4. ཀྲུང་ཧྭ་ཡི་རིག་གནས་ནི་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་ཡི་རིག་གནས་ནི་མི་རིགས་ཁག་གི་རིག་གནས་ཀྱི་འདུས་གྲུབ་ཆེན་པོ་ཞིག་ཡིན་པ་དང་མི་རིགས་ཁག་ཚང་མས་ཀྲུང་ཧྭ་ཡི་རིག་གནས་གྲུབ་ཆ་དང་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་ཕུལ་ཡོད། མི་རིགས་ཁག་གིས་ཕན་ཚུན་ཡིད་སྨོན་དང་ཕན་ཚུན་སློབ་སྦྱོང་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ནི་རྒྱལ་ཁབ་གཅིག་གྱུར་གྱི་གཞི་རྩ་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་བཅས་ཡིན”ཞེས་དམིགས་སུ་བཀར་ནས་མཛུབ་སྟོན་གནང་ཡོད།
མི་རིགས་ཁག་ཚང་མས་ཀྲུང་ཧྭ་རིག་གནས་གྲུབ་ཆ་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད། ཡུན་རིང་གི་ལོ་རྒྱུས་འཕེལ་རྒྱས་བརྒྱུད་རིམ་ནང་། ཀྲུང་ཧྭ་མི་རིགས་ཀྱི་སྣེ་མང་གཞི་གཅིག་གི་གྲུབ་ཚུལ་དེས་མི་རིགས་ཁག་གི་རིག་གནས་གཅིག་ཏུ་བསྡུས་པའི་ཀྲུང་ཧྭ་ཡི་རིག་གནས་སྐྱེད་སྲིང་བྱས་ཡོད། ཀྲུང་ཧྭ་ཡི་རིག་གནས་བང་མཛོད་ནང་གྲངས་ཉུང་མི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་མཚོན་པའི་བརྩམས་ཆོས་འབོར་ཆེན་ཡོད་ལ་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོས་གསར་རྩོམ་བྱས་པའི་བརྩམས་ཆོས་ཀྱང་འབོར་ཆེན་ཡོད། བོད་རིགས་ཀྱི《གླིང་རྗེ་གེ་སར》དང་། སོག་རིགས་ཀྱི《ཅང་ཀེར》 ཁེར་ཁེ་ཙེ་རིགས་ཀྱི་《མ་ན་སི》བཅས་གསུམ་ལ་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི“དཔའ་བོའི་ལོ་རྒྱུས་སྙན་ངག་ཆེན་པོ་གསུམ”ཞེས་འབོད་ཀྱི་ཡོད། 《མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་མིང་གཞུང》ནང་ཚུད་པའི་ཀྲུང་གོའི་རྣམ་གྲངས་ནང་གྲངས་ཉུང་མི་རིགས་ཀྱི་རྣམ་གྲངས་ཀྱིས་གསུམ་ཆ་གཅིག་ཟིན་པ་དེ་ཐོག་ནས་མི་རིགས་ཁག་ཚང་མས་ཀྲུང་ཧྭ་ཡི་རིག་གནས་གྲུབ་ཆ་དང་འཕེལ་རྒྱས་འགྲོ་བའི་ཐད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལེགས་སྐྱེས་ཕུལ་ཡོད་པ་གསལ་བཤད་གང་ལེགས་ཐུབ་ཡོད།
བོད་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭ་ཡི་རིག་གནས་བང་མཛོད་ནང་གི་འོད་སྟོང་འཕྲོ་བའི་མུ་ཏིག་ལྟ་བུ་ཞིག་ཡིན།
(མུ་མཐུད་འགོད་རྒྱུ)