[ English ] [ 中文 ]
0891-6325020
  • “ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན”བྱེད་པའི་སྤྱི་དམངས་ཡག་པོ་ཞིག་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ཝང་ཅེས།    |    སྤེལ་དུས།   2017-10-03

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འབྱུང་འགྱུར་ལ་ཕྱོགས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པར་དངོས་སྒྲུབ་ལ་བརྟེན་པ་དང་། དེང་རབས་ཅན་སྤྱིར་ན་མངོན་འགྱུར་བྱེད་པར་དངོས་སྒྲུབ་ལ་བརྟེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་དངོས་སྒྲུབ་ལ་བརྟེན་པ་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་ནི་མི་རིགས་ཁག་གི་མང་ཚོགས་ཚོས་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་ལ་སློབ་གསོ་ཁྲིད་སྟོན་བྱས་ཏེ་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་པ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གཏོད་དེ་ནམ་ཡང“ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན”ཡོད་པའི་སྤྱི་དམངས་བཟང་པོ་ཞིག་བྱས་ནས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་དུ་བསྐྱོད་རིང་བོད་ཀྱི་ངོ་མཚར་གཏམ་རྒྱུད་དེ་བས་མང་བ་གཏོད་དགོས་པ་དེ་རེད།

    དུས་ཡུན་རིང་པོའི་ནང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཏང་གི་འགོ་ཁྲིད་དང་རང་བྱུང་ཁོར་ཡུག་ཧ་ཅང་ཞན་པའི་འོག་ཞུམ་མེད་སྙིང་སྟོབས་དང་འབད་འཐབ་སྙིང་སྟོབས་ལ་བརྟེན་ནས་ཐོན་སྐྱེད་འཕེལ་རྒྱས་དང་འཛུགས་སྐྲུན་ལ་ཞུགས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་སྐྲུན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    “ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན”ནི་རང་ཁ་རང་གསོ་བྱེད་པ་ལས་སྒུག་བརྟེན་མི་བྱེད་པ་དེ་རེད། ངལ་རྩོལ་ནི་གཟི་བརྗིད་ལྡན་པ་ཞིག་དང་ལས་བརྩོན་བྱས་ཚེ་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཐུབ། དེར་བརྟེན་ངེས་པར་དུ་ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་དང་། མཆོག་ཏུ་གྱུར་ཤོས། རླབས་ཆེ་ཤོས། མཛེས་སྡུག་ལྡན་ཤོས་བཅས་ཡིན་པའི་ལྟ་བ་བཅངས་ནས་དཀའ་སྡུག་ལ་མི་སྐྲག་པ་དང་ངལ་བར་མི་འཛེམས་པར་མདུན་སྐྱོད་དང་ལས་སྒྲུབ་ཕོད་པའི་སྙིང་སྟོབས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས། ཕུགས་བསམ་དད་སེམས་བརྟན་དུ་བཏང་ནས་ལས་སླ་པོར་བྱུང་བ་མ་ཡིན་པའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ལ་གཅེས་སྤྲས་ཀྱིས་སློབ་སྦྱོང་ལ་སྦྱངས་བརྩོན་དང་། དཀའ་སྤྱད་བརྩོན་ཞིབ། འཇོན་ཐང་ཆེར་གཏོང་། ལག་ལེན་ཧུར་ཐག་བཅས་བྱས་ཏེ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་རིང་ཤེས་བྱ་གསོག་འཇོག་དང་། གསར་གཏོད་ལག་ལེན་བསྟར་རིང་འཇོན་ཐང་ཆེར་གཏོང་། འབད་འཐབ་བྱེད་རིང་མི་ཚེའི་རིན་ཐང་མངོན་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་བྱ་གཞག་གི་གོ་ཆོད་ཤེས་ལྡན་མི་སྣར་དངོས་སུ་འགྱུར་བར་བྱེད་དགོས།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བར་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ཚོས་རང་རྟོགས་ངང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ནང་ཞུགས་ཏེ་སྤྲོ་སེམས་དང་ཧུར་སེམས་འཕེལ་བར་བྱེད་དགོས། དེང་སྐབས་ང་ཚོས་དོན་དངོས་གལ་ཆེན་ཡིན་པའི་བོད་ཀྱི་ལྗོངས་བབ་ལ་གཞི་ཚུགས་ནས་ཀྲུང་དབྱང་གི་ཐུགས་ཁུར་རམ་རྒྱལ་ཡོངས་ཀྱི་རོགས་སྐྱོར་མི་རིགས་ཁག་གི་མང་ཚོགས་ཀྱི་རང་ཁ་རང་གསོའམ་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་དང་། ཏང་གི་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་དང་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་པའི་ལས་བརྩོན་ཕྱུག་འགྱུར་དང་ཟུང་འབྲེལ་བྱས་ནས་ཐབས་ཇུས་དངོས་འདོན་པ་དང་། ཤུགས་དངོས་རྒྱག་པ། བྱ་བ་དངོས་སྒྲུབ་པ། ཉིན་མཚན་མེད་པར་དཀའ་སྤྱད་ལས་ལ་གཞོལ་བ། དངོས་ཡོད་ཕན་འབྲས་དང་། ལས་ཕྱོད། མྱུར་ཚད། སྤུས་ཚད་བཅས་ཀྱིས་གོམ་སྟབས་རེ་རེ་བཞིན་འཆར་གཞི་ལེགས་པར་འདིང་བ་དང་དཀའ་སྡུག་ལ་མི་སྐྲག་པ་དང་ངལ་བར་མི་འཛེམས་པར་མདུན་སྐྱོད་དང་ཚོད་ལྟ་བྱེད་ཕོད་པའི་སྙིང་སྟོབས་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།