[ English ] [ 中文 ]
0891-6325020
  • མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-22

    གཞན་ལས་ལྷག་པའི་ལེགས་སྐྱེས་འབུལ་ཐུབ་པ་ཞེས་པ་ནི་བོད་སྡོད་དཔུང་སྡེ་དང་བོད་སྐྱོད་ལས་བྱེད་ལས་བཟོ་ཚོས་ཡུན་རིང་བོད་སྐྲུན་དང་མཐའ་མཚམས་ཁྱིམ་དུ་བརྩིས་ཏེ་ལང་ཚོ་ལེགས་སྐྱེས་སུ་ཕུལ་བ་དང་། ཚེ་གང་ལེགས་སྐྱེས་ཕུལ་བ། བུ་ཕྲུག་ལེགས་སྐྱེས་སུ་ཕུལ་བ་བཅས་ཀྱི་ཐོག་ནས་རང་དོར་གཞན་གཅེས་དང་ལེགས་སྐྱེས་འབུལ་སེམས་ཆེ་བའི་གསར་བརྗེའི་སྙིང་སྟོབས་ཤིག་ཡིན། “ལམ་གཉིས་ཀྱི་སྙིང་སྟོབས”ཞེས་པ་ནི་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པ། དེ་བཞིན་དཀའ་ངལ་དང་ཉེན་ཁར་མི་སྐྲག་པའི་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་ཤིག་དང་། ཕུགས་བསམ་དད་སེམས་བརྟན་པོ་བཅངས་པ་ཞིག ཞུམ་མེད་འབད་འཐབ་དང་ལམ་རྡོ་བྱེད་ཕོད་པ་དང་ཞུམ་མེད་མདུན་སྐྱོད་ཀྱི་ཡར་བརྩོན་འདུ་ཤེས་དང་འགན་ཁུར་སྙིང་སྟོབས་ཤིག དཀའ་སྡུག་མྱོང་ཕོད་པ་དང་ལེགས་སྐྱེས་འབུལ་སེམས་ཆེ་བའི་བླ་ན་མེད་པའི་བསམ་པ་ཞིག མི་རིགས་མཐུན་སྒྲིལ་དང་དམག་སྲིད་དམག་དམངས་མཐུན་སྒྲིལ། ཤ་ཁྲག་མཉམ་འདྲེས་དང་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་ཞིག་བཅས་ཡིན། བསམ་བློ་དང་སྙིང་སྟོབས་དེ་ཚོ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་སེམས་ནང་བརྟན་པོར་གནས་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཆེའི་བསམ་པའི་སྒུལ་ཤུགས་ཤིག་ཏུ་གྱུར་ཡོད།

    མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་ལྟ་བུ་རེད།

    (མུ་མཐུད་འགོད་རྒྱུ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།