་ཏང་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་གཅིག་གྱུར་ཡོང་བ་བྱེད་པ་ནི་ལོ་རྒྱུས་ལས་གྲུབ་པ་ཞིག་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་རྗེས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་གཅིག་རྗེས་གཉིས་མཐུད་དང་ཞུམ་མེད་འབད་འཐབ་བྱས་པས་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་པ་དང་མི་དམངས་རང་ཁྱིམ་རང་བདག་གི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ཆེད་རྨང་གཞི་བརྟན་པོ་བཏིངས་ཡོད། (མུ་མཐུད་འགོད་རྒྱུ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།